རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དགོས་ངེས་ཀྱི་སྐབས་སུ་རྒྱལ་ཁབ་ཀྱིས་དམིགས་བསལ་གྱི་སྲིད་འཛིན་ས་ཁོངས་བཙུགས་ཆོག་སྟེ། དམིགས་བསལ་སྲིད་འཛིན་ས་ཁོངས་ནང་ལག་བསྟར་བྱེད་པའི་ལམ་ལུགས་དེ་དངོས་ཡོད་གནས་ཚུལ་ལྟར། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
一国两制
ཕྱི་ཡིག་གི་མིང་།
One country two systems
དུས་ཚོད།
ལོ་རབས80པའི་དུས་མགོར།
1 ངོ་སྤྲོད།།

ཐའེ་ཝན་གྱི་གནད་དོན་སྔ་མོར་ཐག་གཅོད་པ་དང་། མེས་རྒྱལ་གཅིག་གྱུར་གྱི་ལས་དོན་ཆེན་པོ་མངོན་འགྱུར་བྱེད་པའི་ཆེད་དུ། སྤྱི་ལོ1979ལོའི་ལུགས་གསར་ལོ་སར་དུ། རྒྱལ་ཡོངས་འཐུས་མིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐའེ་ཝན་སྤུན་ཟླ་ལ་བསྒྲགས་པའི་ཡི་གེ་སྤེལ་ནས། ཞི་བས་ཐབས་ཀྱིས་མེས་རྒྱལ་གཅིག་གྱུར་ཡོང་བས་བྱེད་ཕྱོགས་ཁྱབ་བསྒྲགས་བྱས་ཏེ། མཚོ་འགོག་ངོགས་གཉིས་སུ་ཐོག་མར་གྲུ་གཟིངས་དང་གནམ་གྲུ་ཤར་གཏོང་ཐུབ་པ་དང་། འཕྲིན་ཡིག་གཏོང་རེས་བྱེད་པ། ཚོང་འགྲུལ་བྱེད་པ། གཉེན་ཉེར་ལྟ་རུ་འགྲོ་བ་དང་ལྗོངས་རྒྱུ་བྱེད་པ་བཅས་མངོན་འགྱུར་བྱེད་དགོས་པའི་གྲོས་གཞི་བཏོན། ད་དུང་དུས་མཉམ་དུ། ཀྲུང་གོ་སྲིད་གཞུང་གིས་བཅིངས་འགྲོལ་དམག་ལ་ཅིན་མོན་སོགས་གླིང་ཕྲན་ལ་མེ་སྒྱོགས་འཕེན་མཚམས་འཇོག་པའི་བཀའ་ཕབ།

2 ནང་དོན།

སྤྱི་ལོ1981ལོའི་ཟླ9བར། རྒྱལ་ཡོངས་འཐུས་མིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཡེ་ཅིན་ཡང་གིས་ཐའེ་ཝན་ཕྱིར་མེས་རྒྱལ་དུ་ལོག་ནས། ཞི་བས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་པའི་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་ཞེས་པའི་གསུང་བཤད་སྤེལ་ནས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་གོ་མིན་ཏང་བར་འདྲ་མཉམ་གྱི་གྲོས་མོལ་སྤེལ་བ་དང་། གོ་གུང་མཉམ་ལས་ཐེངས་གསུམ་པ་བྱེད་རྒྱུའི་བཞེད་དགོངས་བཏོན། གསུང་བཤད་ལས་ཀྲུང་གོ་གུང་ཁྲན་ཏང་གིས་གོ་མིན་ཏང་སྲིད་འཛིན་ལས་ཁུངས་ལ་བཟུང་བའི་རྣམ་འགྱུར་ཞིབ་ཏུ་མཚོན་ཞིང་། གཅིག་གྱུར་བྱས་རྗེས་ཀྱི་ཐའེ་ཝན་ལ་བཟུང་བའི་གཞི་རྩའི་སྲིད་ཇུས་གསལ་བཤད་གནང་། བྱེད་ཕྱོགས་དེར་མཚོ་འགོག་ངོགས་གཉིས་ཀྱི་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་བྱས། ལོ་རབས80བའི་དུས་མགོར། ཏེང་ཞའོ་ཕིང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བསམ་བཀོད་རླབས་ཆེ་བ་བཏོན། རྗེས་སུ། ཁོང་གིས་སླར་ཡང་གསུང་བཤད་ཐེངས་མང་སྤེལ་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བསམ་བཀོད་ཕྱོགས་ཡོངས་ནས་རྒྱས་བཤད་མཛད། ཁོང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་ནི་ཞིབ་ཏུ་བཤད་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ། སྐམ་ས་ཆེན་པོའི་སྟེང་གི་མི་འབོར་དུང་ཕྱུར་བཅུ་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱེད་ཅིང་། ཞང་ཀང་དང་ཐའེ་ཝན་གྱིས་མ་རྩ་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱེད་པ་དེ་ཡིན་པ་བསྟན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བསམ་བཀོད་ནི་སྙིང་སྟོབས་ཀྱིས་ཁེངས་ཤིང་གསར་སྐྲུན་རང་བཞིན་ལྡན་པའི་འཐབ་ཇུས་ཆེན་པོ་ཞིག་ཡིན། སྤྱི་ལོ1984ལོར། སྐབས་དྲུག་པའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཚོགས་ཀྱི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལས་བསམ་བཀོད་རླབས་ཆེ་བ་དེ་རྒྱས་བཤད་མཛད་ནས་གྲོས་འཆམ་བྱུང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-31

གསར་སྤེལ་མཁན། :ཁྲི་དཀོན་མཆོག་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།