གོ་མིན་ཏང་གིས་ནང་འཁྲུག་བསླངས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གོ་མིན་ཏང་གི་དབང་སྒྱུར་ས་ཁུལ་དུ་མི་མང་པོས་ཅང་ཅེ་ཧྲིར་འཕྲུལ་སེམས་བཅིངས་ཡོད། དེ་དག་ཐམས་ཅད་ཀྱི་དབང་གིས་ཅང་ཅེ་ཧྲི་ཚོགས་ཁག་གི་བསམ་པར་གཞི་རྒྱ་ཆེ་བའི་ནང་འཁྲུག་བསླངས་ནས་མི་དམངས་གསར་བརྗེའི་སྟོབས་ཤུགས་རྩ་མེད་དུ་གཏོང་ཐུབ་པར་སྙམ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国民党挑起内战
ཕྱི་ཡིག་གི་མིང་།
The Kuomintang provoked a civil war
མི་སྣ།
ཅང་ཅེ་ཧྲི།
1 ​ངོ་སྤྲོད།

འཇའ་འགོག་དམག་འཁྲུག་ལ་རྒྱལ་ཁ་བླངས་རྗེས།  ཀྲུང་འཇའ་བར་གྱི་མི་རིགས་འགལ་བ་ཕལ་ཆེར་ཐག་བཅད་པ་དང་བསྟུན་ནས། ཀྲུང་གོའི་མི་དམངས་དང་ཨ་རིའི་བཙན་རྒྱལ་རིང་ལུགས་ཀྱིས་རྒྱབ་སྐྱོར་བྱེད་བཞིན་པའི་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་བར་གྱི་འགལ་བ་དེ་ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་གྱུར། ཅང་ཅེ་ཧྲིར་རྒྱབ་སྐྱོར་དང་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་པ་ནི་ཨ་མེ་རི་ཁའི་ཀྲུང་གོར་འཛིན་པའི་རྩ་བའི་སྲིད་ཇུས་ཡིན། འཇའ་ཕན་གྱིས་མགོ་བཏགས་རྗེས། ཨ་མེ་རི་ཁའི་གནམ་གྲུ་དང་མཚོ་གྲུ་མངགས་ནས་གོ་མིན་ཏང་གི་དམག་དཔུང་འཐབ་ཇུས་གནད་ས་དང་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་ཏུ་སྐྱེལ་འདྲེན་བྱས་ནས། ཅང་ཅེ་ཧྲིས་འཇའ་འགོག་དམག་འཁྲུག་གི་འབྲས་བུ་འཕྲོག་པར་རོགས་རམ་བྱས། ཅང་ཅེ་ཧྲིས་“ཞི་བདེ་རྒྱལ་སྐྱོང”གི་དར་ཆ་འཕྱར་ཞིང་། སྒེར་གཅོད་དང་ནང་འཁྲུག་གི་བྱེད་ཕྱོགས་མཁྲེགས་བཟུང་བྱས་ནས། གཞི་རྒྱ་ཆེ་བའི་ནང་འཁྲུག་གསར་བ་བསླངས་ཏེ། མི་དམངས་གསར་བརྗེའི་སྟོབས་ཤུགས་རྩ་མེད་དུ་གཏོང་བ་དང་། ཞིང་བདག་ཆེན་པོ་དང་འབྱོར་ལྡན་གྲལ་རིམ་ཆེན་པོའི་དབང་སྒྱུར་སྲུང་འཛིན་བྱེད་རྒྱུའི་ལྐོག་གཤོམ་འཐེན།

2 ནང་དོན།

ཀྲུང་གོར་དབང་སྒྱུར་བྱེད་རྒྱུ་ནི་ཨ་མེ་རི་ཁའི་འཛམ་གླིང་ཧྲིལ་བོ་དབང་དུ་བསྡུ་བའི་ཐབས་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཡིན། ཨ་མེ་རི་ཁའི་ཀྲུང་གོ་རུ་ཨ་མེ་རི་ཁར་མོས་ཤིང་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་པའི་གཏན་འཇགས་དང་གཅིག་གྱུར་གྱི་སྲིད་གཞུང་ཞིག་འཛུགས་རྒྱུའི་སྟོང་སེམས་བཅངས། དེར་བརྟེན། ངེས་པེ་དུ་ཞོག་མར་གུང་ཁྲན་ཏང་གི་ཀྲུང་གོ་རྩ་བ་ནས་དབང་སྒྱུར་བྱེད་པར་བཀག་འགོག་བྱེད་དགོས་པ་རེད། ཅང་ཅེ་ཧྲིས་ཨ་མེ་རི་ཁའི་རོགས་རམ་ལ་བརྟེན་ནས་ས་ཐག་རིང་བའི་ལྷོ་ནུབ་དང་ནུབ་བྱང་གི་རྒྱབ་ཕྱོགས་ཆེན་པོའི་གོ་མིན་ཏང་གི་དམག་དཔུང་ནན་ཅིན་དང་ཧྲང་ཧའེ། པེ་ཕིང་། ཆིང་ཏའོ་སོགས་ས་ཆར་སྐྱེལ་འདྲེན་བྱས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-01

གསར་སྤེལ་མཁན། :ཁྲི་དཀོན་མཆོག་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།