བྱི་བཟུང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བྱི་བཟུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག )

ལོ་མང་སྐྱེས་པའི་རྩྭ་ལྡུམ་ལོ་མ་ཆེ་ལ་ཅུང་ཟད་ཟླུམ་པ། འབྲས་བུར་ཚེར་མ་ཀྱུ་བ་ཅན་ཡོད་པ། ས་བོན་དཀར་བོ་གྲོ་འབྲུ་ཙམ་ཞིག་ཡོད་པ་ཞིག་ཡིན། འདི་ལ་བྱི་བཟུང་རྡོ་བ་ཡང་ཟེར།
1 ལོ་ཙཱ།

རྒྱ་ཡིག 牛蒡子,大力子

དབྱིན་ཡིག the bur of the burdock plant

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ལོ་མང་སྐྱེས་པའི་རྩྭ་ལྡུམ་ལོ་མ་ཆེ་ལ་ཅུང་ཟད་ཟླུམ་པ། འབྲས་བུར་ཚེར་མ་ཀྱུ་བ་ཅན་ཡོད་པ། ས་བོན་དཀར་བོ་གྲོ་འབྲུ་ཙམ་ཞིག་ཡོད་པ་ཞིག་ཡིན། འདི་ལ་བྱི་བཟུང་རྡོ་བ་ཡང་ཟེར།

2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ཐང་སྨན་གྱི་རིགས་ཤིག་སྟེ། རོ་ཁ་ལ་ཚ། ཞུ་རྗེས་དྲོད། ནུས་པས་ལྒང་པའི་རྡེའུ་སོགས་རྡོ་སྐྲན་བཤིགརྩ་ནད་སྦྱོང༌། རིམས་ནད་མ་སྨིན་པ་སྨིན་པར་བྱེད། 牛蒡子,大力子。药用植物名。味辛苦,性温,功能化膀胱等结石病,清经络,通透瘟疫。མིང་གི་རྣམ་གྲངས་ལ་བྱི་འཛིན་པ་དང་དམ་པ་ཡོག་མགོའོ། །

3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག གསོ་རིག ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྨུག་ནག་ཤུར་རིས་ཅན་སྲ་ལ་ཡལ་ག་མང་བ། ལོ་མ་ལྗང་ནག་ཆེ་ལ་རྩུབ་པ་རྒྱབ་ལྗང་སྐྱ་སྤུ་འཇམ་དཀར་པོ་ཅན། དབྱིབས་རུ་རྟའི་ལོ་མ་འདྲ་བ་ཁ་ཅིག་ས་ངོས་སུ་བགྲད་ནས་སྐྱེ་བ་དང༌། ཁག་ཅིག་ཡལ་གའི་བར་གསེང་ནས་སྐྱེ་བ། མེ་ཏོག་སིང་སྨུག་དོམ་དོམ་འདྲ་བ། གོས་ཐམས་ཅད་ཁ་སྤུའམ་ཚེར་མ་ལྕགས་ཀྱུ་ཅན་གྱིས་ཁྱབ་པ། རྒས་ནས་ཁྱི་དང་བ་ཕྱུགས་སོགས་ཀྱི་ལུས་ལ་འབྱར་བ་བཀོག་དཀའ་བ། དེའི་ནང་དུ་འབྲས་བུ་ཕལ་ཆེར་ནས་འབྲུ་ཙམ་ལ་དབྱིབས་ནར་ལེབ་སྐྱ་བོ་ནག་ཐིག་ཅན་ཡོད་པ་སྟེ། ཡུར་འགྲམ་དང༌། གླིང་ཁའི་ནང༌། ཆུ་ཡུར་གྱི་འགྲམ་སོགས་སུ་སྐྱེ་བ་མང་བ། སྨན་དུ་རྩ་བ་དང༌། འབྲུ་གུ་དགོས་པས་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ། རྩ་བ་གཙང་མར་བཀྲུས་རྗེས་བསིལ་སར་བསྐམས་ནས་འབྲུ་གུ་བཏོན་ཏེ་སྤྱད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་མཁལ་མ་དང་ལྒང་པའི་རྡེའུ་སྐྲན་དང༌། འབྲས་སྐྲན་གྱི་ནད། བུད་མེད་ཀྱི་མངལ་སྐྲན། རྩ་ནད་སོགས་ལ་ཕན་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-18

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།