དབྱིན་ཇིས་བོད་ལྗོངས་ལ་བཙན་འཛུལ་བྱས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སིམ་ལའི་གྲོས་ཚོགས་ཐོག་ཏུ། དབྱིན་ཕྱོགས་ཀྱི་དབུ་བཞུགས་འཐུས་ཚབ་པ་མའེ་ཁོ་མ་ཧུང་གིས་བོད་ལྗོངས་ཀྱི་གནད་དོན་སྐོར་གྱི་བར་འདུམ་ཇུས་གཞི་ཞིག་སྟེ། སིམ་ལའི་ཆིངས་ཡིག་ཅེས་པ་བཏོན་ཏེ་བོད་ལྗོངས་ཕྱི་བོད་དང་ནང་བོད་གཉིས་སུ་ཕྱེས་ཤིང་། ནང་བོད་ནི་ཀྲུང་བོད་ཀྱིས་མཉམ་སྐྱོང་བྱེད་པ་དང་། ཕྱི་བོད་རྩྭ་བ་ནས་རང་སྐྱོང་བྱེད་པ་བྱས། ཇུས་གཞི་དེ་ཀྲུང་གོའི་ཕྱོགས་ཀྱིས་ཁས་མ་བླངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
英军侵藏战争
ཕྱི་ཡིག་གི་མིང་།
The British invasion war to Tibet
དུས་ཚོད།
སྤྱི་ལོ1914ལོ།
མི་སྣ།
ཀྲུང་གོའི་འཐུས་ཚབ་པ་ཁྲེན་དབྱི་ཧྥན། དབྱིན་ཕྱོགས་ཀྱི་འཐུས་ཚབ་པ་མའེ་ཁོ་མ་ཧུང་།
1 ​ངོ་སྤྲོད།

དུས་རབས19བའི་དུས་དཀྱིལ་ནས་བཟུང་། དབྱིན་ཇིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བོད་ལྗོངས་ས་ཁུལ་ཁ་ཕྲལ་དུ་གཏོང་བ་དང་དེར་བཙན་འཛུལ་བྱེད་པའི་བྱ་འགུལ་སྤེལ། ཝུའུ་ཁྲང་འོས་ལངས་ནས་མ་འགྱངས་པར། དབྱིན་ཇིས་གོ་སྐབས་དེ་དང་བསྟུན་ནས་བོད་ལྗོངས་ཀྱི་དབྱིན་ཇི་བར་དགའ་མོས་བྱེད་མཁན་ལ་དྲག་པོའི་ཟིང་འཁྲུག་སློང་བར་ངན་སྐུལ་གྱིས་ལྷ་ས་དང་གཞིས་ཀ་རྩེའི་བོད་བཞུགས་ཁྲོན་དམག་ཕྱིར་འདེད་བཏང་སྟེ་རང་བཙན་ཁྱབ་བསྒྲགས་བྱས་ཤིང་། བོད་ལྗོངས་ཀྲུང་གོ་ནས་ཁ་ཕྲལ་གཏོང་བའི་རེ་ངན་བཅངས། བོད་ལྗོངས་ནས་ངོ་ལོག་ཟིང་འཁྲུག་བསླངས་པ་དེར་བོད་ལྗོངས་མི་དམངས་དང་རྒྱལ་གཅེས་བཙུན་པ། གོང་རིམ་མི་སྣ་བཅས་ཀྱིས་ངོ་རྒོལ་ཐེབས།

2 འཕེལ་རིམ།

སྤྱི་ལོ1912ལོར། པེ་ཅིན་སྲིད་གཞུང་གིས་བོད་ལྗོངས་ལ་དམག་དཔུང་མངགས། དབྱིན་ཇིའི་བོད་ལྗོངས་ཁ་ཕྲལ་བཟོ་བའི་འཆར་གཞི་ངལ་བ་འབྲས་མེད་དུ་གྱུར་བ་མཐོང་འཕྲལ། མངོན་གསལ་དུ་ཐེ་གཏོགས་བྱས་ཏེ། རྒྱལ་དམངས་སྲིད་གཞུང་ཁས་མི་ལེན་པ་དང་དངོས་ཤུགས་ཀྱིས་བོད་རང་བཙན་ལ་རོགས་སྐྱོར་བྱེད་རྒྱུའི་འཇིགས་བསྐུལ་བས། པེ་ཅིན་སྲིད་གཞུང་འུ་ཐུག་སྟེ་བོད་ལྗོངས་ལ་དཔུང་སྐྱོད་བྱེད་པའི་མཚམས་མི་འཇོག་ཀ་མེད་བྱུང་། 

སྤྱི་ལོ1913ལོར། ཀྲུང་དབྱིན་རྒྱལ་ཁབ་གཉིས་དང་བོད་ལྗོངས་ས་གནས་ཀྱི་འཐུས་ཚབ་པའི་ཧིན་རྡུའི་སིམ་ལ་རུ་ཚོགས་འདུ་འཚོགས་ཏེ་བོད་ལྗོངས་ཀྱི་གནད་དོན་ལ་གྲོས་མོལ་བྱས། ཚོགས་ཐོག་ཏུ། དབྱིན་ཇིས་བོད་ལྗོངས་ཀྲུང་གོ་ནས་ཁ་ཕྲལ་གཏོང་བའི་རེ་ངན་བཅངས་ནའང་། ཀྲུང་གོའི་ཕྱོགས་ཀྱི་འཐུས་ཚབ་པའི་ཁས་མ་བླངས།

3 མཇུག་འབྲས།

སྤྱི་ལོ1914ལོར་བོད་ལྗོངས་ས་གནས་ཀྱི་འཐུས་ཚབ་པ་དང་ཁྲིམས་མཐུན་མིན་པའི་སིམ་ལའི་ཆིངས་ཡིག་བཞག དབྱིན་ཇིའི་ད་དུང་སིམ་ལའི་གྲོས་ཚོགས་ཐོག་ཏུ་ཀྲུང་གོའི་འཐུས་ཚབ་པར་གསང་ནས་རང་འདོད་དུ་བོད་ས་གནས་ཀྱི་འཐུས་ཚབ་པ་དང་གསང་བའི་སྒོ་ནས་ཡིག་ཆའི་ནང་གི་ཞར་བཀོད་ས་ཁྲ་བརྗེ་བར་བརྟེན་ནས། ཁྲིམས་མཐུན་མིན་པའི་ཀྲུང་དབྱིན་ཤར་ཕྱོགས་ཀྱི་རྒྱལ་མཚམས་ཏེ། མའེ་ཁོ་མ་ཧུང་མཚམས་ཐིག་ཐག་གཅོད་བྱས་ཏེ། ཀྲུང་གོའི་མངའ་ཁོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ9དབྱིན་ཇིར་གཏོགས་པའི་ཧིན་རྡུ་ལ་བགོས་སྤྲོད་བྱས། དབྱིན་ཇིས་ཞར་བཀོད་ས་ཁྲ་དེ་སིམ་ལའི་ཆིངས་ཡིག་ནང་བཞག་སྟེ་དོན་དངོས་ལམ་ལྷོངས་འགྲུབ་པའི་རེ་སྟོང་བཅངས་ནའང་། སྐབས་དེ་དང་ཕྱིས་ཀྱི་སྐབས་རིམ་བྱུང་གི་ཀྲུང་གོའི་སྲིད་གཞུང་གིས་ཀྱང་ཁྲིམས་མཐུན་མིན་པའི་མཐའ་མཚམས་ཀྱི་ཐིག་དེ་ཐོག་མཐའ་བར་གསུམ་དུ་ཁས་མ་བླངས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-15

གསར་སྤེལ་མཁན། :ཁྲི་དཀོན་མཆོག་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།