ཆོས་ཀྱི་བདག་མེད་ཕྲ་རགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱེ་བྲག་པ་དང་མདོ་སྡེ་པ་གཉིས་ཀྱིས་ཆོས་ཀྱི་བདག་མེད་ཕྲ་རགས་ཀྱི་རྣམ་བཞག་ཁས་མི་ལེན་ཏེ། གཞི་གྲུབ་ན་ཆོས་བདག་ཡིན་པས་ཁྱབ་པར་འདོད་པའི་ཕྱིར། འོན་ཀྱང་དེ་གཉིས་ཀྱིས་གང་ཟག་གི་བདག་མེད་ཕྲ་རགས་ཀྱི་རྣམ་བཞག་འཇོག་པར་བྱེད་དེ། གང་ཟག་རྟག་གཅིག་རང་དབང་ཅན་གྱིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང༌། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འཇོག་ཅིང༌། ཐལ་འགྱུར་བ་མ་གཏོགས་རང་རྒྱུད་པ་དང༌། སེམས་ཙམ་པ། མདོ་སྡེ་པ། བྱེ་བྲག་སྨྲ་བ་བཞི་ཀས་གང་ཟག་གི་བདག་མེད་ཕྲ་རགས་འཇོག་ཚུལ་མཚུངས་པ་ཡིན།
1 ​རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-11

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།