དྲུག་གཅིག་བྱིས་པའི་དུས་ཆེན། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

དྲུག་གཅིག་བྱིས་པའི་དུས་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དུས་ཆེན།)

དྲུག་གཅིག་བྱིས་པའི་དུས་ཆེན།
རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ནི་ལོ་རེའི་ཟླ6པའི་ཚེས1ཉིན་གཏན་འཁེལ་བྱས་ཡོད་ལ། དེ་ནི་སྤྱི་ལོ1942ལོའི་ཟླ6པའི་ཚེས10ཉིན་ལི་ཏི་ཚེ་དམར་གསོད་དོན་རྐྱེན་དང་འཛམ་གླིང་ཡོངས་ཀྱི་དམག་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བའི་བྱིས་པ་དག་ལ་རྗེས་དྲན་དང་། བྱིས་པར་མནར་གཅོད་དང་གནོད་འཚེ་གཏོང་བར་ངོ་རྒོལ་དང་། བྱིས་པའི་ཁེ་དབང་འགན་སྲུང་བྱེད་པའི་ཆེད་དུ་ཡིན། སྤྱི་ལོ1949ལོའི་ཟླ11པར། རྒྱལ་སྤྱིའི་དམངས་གཙོ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མོ་སི་ཁོ་རུ་ལས་འཛིན་ལྷན་ཚོགས་བསྡུས་ཏེ། རྒྱལ་ཁབ་སོ་སོའི་འཐུས་མི་དག་གིས་ཁོང་ཁྲོ་ཆེན་པོའི་སྒོ་ནས་བཙན་རྒྱལ་རིང་ལུགས་པ་དང་རྒྱལ་ཁབ་སོ་སོའི་ལོག་སྤྱོད་ཕྱོགས་ཁག་གིས་བྱིས་པ་དམར་གསོད་དང་གནོད་འཚེ་བཏང་བའི་ཉེས་པ་ཐེར་འདོན་བྱས་མཐར། ཚོགས་འདུ་ལས་ལོ་རེའི་ཟླ6པའི་ཚེས1ཉིན་ནི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་གཏན་འཁེལ་བྱས། དེ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བྱིས་པའི་འཚོ་གནས་ཁེ་དབང་དང་ལུས་ཁམས་བདེ་སྲུང་ཁེ་དབང་། སློབ་གསོ་མྱོང་བའི་ཁེ་དབང་དང་གསོ་སྐྱོང་གི་ཁེ་དབང་ལ་འགན་སྲུང་བྱས་ཏེ། བྱིས་པའི་འཚོ་བར་ལེགས་བཅོས་དང་། བྱིས་པར་མནར་གཅོད་དང་གནོད་འཚེ་གཏོང་བར་ངོ་རྒོལ་བྱ་ཆེད་དུ་བཙུགས་པའི་དུས་ཆེན་ཞིག་ཡིན། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་ཤོས་ཀྱིས་ཟླ6པའི་ཚེས1ཉིན་བྱིས་པའི་དུས་ཆེན་དུ་གཏན་འཁེལ་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国际儿童节、儿童节、六一儿童节
ཕྱི་ཡིག་གི་མིང་།
International Children's Day
ཁྱབ་ཁོངས།
འཛམ་གླིང་ཡོངས།
གཏན་འཁེལ་ལས་ཁུངས།
རྒྱལ་སྤྱིའི་དམངས་གཙོ་བུད་མེད་མཉམ་འབྲེལ་ལྷན་ཚོགས།
ས་གནས།
མོ་སི་ཁོ།
ཉིན་མོ།
ཟླ6པའི་ཚེས1ཉིན།
དོན་སྙིང་།
འཛམ་གླིང་བྱིས་པ་ཡོངས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པ།
གཏན་འཁེལ་དུས་ཚོད།
སྤྱི་ལོ1949ལོའི་ཟླ11པ།
1 ​ཡོངས་ཁུངས།

རྒྱལ་སྤྱིའི་བྱིས་པའི་དུས་ཆེན་བཙུགས་པ་ནི། འཛམ་གླིང་འཁྲུག་ཆེན་ག.jpgཉིས་པའི་སྐབས་ཀྱི་དམར་གསོད་ཆེན་མོ་ལི་ཏི་ཚེ་དམར་གསོད་དོན་རྐྱེན་དང་འབྲེལ་བ་ཡོད་ལ། སྤྱི་ལོ1942ལོའི་ཟླ6པའི་ཚེས10ཉིན། འཇར་མན་ཧྥ་ཤི་སིས་ཅེ་ཁེ་ལི་ཏི་ཚེ་སྡེ་བར་ལོ་བཅུ་དྲུག་ཡན་གྱི་སྐྱེས་པ140དང་བྱིས་པ་ཡོངས་མེ་མདས་དམར་གསོད་བྱས་པར་མ་ཟད། བུད་མེད་དང་བྱིས་པ90ལྷག་གཅིག་བསྡུས་སུ་བཀག་འགོག་བྱས་ལ། སྡེ་བའི་ཁང་བ་ཡོད་ཚད་མེ་རུ་བསྲེགས། འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་རྫོགས་རྗེས། འཛམ་གླིང་གི་ཡུལ་གྲུ་སོ་སོའི་དཔལ་འབྱོར་ཉམས་རྒུད་དུ་སོང་སྟེ། བཟོ་བ་ཁྲི་ཕྲག་མང་པོ་ལས་ཤོར་བྱུང་ཞིང་། ལྟོགས་སྐོམ་གྱི་སྡུག་བསྔལ་ཚད་མེད་མྱངས་པ་དང་། བྱིས་པའི་གནས་བབ་དེ་ལས་ཀྱང་སྡུག་ཏུ་ཕྱིན་ཏེ། འགོས་ནད་ལས་འཆི་བ་དང་། བྱིས་པས་ལས་གླ་རྒྱག་པ་སོགས་ཀྱི་རྣམ་པས་དཀའ་སྡུག་ཚད་མེད་མྱངས་ཏེ་འཚོ་བ་དང་ཚེ་སྲོག་ལ་འགན་སྲུང་མེད་པར་གྱུར། དེ་བས། རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ནི་ལོ་རེའི་ཟླ6པའི་ཚེས1ཉིན་གཏན་འཁེལ་བྱས་ཡོད་ལ། དེ་ནི་སྤྱི་ལོ1942ལོའི་ཟླ6པའི་ཚེས10ཉིན་ལི་ཏི་ཚེ་དམར་གསོད་དོན་རྐྱེན་དང་འཛམ་གླིང་ཡོངས་ཀྱི་དམག་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བའི་བྱིས་པ་དག་ལ་རྗེས་དྲན་དང་། བྱིས་པར་མནར་གཅོད་དང་གནོད་འཚེ་གཏོང་བར་ངོ་རྒོལ་དང་། བྱིས་པའི་ཁེ་དབང་འགན་སྲུང་བྱེད་པའི་ཆེད་དུ་ཡིན། སྤྱི་ལོ1949ལོའི་ཟླ11པར། རྒྱལ་སྤྱིའི་དམངས་གཙོ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མོ་སི་ཁོ་རུ་ལས་འཛིན་ལྷན་ཚོགས་བསྡུས་ཏེ། རྒྱལ་ཁབ་སོ་སོའི་འཐུས་མི་དག་གིས་ཁོང་ཁྲོ་ཆེན་པོའི་སྒོ་ནས་བཙན་རྒྱལ་རིང་ལུགས་པ་དང་རྒྱལ་ཁབ་སོ་སོའི་ལོག་སྤྱོད་ཕྱོགས་ཁག་གིས་བྱིས་པ་དམར་གསོད་དང་གནོད་འཚེ་བཏང་བའི་ཉེས་པ་ཐེར་འདོན་བྱས་མཐར། ཚོགས་འདུ་ལས་ལོ་རེའི་ཟླ6པའི་ཚེས1ཉིན་ནི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་གཏན་འཁེལ་བྱས། དེ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བྱིས་པའི་འཚོ་གནས་ཁེ་དབང་དང་ལུས་ཁམས་བདེ་སྲུང་ཁེ་དབང་། སློབ་གསོ་མྱོང་བའི་ཁེ་དབང་དང་གསོ་སྐྱོང་གི་ཁེ་དབང་ལ་འགན་སྲུང་བྱས་ཏེ། བྱིས་པའི་འཚོ་བར་ལེགས་བཅོས་དང་། བྱིས་པར་མནར་གཅོད་དང་གནོད་འཚེ་གཏོང་བར་ངོ་རྒོལ་བྱ་ཆེད་དུ་བཙུགས་པའི་དུས་ཆེན་ཞིག་ཡིན། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་ཤོས་ཀྱིས་ཟླ6པའི་ཚེས1ཉིན་བྱིས་པའི་དུས་ཆེན་དུ་གཏན་འཁེལ་བྱས་ཡོད་ལ། སྐབས་དེའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཙོ་བྱས་པའི་འཛམ་གླིང་གི་རྒྱལ་ཁབ་མང་པོས་མོས་མཐུན་གྱི་རྣམ་འགྱུར་བསྟན།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཀྲུང་དབྱང་མི་དམངས་སྲིད་གཞུང་སྲིད་དོན་སྤྱི་ཁྱབ་ཁང་གིས1949ལོའི་ཟླ12པའི་ཚེས23ཉིན་གཏན་འཁེལ་བྱས་ཏེ། ཀྲུང་གོའི་བྱིས་པའི་དུས་ཆེན་དེ་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དང་གཅིག་གྱུར་བྱས་པ་རེད།

2 རྒྱལ་ཁབ་སོ་སོའི་གོམས་སྲོལ།

ཉི་ཧོང་། ཉི་ཧོང་ནི་འཛམ་གླིང་སྟེང་བྱིས་པའི་དུས་ཆེན་རོལ་ཐེངས་མང་བའི་རྒྱལ་ཁབ་ཡིན་ལ། ལོ་གཅིག་.jpgགི་ནང་དུ་བྱིས་པའི་དུས་ཆེན་ཐེངས་གསུམ་ལ་རོལ་བ་ཡིན། དུས་ཆེན་རོལ་སྟངས་ཐད་ནས་ཉི་ཧོང་རྒྱལ་ཁབ་ཀྱི་གོམས་སྲོལ་ཧ་ཅང་ཟབ་མོ་ལྡན་པ་ཡིན། ཟླ3པའི་ཚེས3ནི་བུ་མོའི་དུས་ཆེན་དང་ཟླ5བའི་ཚེས5ཉིན་བུའི་དུས་ཆེན་ཡིན། ཟླ11པའི་ཚེས15ཉིན་ལ་གསུམ་ལྔ་བདུན་གྱི་བྱིས་པའི་དུས་ཆེན་ཟེར་ལ། འདི་ནི་ཉི་ཧོང་གི་གོམས་སྲོལ་ནང་དུ་བྱིས་པ་ལོ་གསུམ་དང་ལོ་ལྔ། ལོ་བདུན་ཅན་གྱི་བྱིས་པ་དག་ལ་ཆེད་དུ་རོལ་བའི་དུས་ཆེན་ཞིག་ཡིན།

ལྷོ་ཁོ་རེ་ཡ། ལྷོ་ཁོ་རེ་ཡའི་བྱིས་པའི་དུས་ཆེན1923ལོའི་བུའི་དུས་ཆེན་ལས་འཕེལ་འགྱུར་བྱུང་བ་ཡིན་ལ། ཟླ5བའི་ཚེས5ཉིན་ནི་རྒྱལ་ཡོངས་ཐུན་མོང་གི་དུས་ཆེན་དུས་ཆེན་ཡང་ཡིན། 

ཁོ་ལོམ་པི་ཡ། ཁི་ལོན་པི་ཡ་རྒྱལ་ཁབ་ནས་ལོ་རེའི་ཟླ7པའི་ཚེས4ཉིན་བྱིས་པའི་དུས་ཆེན་གཏན་འཁེལ་བྱས་ཡོད།.jpg

པ་ཞི།  པ་ཞི་རྒྱལ་ཁབ་ནས་ཟླ8པའི་ཚེས15ཉིན་བྱིས་པའི་དུས་ཆེན་དང་རྒྱལ་ཡོངས་ནད་འགོད་ཉིན་མོ་ཡང་ཡིན་པས། ཉིན་འདིར་རྒྱལ་ཡོངས་ཀྱི་བྱིས་པ་ཚོར་ལུས་ཕུང་བརྟག་དཔྱད་དང་ལོ་ལྔའི་མན་གྱི་བྱིས་པར་འགོག་ཁབ་བརྒྱག་པ་སོགས་བྱས་ཏེ། བྱིས་པའི་བདེ་ཐང་ལ་ཧ་ཅང་དོ་སྣང་བྱེད་པ་མཚོན།

སུའེ་ཏེན། སུའེ་ཏེན་རྒྱལ་ཁབ་ལ་མཚོན་ནའང་ཟླ8པའི་ཚེས7ཉིན་བུའི་དུས་ཆེན་དང་ཟླ12བའི་ཚེས13ཉིན་བུ་མོའི་དུས་ཆེན་དུ་གཏན་འཁེལ་བྱས་ཡོད། 

ཨུ་རུ་སུ། ཨུ་རུ་སིའི་བྱིས་པའི་དུས་ཆེན་ནི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དང་དུས་མཚུངས་ཡིན་ཏེ། རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ནི་མ་གཞི་ནས་ཨུ་རུ་སི་ལ་འབྲེལ་བ་ཡོད་པ་ཡིན།

སི་ཕེན། སི་ཕེན་རྒྱལ་ཁབ་ལ་མཚོན་ན་ཟླ1པོའི་ཚེས5ཉིན་གཏན་འཁེལ་བྱས་ཡོད་དེ། ཡང་ཆོས་ལུགས་ཀྱི་དུས་ཆེན་ཞིག་ཀྱང་ཡིན། 

དབྱིན་ཇི། དབྱིན་ཇི་སྲིད་གཞུང་གིས་ལོ་རེའི་ཟླ7པའི་ཚེས14ཉིན་དབྱིན་ཇི་བྱིས་པའི་དུས་ཆེན་དུ་བདམས་ཡོད།.jpg

འཇར་མན། འཇམ་འཐབ་སྐབས་སུ། འཇར་མན་ཤར་ནུབ་གཉིས་ཀྱི་དུས་ཆེན་མི་གཅིག་པར། འཇར་མན་ཤར་མས་ཟླ6པའི་ཚེས1ཉིན་གཏན་འཁེལ་དང་མིང་ལ་རྒྱལ་སྤྱིའི་བྱིས་པའི་དུས་ཆེན(internationaler Kindertag)ཟེར་བ་དང་། འཇར་མན་ནུབ་མས་ཟླ9བའི་ཚེས20ཉིན་གཏན་འཁེལ་དང་མིང་ལ་འཛམ་གླིང་བྱིས་པའི་དུས་ཆེན(Weltkindertag)ཟེར། སྤྱི་ལོ1990ལོར་འཇར་མན་གཅིག་གྱུར་བྱས་རྗེས། འཇར་མན་ནུབ་ནས་བྱིས་པའི་དུས་ཆེན་དང་མིང་རྒྱལ་ཡོངས་གཞུང་ཕྱོགས་གཅིག་གྱུར་ཏུ་གཏན་འཁེལ་བྱས་མོད། འཇར་མན་ཤར་མས་ས་ཁུལ་མང་ཆེ་བར་སྔོན་གྱི་སྲོལ་རྒྱུན་སྒྱུར་དཀའ་བར་ཡོད།

སིང་ཀ་ཕོར། སིང་ག་ཕོར་གྱི་དུས་ཆེན་ཁྲིམས་སྲོལ་གྱི་དོན་ཚན་དང་པོར། ཟླ10བའི་ཚེས1ཉིན་གྱི་བྱིས་པའི་དུས་ཆེན་ལ་བྱིས་པ་ཡོངས་སུ་གནང་བ་སྟེར་དགོས་པར་མ་ཟད། མི་དར་མ་ཚང་ལའང་དེ་བཞིན་ཡིན་ཞེས་གཏན་འཁེལ་བྱས་ཡོད། .jpg

དབྱི་སི་ལན་རྒྱལ་ཁབ། དབྱི་སི་ལན་རྒྱལ་ཁབ་མང་ཆེ་བར་དབྱི་སི་ལན་རྩིས་ཀྱི་ཟླ་དགུ་བའི་སྨྱུང་གནས་རྗེས་ཀྱི་ཉིན་བཅུ་བཞི་བ་ནི་བྱིས་པའི་དུས་ཆེན་ཡིན།

ཧྥེ་གླིང་རྒྱལ་ཁབ། ཧྥེ་གླིང་གི་ནུབ་ཕྱོགས་རྒྱལ་ཁབ་མང་ཆེ་བར་རང་གི་བྱིས་པའི་དུས་ཆེན་ཡོད་ལ། རྒྱུན་ལྡན་དུ་ཟླ་གཅིག་གི་རིང་དུ་རྒྱུན་སྲིང་པ་ཡིན།

གཞན་ཀྲུང་གོ་ནི་ཟླ6པའི་ཚེས1དང་ཀྲུང་གོའི་ཤང་ཀང་དང་ཐེ་ཝན་ནི་ཟླ4བའི་ཚེས4ཉིན། ཧིན་རྡུ་ཉི་ཞི་ཡ་ནི་ཟླ7པའི་ཚེས23ཉིན། ཐེ་ལན་ནི་ལོ་རེའི་ཟླ་དང་པོའི་གཟའ་འཁོར་གཉིས་པ་ཡིན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-06-03

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།