དབྱིན་པུའུ་དམག་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱིན་པུའུ་དམག་འཁྲུག
དབྱིན་པུའུ་དམག་འཁྲུག་ལ་ཧྥེ་གླིང་ལྷོ་མའི་དམག་འཁྲུག་དང་། པུའུ་ཨར་དམག་འཁྲུག་ཅེས་ཀྱང་བརྗོད་ལ། སྤྱི་ལོ1899ལོའི་ཟླ10པ་ནས་བཟུང་མགོ་བརྩམས་ཤིང་། སྤྱི་ལོ1902ལོའི་ཟླ5པར་མཇུག་སྒྲིལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
英布战争
འཐབ་འཁྲུག་བྱེད་དུས།
སྤྱི་ལོ1899ལོ།
འཐབ་འཁྲུག་ལ་ཞུགས་པའི་རྒྱལ་ཁབ།
ཏེ་ལན་ཧྲི་ཝ་སྤྱི་མཐུན་རྒྱལ་ཁབ་དང་ཨོ་ལན་ཀྲི་རང་དབང་རྒྱལ་ཕྲན། དབྱིན་ཇི།
མཇུག་འབྲས།
དབྱིན་ཇིས་རྒྱལ་ཁ་བླངས།
1 ​ངོ་སྤྲོད།

དབྱིན་པུའུ་དམག་འཁྲུག་ལ་ཧྥེ་གླིང་ལྷོ་མའི་དམག་འཁྲུག་དང་། པུའུ་ཨར་དམག་འཁྲུག་ཅེས་ཀྱང་བརྗོད་ལ། སྤྱི་ལོ1899ལོའི་ཟླ10པ་ནས་བཟུང་མགོ་བརྩམས་ཤིང་། སྤྱི་ལོ1902ལོའི་ཟླ5པར་མཇུག་སྒྲིལ། པུའུ་ཨར་མི་ནི་ཧྥེ་གླིང་ལྷོ་མའི་ཧོ་ལན་གྱི་གནས་སྤོས་ཡུལ་མིའི་གསུང་རྒྱུད་ཡིན་པ་དང་། དུས་རབས19པར་ཏེ་ལན་ཧྲི་ཝ་སྤྱི་མཐུན་རྒྱལ་ཁབ་དང་ཨོ་ལན་ཀྲི་རང་དབང་རྒྱལ་ཕྲན་གཉིས་བཙུགས། གསེར་དང་ཕ་ལམ་གྱི་གཏེར་ཁ་ཕུན་སུམ་ཚོགས་པའི་རྒྱལ་ཁབ་འདི་གཉིས་ཁྱུར་མིད་བྱེད་ཕྱིར་དབྱིན་ཇིས་དབྱིན་པུའུ་དམག་འཁྲུག་བསླངས་ཤིང་། མཐར་པུའུ་ཨར་མིའི་དམག་ཕམ། དམག་འཁྲུག་ཁྲོད་དབྱིན་ཇིས་སྔ་ཕྱིར་དམག་དཔུང་ཁྲི44ལྷག་སྐུལ་སློང་བྱས་པ་དང་། པུའུ་ཨར་མི་ཁྲི8.8ལྷག་དམག་ཏུ་ཞུགས་ཤིང་། དབྱིན་དམག་ཁྲི2.1ལྷག་དང་། པུའུ་ཨར་མི་ཁྲི3ལྷག་དམག་འཁྲུག་ཏུ་ཚེ་ལས་འདས། སྤྱི་ལོ1902ལོའི་ཟླ5པའི་ཚེས31ཉིན《ཧྥེ་ལེ་ཉི་ཆིན་ཆིངས་ཡིག》བཞག་སྟེ། ཏེ་ལན་ཧྲི་ཝ་དང་ཨོ་ལན་ཀྲི་གཉིས་དབྱིན་ཇིའི་ཁོངས་སུ་བསྡུས། ལེ་ཉིན་གྱིས་དབྱིན་པུའུ་དམག་འཁྲུག་ལ་བཙན་རྒྱལ་རིང་ལུགས་ཀྱི་དམག་འཁྲུག་ཐེངས་གཉིས་པ་ཞེས་ཀྱང་ཟེར། 

བརྡ་འགྲེལ་གདོང་འཛར།

ལོ་རྒྱུས། འཛམ་གླིང་ལོ་རྒྱུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-10

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།