འབྲོག་པའི་ཚེ་ཐར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབྲོག་པའི་སྒོ་ཕྱུགས་ནང་དུ་ཚེ་ཐར་ཞེས་བྱ་བའི་འབྲི་གཡག་དང་ལུག་སོགས་རྣ་ཚར་ལྡན་པ་མང་དུ་ཡོད་འདུག་ཅིང་། དེ་དག་ནི་སྲོག་འཕྲོག་པའི་འཇིགས་པ་ལས་ཐར་བའི་སྒོ་ནོར་དག་ཡིན་པ་རེད། དེ་ཡང་འབྲོག་མི་ཚོས་ནམ་རྒྱུན་དུ་ཚེ་རིང་པོ་འབྱུང་བའི་ཆེད་དུ་སྒོ་ཕྱུགས་མང་པོ་ཚེ་ཐར་གཏོང་སྲོལ་ཡོད་འདུག་པ་དང་། ཁྱད་པར་ནང་མི་འགའ་ཞིག་གི་ཚེ་ལ་བར་ཆད་འབྱུང་ཉེན་ཆེ་བའི་ན་ཚ་སོགས་བྱུང་བའི་ཚེ་སྒོ་ཕྱུགས་དུ་མ་ཚེ་ཐར་གཏོང་སྲོལ་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
放生
རིགས་དབྱེ།
ཡུལ་སྲོལ།
1 ངོ་སྤྲོད།

འབྲོག་པའི་སྒོ་ཕྱུགས་ནང་དུ་ཚེ་ཐར་ཞེས་བྱ་བའི་འབྲི་གཡག་དང་ལུག་སོགས་རྣ་ཚར་ལྡན་པ་མང་དུ་ཡོད་འདུག་ཅིང་། དེ་དག་ནི་སྲོག་འཕྲོག་པའི་འཇིགས་པ་ལས་ཐར་བའི་སྒོ་ནོར་དག་ཡིན་པ་རེད། དེ་ཡང་འབྲོག་མི་ཚོས་ནམ་རྒྱུན་དུ་ཚེ་རིང་པོ་འབྱུང་བའི་ཆེད་དུ་སྒོ་ཕྱུགས་མང་པོ་ཚེ་ཐར་གཏོང་སྲོལ་ཡོད་འདུག་པ་དང་། ཁྱད་པར་ནང་མི་འགའ་ཞིག་གི་ཚེ་ལ་བར་ཆད་འབྱུང་ཉེན་ཆེ་བའི་ན་ཚ་སོགས་བྱུང་བའི་ཚེ་སྒོ་ཕྱུགས་དུ་མ་ཚེ་ཐར་གཏོང་སྲོལ་ཡོད་པ་རེད། ཚེ་གཏོང་ཚུལ་ནི་གཡག་དང་ལུག་སོགས་ཚེ་ཐར་གཏོང་བྱ་གང་ཡིན་དེ་རང་རང་གི་བླ་མཆོད་ཀྱི་དྲུང་དུ་ཁྲིད་དེ་ཚེ་ཐར་གནང་རོགས་ཞེས་ཞུ་དགོས་ཤིང་། བླ་མཆོད་དེས་མགོན་པོ་ཚེ་དཔག་མེད་ཀྱི་མཚན་གཟུངས་དུད་འགྲོ་དེའི་རྣ་བར་བསྒྲགས་ཏེ། དུས་དེ་ནས་བཟུང་སེམས་ཅན་དེ་སྲོག་འཕྲོག་པའི་འཇིགས་པ་ལས་གྲོལ་བ་ཡིན་པ་དང་། དེའི་བདེན་མཐུ་ལ་བརྟེན་ཏེ་སྦྱིན་པའི་བདག་པོའི་ཚེ་གེགས་ཀྱི་བར་ཆད་མཐའ་དག་ཞི་ཞིང་། ཚེ་བསོད་རྒྱས་པ་དང་། སྦྱིན་བདག་དང་དུད་འགྲོ་བཅས་མཐར་ཐུག་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཐོབ་པའི་སྨོན་ལམ་དང་ཤིས་བརྗོད་མང་དུ་མཛད་མཐར་ཚེ་སྐུད་ཅེས་པར་རས་སྣའམ་བལ་སྐུད་གང་རུང་ཚོན་དམར་ཅན་གྱི་རྣ་ཚར་ཞིག་གནང་བ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-05

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།