བློ་འདོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བློ་འདོན།
བློ་འདོན་ལ་གོ་དོན་གཉིས་ཡོད་དེ། གཅིག་ནི་ཐབས་དང་བཀོད་པ་བཤད་པ་ཡིན་ཞིང་། གཅིག་ནི་སྐད་སྒྲ་འདོན་མི་དགོས་པར་ལྟ་ཀློག་བྱེད་པའི་རིགས་ཤིག་ཡིན། འདིའི་སྐབས་སུ་བཤད་པའི་བློ་འདོན་ཞེས་པ་ནི་རྗེས་མ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
默读
མིང་གཞན།
ངག་ཀློག
1 ​ངོ་སྤྲོད།

བློ་འདོན་ལ་གོ་དོན་གཉིས་ཡོད་དེ།   གཅིག་ནི་ཐབས་དང་བཀོད་པ་བཤད་པ་ཡིན་ཞིང་།  གཅིག་ནི་སྐད་སྒྲ་འདོན་མི་དགོས་པར་ལྟ་ཀློག་བྱེད་པའི་རིགས་ཤིག་ཡིན།  འདིའི་སྐབས་སུ་བཤད་པའི་བློ་འདོན་ཞེས་པ་ནི་རྗེས་མ་དེ་ཡིན། དེས་བརྡ་རྟགས་ནས་དོན་སྙིང་བར་གྱི་ལྷུ་ཚིགས་སྐད་སྒྲ་ཞེས་པ་ཁུ་བསྡུ་བྱས་པས་ལྟ་ཀློག་བྱེད་པའི་མྱུར་ཚད་མགྱོགས་པར་བརྟེན་ཆ་འཕྲིན་མང་པོ་ཞིག་ཤེས་རྒྱུར་ཕན་ཐོགས་ཡོད།  བློ་འདོན་བྱ་རྒྱུ་དེ་རྩོམ་ཡིག་གི་གཙོ་དོན་ཤེས་པ་བྱེད་པའི་བརྒྱུད་རིམ་སྟངས་འཛིན་བྱས་ཏེ་བསམ་གཞིགས་དང་རྩད་ཞིབ་བྱ་རྒྱུ་དམིགས་ཡུལ་ལ་འཛིན་གྱི་ཡོད།  རང་བྱུང་ཚན་རིག་ཁོངས་ཀྱི་གསལ་བཤད་རྩོམ་ཡིག་དང་ཅུང་ཟད་རིང་བའི་རྩོམ་ཡིག་ནི་བློ་འདོན་བྱ་རྒྱུ་གཙོ་བོར་བཞག་ན་འཚམ་པོ་ཡོད། 

2 བླང་བྱ།

《སྐད་ཡིག་སློབ་ཚན་གྱི་ཚད་གཞི》ཞེས་པའི་ནང་ལོ་རིམ་མི་འདྲ་བའི་སློབ་མའི་བློ་འདོན་བྱེད་པའི་ཐད་ལ་བླང་བྱ་མི་འདྲ་བ་བཏོན་ཡོད།  ལོ་རིམ་དམའ་བའི་སློབ་མས་བློ་འདོན་བྱ་རྒྱུ་སྦྱོང་བ་དང་སྐད་སྒྲ་མི་འདོན་པ་དང་།   མཛུབ་མོ་འཛུགས་མི་དགོས་པ་བྱེད་ཐུབ་ན་འགྲིག  ལོ་རིམ་འབྲིང་བའི་སློབ་མས་བློ་འདོན་བྱ་རྒྱུ་རིམ་བཞིན་ཤེས་པ་བྱས་ནས་རགས་ཀློག་བྱེད་ཤེས་པ་དང་རྩོམ་ཡིག་གི་གཙོ་དོན་རགས་ཙམ་ཤེས་པ་བྱེད་དགོས།  ལོ་རིམ་མཐོ་བའི་སློབ་མར་བློ་འདོན་བྱེད་པའི་བླང་བྱ་ངེས་གཏན་ཡོད་ཅིང་།  སྤྱིར་སྐར་མ་གཅིག་གི་ནང་ཡིག་འབྲུ་སུམ་བརྒྱ་ལས་མི་ཉུང་བ་ཞིག་ཀློག་ཟིན་པ་བྱེད་དགོས་ཤིང་རགས་ལྟ་བྱ་རྒྱུ་སྦྱོང་དགོས་པ་མ་ཟད་ཤེས་རྒྱ་ཆེ་རུ་བཏང་ནས་དགོས་མཁོ་གཞིར་བཞག་ཆ་འཕྲིན་བསྡུ་རུབ་བྱེད་དགོས། 


བརྡ་འགྲེལ་གདོང་འཛར།

སྐད་ཡིག བློ་འདོན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-06-30

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།