གཏམ་བརྗོད་ཟློས་གར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཏམ་བརྗོད་ཟློས་གར།
གཏམ་བརྗོད་ཟློས་གར་ནི་ཚད་ལྡན་ཡིན་ཞིང་གོ་བདེ་བའི་སྐད་ཆ་དང་ཕྱག་རྒྱ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བ་མཚོན་པར་བྱེད་པའི་ཟློས་གར་གྱི་སྒྱུ་རྩལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
话剧
ཕྱི་ཡིག་གི་མིང་།
Drama
1 ངོ་སྤྲོད།

གཏམ་བརྗོད་ཟློས་གར་ནི་ཚད་ལྡན་ཡིན་ཞིང་གོ་བདེ་བའི་སྐད་ཆ་དང་ཕྱག་རྒྱ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བ་མཚོན་པར་བྱེད་པའི་ཟློས་གར་གྱི་སྒྱུ་རྩལ་ཞིག་ཡིན།  ཀྲུང་གོའི་དུས་སྔ་མོའི་གཏམ་བརྗོད་ཟློས་གར་ནི་སྤྱི་ལོ1907ལོར་བྱུང་ཞིང་།  སྐབས་དེར་ཟློས་གར་གསར་བའམ་ཡ་རབས་ཀྱི་ཟློས་གར་ཞེས་ཟེར་མོད།  འོན་ཀྱང་ལྕགས་ཕག་ལོའི་གསར་བརྗེའི་རྗེས་སུ་རིམ་བཞིན་ཉམས་དམས་སུ་ཕྱིན།  ལྔ་བཞིའི་ལས་འགུལ་གྱི་རྗེས་སུ་ཡོ་རོབ་གླིང་གི་ཟློས་གར་ཀྲུང་གོར་དར་ཞིང་།  ཀྲུང་གོའི་དེང་རབས་ཀྱི་གཏམ་བརྗོད་ཟློས་གར་དར་བ་དང་།  སྐབས་དེར་གཏམ་བརྗོད་ཟློས་གར་ལ་ཨའེ་མའེ་ཟློས་གར་རམ་གཏམ་གླེང་ཟློས་གར་ཞེས་ཟེར་གྱི་ཡོད།  སྤྱི་ལོ1928ལོར་ཟློས་གར་མཁན་ཧུང་ཧྲེན་གྱིས་ཟློས་གར་འདིའི་རིགས་ལ་གཏམ་བརྗོད་ཟློས་གར་ཞེས་མིང་གཏན་འཁེལ་བྱེད་དགོས་པའི་གྲོས་གཞི་བཏོན་པ་ཡིན།

2 ཁྱད་ཆོས།

གཏམ་བརྗོད་ཟློས་གར་ལ་གར་སྟེགས་རང་བཞིན་དང་ཐད་མཐོང་རང་བཞིན།  ཕྱོགས་བསྡུས་རང་བཞིན།  གཏམ་གླེང་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན།

3 ཚབ་མཚོན་བརྩམས་ཆོས།

ཀྲུང་གོའི་མིང་དུ་གྲགས་པའི་གཏམ་བརྗོད་ཟློས་གར་གྱི་སྐོར་ལ་ཐེན་ཧན་གྱི《གྲགས་ཅན་འཁྲབ་སྟོན་པ་གྲོངས་པ》དང་ཧུའུ་ཧྲིའི《ཚེ་གཅིག་གི་དོན་ཆེན》《ཇ་ཁང》  སོགས་ཡོད་པ་དང་།   ཧྲ་ཧྲི་པི་ཡའི《བེ་ཉི་སེའི་ཚོང་པ》ནི་འཛམ་གླིང་དུ་སྐད་གྲགས་ཆོད་པའི་གཏམ་བརྗོད་ཟློས་གར་ཞིག་ཡིན།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-06-30

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།