འབའ་གཞུང་ཞྭ་དམར་ཁྱུང་རྩེའི་ཐར་མདོའི་འཁོར་ལོ་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐར་མདོའི་འཁོར་ལོ་ཆེན་མོ་འདི་ནི། བོད་རབ་རྒྱལ་ས་བྱི་ལོ་སྟེ་སྤྱི་ལོ1984ལོར་ཨ་ཁུ་རྡོ་རྗེ་འཆང་མཆོག་སོག་ཡུལ་དུ་ཕེབས་དུས། ཡུལ་ཕྱོགས་དེའི་བོད་སོག་སྐྱེ་འགྲོ་མང་པོས་གསོན་པོ་དང་གཤིན་པོའི་དགེ་རྩ་ལ་དད་རྫས་དང་ཕྱག་རྫས་མང་པོ་ཕུལ་ཏེ། ཚེ་འདི་ཕྱི་ཡི་ཕན་བདེ་སྐྱབས་བཅོལ་ནན་ཞུས་བྱས་པ་ལ། ཁོང་ཉིད་ཀྱིས་ཐུགས་ལ་སྙིང་རྗེ་ཚད་མེད་འཁྲུངས་ཤིང་ད་འདི་དག་གི་དོན་དུ་ཅི་ཞིག་བྱ་དགོངས་ཏེ་བླ་མ་དང་ཡི་དམ་ལ་གསོལ་བ་དྲག་ཏུ་བཏབ་པས། ལོ་དེའི་ཟླ11པའི་ཚེས25ཉིན་ལ་བླ་མ་རྣལ་འབྱོར་མའི་ཞལ་བསྟན་ཏེ། ཐར་མདོའི་འཁོར་ལོ་ཆེན་པོ་ཞིག་བཞེངས་ན་དད་ལྡན་རྣམས་ཀྱི་རྐྱེན་ངན་བར་ཆད་ཐམས་ཅད་ཞི་ཞིང་། གཤིན་པོ་རྣམས་ངན་སོང་དུ་འགྲོ་བའི་སྒོ་འགགས་ལ། སྐྱེ་བ་བཞེས་པ་ཐམས་ཅད་མྱུར་ཏུ་གྲོལ་བར་གྱུར་རོ་ཞེས་ཞལ་གསུངས་མཛད། དེ་ནས་བླ་མ་རྡོ་རྗེ་འཆང་མཆོག་གིས་བླ་མ་རྣལ་འབྱོར་མའི་གསུངས་བཞིན་དུ་སོག་ཡུལ་དུ་ཐར་མདོའི་འཁོར་ལོའི་དཔར་ཆེ་ཆུང་གཉིས་དང་། རྨ་ཆུའི་ཚུར་རོལ་དུ་ཐར་མདོའི་འཁོར་ལོའི་དཔར་ཆེ་ཆུང་གསུམ་བཅས་བཞེངས་ཏེ། ཡུལ་ཕྱོགས་སོ་སོར་ཐར་མདོའི་འཁོར་ལོ་མང་པོ་བཀྲམ་པའོ།།
གཞི་རྩའི་གནས་ཚུལ།

སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་འབའ་ལུང་ཡུལ་ཚོ།
གནས་ཡུལ།
འབའ་ལུང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཡོད།
1 ངོ་སྤྲོད།

ཐར་མདོའི་འཁོར་ལོ་ཆེན་མོ་འདི་ནི། བོད་རབ་རྒྱལ་ས་བྱི་ལོ་སྟེ་སྤྱི་ལོ1984ལོར་ཨ་ཁུ་རྡོ་རྗེ་འཆང་མཆོག་སོག་ཡུལ་དུ་ཕེབས་དུས། ཡུལ་ཕྱོགས་དེའི་བོད་སོག་སྐྱེ་འགྲོ་མང་པོས་གསོན་པོ་དང་གཤིན་པོའི་དགེ་རྩ་ལ་དད་རྫས་དང་ཕྱག་རྫས་མང་པོ་ཕུལ་ཏེ། ཚེ་འདི་ཕྱི་ཡི་ཕན་བདེ་སྐྱབས་བཅོལ་ནན་ཞུས་བྱས་པ་ལ། ཁོང་ཉིད་ཀྱིས་ཐུགས་ལ་སྙིང་རྗེ་ཚད་མེད་འཁྲུངས་ཤིང་ད་འདི་དག་གི་དོན་དུ་ཅི་ཞིག་བྱ་དགོངས་ཏེ་བླ་མ་དང་ཡི་དམ་ལ་གསོལ་བ་དྲག་ཏུ་བཏབ་པས། ལོ་དེའི་ཟླ11པའི་ཚེས25ཉིན་ལ་བླ་མ་རྣལ་འབྱོར་མའི་ཞལ་བསྟན་ཏེ། ཐར་མདོའི་འཁོར་ལོ་ཆེན་པོ་ཞིག་བཞེངས་ན་དད་ལྡན་རྣམས་ཀྱི་རྐྱེན་ངན་བར་ཆད་ཐམས་ཅད་ཞི་ཞིང་། གཤིན་པོ་རྣམས་ངན་སོང་དུ་འགྲོ་བའི་སྒོ་འགགས་ལ། སྐྱེ་བ་བཞེས་པ་ཐམས་ཅད་མྱུར་ཏུ་གྲོལ་བར་གྱུར་རོ་ཞེས་ཞལ་གསུངས་མཛད། དེ་ནས་བླ་མ་རྡོ་རྗེ་འཆང་མཆོག་གིས་བླ་མ་རྣལ་འབྱོར་མའི་གསུངས་བཞིན་དུ་སོག་ཡུལ་དུ་ཐར་མདོའི་འཁོར་ལོའི་དཔར་ཆེ་ཆུང་གཉིས་དང་། རྨ་ཆུའི་ཚུར་རོལ་དུ་ཐར་མདོའི་འཁོར་ལོའི་དཔར་ཆེ་ཆུང་གསུམ་བཅས་བཞེངས་ཏེ། ཡུལ་ཕྱོགས་སོ་སོར་ཐར་མདོའི་འཁོར་ལོ་མང་པོ་བཀྲམ།

དུས་འགྱུར་གྱི་དབང་གིས་བླ་མ་རྡོ་རྗེ་འཆང་མཆོག་གིས་བཞེངས་པའི་ཐར་མདོའི་འཁོར་ལོའི་དཔར་ཆེ་ཆུང་ལྔ་བོ་རྩ་བརླག་ཏུ་སོང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཟབ་ལམ་རིམ་གཉིས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བའི་ཚེ་རིག་འཛིན་པ་མགོན་རྒྱལ་ལགས་ཀྱིས་རང་གི་རྩ་བའི་བླ་མ་རྡོ་རྗེ་འཆང་མཆོག་གི་ཞལ་གདམས་དང་། རྗེ་བློ་བཟང་འོད་ཟེར་རིན་པོ་ཆེའི་བཀའ་བཞིན་དུ་སྤྱི་ལོ1980ལོ་ནས་མཐུན་རྐྱེན་ལེགས་པོ་བསྐྲུན། དེ་ལ་སྤོས་འདུད་རིན་པོ་ཆེ་དང་། དངོས་གྲུབ་ཚེ་རིང་། སྒྲོལ་བྷ། ཡི་དམ་ཚེ་རིང་། བསྟན་ཁོ། སྟག་འབུམ་རྒྱལ། ཚེ་རིང་མཚོ། ལྕགས་ཐར་སྐྱིད། རྡོ་ཐར། སྒྲོལ་མ་ཐར་བཅས་ཀྱིས་རམ་འདེགས་དང་མཐུན་རྐྱེན་མང་པོ་བསྒྲུབས་པ་དང་། དེ་བཞིན་དད་ལྡན་སྐྱེ་བོ་མང་པས་འབྲེལ་གང་ཐོགས་བྱུང་བའི་འོག་དཔར་ཐེངས་དང་པོ། སྤྱི་ལོ1981ལོའི་ལུགས་རྙིང་གི་ཟླ9པའི་ཚེས8ཉིན་ལ་སྔོན་གྱི་དཔར་རྙིང་ལ་མ་ཕྱི་བྱས་ཏེ་དཔར་འགོ་བརྩམས། སྤྲུལ་སྐུ་འཇམ་དབྱངས་ལེགས་བཤད་རྒྱ་མཚོས་ཐར་མདོ་འཁོར་ཆེན་གྱི་དཔར་ལ་ཞིབ་དག་ཐེངས་གསུམ་གནང་ཞིང་། དཔར་རྐོན་བཅུ་དྲུག་གིས་ཟླ་གཉིས་ལྷག་ལ་འབད་བརྩོན་བྱས་ཏེ་ཟླ11པའི་ཚེས10ཉིན་ལེགས་གྲུབ་བྱུང་། འདི་ལ་གསེར་ལེགས་དགོན་པའི་བླ་སྤྲུལ་བཅུ་ལྷག་གིས་རབ་གནས་ལེགས་པར་མཛད། སྤྱི་ལོ1982ལོའི་ལུགས་རྙིང་གི་ཟླ6པའི་ཚེས4ཉིན་དད་ལྡན་སྐྱེ་བོ་བརྒྱ་ཕྲག་གིས་ཕྲག་ཏུ་ཁུར་ཏེ་བླ་སྤྲུལ་དང་དགེ་འདུན་ཚོགས་ཀྱིས་རྒྱ་གླིང་ལ་སོགས་པའི་རོལ་མོས་མདུན་བསུས་ཏེ་གསེར་ལགས་དགོན་པར་གདན་དྲངས།

སྤྱི་ལོ1984ལོར་སྤོས་འདུད་རིན་པོ་ཆེས་ཐར་མདོའི་འཁོར་ཆེན་དཔར་སྔོན་མས་སེམས་ཅན་གྱི་རེ་འདོད་ཚིམ་མེད་པས་མགོན་རྒྱལ་ཁྱོད་ཀྱིས་དཔར་གཉིས་པ་བརྐོ་དགོས་ཞེས་བཀའ་ནན་མཛད། སྤོས་འདུད་རིན་པོ་ཆེའི་བཀའ་ལྡོག་མ་ནུས་པར་ཚེ་རིག་འཛིན་པ་མགོན་རྒྱལ་ལགས་ཀྱིས་སྤྱི་ལོ1984ལོའི་ཟླ9པའི་ཚེས15ཉིན་རེབ་གོང་ནས་དཔར་གཉིས་པ་བཞེངས་རྒྱུར་བཀོད་སྒྲིག་དང་མཐུན་རྐྱེན་ལེགས་པོ་བསྐྲུན་ཏེ། སྤྱི་ལོ1985ལོའི་ཟླ6པའི་ཚེས25ཉིན་དཔར་གཉིས་པ་ལགས་བཞེངས་བྱས་ཏེ་འབའ་ཞོལ་མའི་མགོན་རྒྱལ་རང་ཁྱིམ་དུ་གདན་དྲངས། ཐར་མདོའི་འཁོར་ལོ་འདི་གཤིན་པོ་རྣམས་ཀྱིས་དོན་དུ་བསྐོར་ན། ལས་ངན་ཆེན་པོ་བསགས་པ་ཡིན་ཡང་ངན་སོང་དུ་མི་འགྲོ་ཞིང་། གསོན་པོ་འཆི་ཁར་ཐར་མདོའི་འཁོར་ལོ་འདི་སྤྱི་གཙུག་ཏུ་བསྐོར་ན་འཕོ་བ་འདེབས་མི་དགོས། ཚེ་འདིར་ཡང་དགྲ་གདོན་གྱིས་གཙེ་པ་དང་ནད་དང་བགེགས་གང་གི་དོན་དུ་བསྐོར་ཡང་ཕན་ཐོགས་དང་དགེ་བ་ཆེན་པོ་ཡོད་པས། ད་སྐབས་མཚོ་སྔོན་གྱི་ཡུལ་གྲུ་ཕལ་མོ་ཆེར་དར་ཡོད་པ་དང་། སྒོས་སུ་མཚོ་ལྷོ་ས་ཁུལ་དུ་ཕལ་ཆེར་ཁྱིམ་ཚང་རེ་ནའང་ཐར་མདོའི་འཁོར་ལོ་རེ་ཡོད་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-26

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།