རྒྱ་བཟའི་གྲུབ་ཐོབ་སྐུ་གདུང་མཆོད་རྟེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཆོད་རྟེན་འདི་ནི་རྨ་ཡུལ་རོང་བོ་བློན་ཆོས་རྒྱ་བཟའི་གྱི་ལིང་སྐོར་ཆུའི་ཁ་ཐོག་ཏུ་བཞུགས་པའི་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་གྲས་སུ་གཏོགས་པར་གྲགས་པའི་རྒྱ་བཟའི་གྲུབ་ཐོབ་པ་ཆེན་པོ་ཨ་ཁུ་བསྟན་རྒྱས་ཞིང་གཤེགས་ཚང་གི་སྐུ་གདུང་མཆོད་རྟེན་གྱི་ཚུལ་དུ་བཞེངས་པ་ཡིན་ཞིང་། ཁོང་ནི་འབྲོག་མི་ཕལ་བ་ཞིག་གི་ལུས་རྟེན་བླངས་ནའང་མི་མ་ཡིན་གྱི་སྣང་ཚུལ་མཛད་ཅིང་། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་དབུ་ལ་པད་ཞྭ་མནབས་ཤིང་། ཕྱག་ལ་མདུང་དར་བསྣམས་པ། དམ་པའི་ཆོས་ལ་ཕྱོགས་པ། བདུད་རྩི་ཆང་ལ་དགའ་བ། ཁ་བཤད་དོན་ལ་གནས་པ། ཆོས་ཐོག་ཆེན་པོ་དང་། སྤྱི་རུང་འཚོགས་ས། མི་ཚོགས་འདུས་ས་གང་ལ་ཡང་བྱོན་ཡོད་པ། མ་རུང་རྒྱ་འདྲེ་འགོང་བོ་དང་དགྲ་བགེགས་གཤེད་མའི་ཁ་གནོན་དུ་བཞུགས་ཡོད་ཟེར་བ། མངོན་རྟགས་སྣ་ཚོགས་དང་བཅོས་མའམ་རྟོགས་བཟོ་མ་ཡིན་པའི་ཐུན་མོང་གི་ཁྱད་ཆོས་གང་མང་མཛད་པའི་སྐྱེས་བུ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་འབྲོང་འཐུས་ཡུལ་ཚོ།
གནས་ཡུལ།
འབྲོང་འཐུས་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་ན་ཡོད།
1 ངོ་སྤྲོད།

མཆོད་རྟེན་འདི་ནི་རྨ་ཡུལ་རོང་བོ་བློན་ཆོས་རྒྱ་བཟའི་གྱི་ལིང་སྐོར་ཆུའི་ཁ་ཐོག་ཏུ་བཞུགས་པའི་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་གྲས་སུ་གཏོགས་པར་གྲགས་པའི་རྒྱ་བཟའི་གྲུབ་ཐོབ་པ་ཆེན་པོ་ཨ་ཁུ་བསྟན་རྒྱས་ཞིང་གཤེགས་ཚང་གི་སྐུ་གདུང་མཆོད་རྟེན་གྱི་ཚུལ་དུ་བཞེངས་པ་ཡིན་ཞིང་། ཁོང་ནི་འབྲོག་མི་ཕལ་བ་ཞིག་གི་ལུས་རྟེན་བླངས་ནའང་མི་མ་ཡིན་གྱི་སྣང་ཚུལ་མཛད་ཅིང་། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་དབུ་ལ་པད་ཞྭ་མནབས་ཤིང་། ཕྱག་ལ་མདུང་དར་བསྣམས་པ། དམ་པའི་ཆོས་ལ་ཕྱོགས་པ། བདུད་རྩི་ཆང་ལ་དགའ་བ། ཁ་བཤད་དོན་ལ་གནས་པ། ཆོས་ཐོག་ཆེན་པོ་དང་། སྤྱི་རུང་འཚོགས་ས། མི་ཚོགས་འདུས་ས་གང་ལ་ཡང་བྱོན་ཡོད་པ། མ་རུང་རྒྱ་འདྲེ་འགོང་བོ་དང་དགྲ་བགེགས་གཤེད་མའི་ཁ་གནོན་དུ་བཞུགས་ཡོད་ཟེར་བ། མངོན་རྟགས་སྣ་ཚོགས་དང་བཅོས་མའམ་རྟོགས་བཟོ་མ་ཡིན་པའི་ཐུན་མོང་གི་ཁྱད་ཆོས་གང་མང་མཛད་པའི་སྐྱེས་བུ་ཞིག་ཡིན་ཞིང་། དུས་རབས་ཉེར་གཅིག་པའི་དུས་མགོར་སྒར་གྲོང་གཉེན་མི་རྣམས་ལ་གཏན་དུ་བྲལ་བའི་ངོ་ཐུག་དང་ཞལ་ཆེམས་ལྟ་བུ་གང་མང་མཛད་རྗེས། འཛམ་གླིང་གེ་སར་རྒྱལ་བོའི་རྟ་མཆོག་རྐྱང་རྒོད་འཕེར་བའི་རྟ་ཕུར་ཡིན་ཟེར་བའི་གྱི་ལིང་རྡོ་ལངས་རིང་མོའི་མདུན་དུ་རྗེ་བཙུན་མའི་རྡོ་སྐུ་ཞིག་བཞེངས་པ་དང་རྡོ་ལངས་སྟེ་ལ་དར་བཏེགས་ནས་རྟེན་འབྲེལ་བསྒྲིགས་པ་མ་ཟད། དར་ལྕོགས་སྣ་ཚོགས་དར་ལྕེ་དར་ལུང་དང་བཅས་པ་གྲངས་ལས་འདས་པ་ལེགས་པར་བསྒྲིགས་ནས། བསམ་བཞིན་དུ་མེ་སྐྱོན་ཙམ་ཡང་མེད་པར་སྐུ་ལུས་ཡོངས་སུ་མེ་རི་འབར་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པས། རྒྱ་བཟའི་བཀྲ་ཤིས་ཆོས་སྒང་གི་བསྟན་པའི་མངའ་བདག་ཆེན་མོ་སྐུ་གཞོགས་ཨོ་རྒྱན་བྱམས་པ་བློ་བཟང་ཆོས་གྲགས་ཚང་གིས་ཞལ་བཀོད་གནང་བ་ལྟར། གོང་ནས་བསྟན་ཟིན་པའི་གནས་མཆོག་རྡོ་ལངས་རིང་མོ་དེ་གཟུངས་གཞུག་དང་སྲོག་ཤིང་བྱས་ཏེ་དམ་པ་འདི་ཉིད་དགེ་བའི་རྩ་བར་གྱུར་བ་སྐུ་གདུང་མཆོད་རྟེན་བཞེངས་པར་གྲགས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-26

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།