སྲིད་དབང་རྒྱུད་འཛིན་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལམ་ལུགས་འདི་ནི་ཀྲུང་གོའི་གནའ་རབས་སྤྱི་ཚོགས་ཀྱི་ཁྲོད་ཁྱིམ་རྒྱུན་གཅིག་གིས་མི་རབས་ནས་མི་རབས་ལ་སྲིད་དབང་རྒྱུད་འཛིན་པ་སྟེ། ཕ་འདས་ན་བུས་སྲིད་དབང་རྒྱུད་འཛིན་པ་དང་། ཕུ་བོ་འདས་ན་ནུ་བོས་དབང་ཆ་རྒྱུད་འཛིན་པའི་ལམ་ལུགས་ལ་ཟེར། ཞ་རྒྱལ་རབས་ནས་བཟུང་སྒེར་དབང་ལམ་ལུགས་འཕེལ་རྒྱས་བྱུང་བས་དབང་ཆ་རྒྱུད་འཛིན་ལམ་ལུགས་བྱུང་ཞིང་། ཀྲུང་གོའི་ལོ་རྒྱུས་སུ་ཧ་ལམ་ལོ་ངོ4000ཙམ་ལ་རྒྱུན་བསྐྱངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
世袭制
ཕྱི་ཡིག་གི་མིང་།
Hereditary Monarchy , Hereditary System
འགྲེལ་བ།
ཁྲག་རྒྱུད་འབྲེལ་བ་ལྟར་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་པ།
ངོ་བོ།
ཆབ་སྲིད།
འབྱུང་ཁུངས།
ཞུན་ཡོན་ཏི་ནས་མགོ་བཙུགས་པ་དང་ཞ་རྒྱལ་རབས་སྐབས་གཏན་ཁེལ་བྱས་པ།
བཟང་ཆ།
རྒྱལ་ཁབ་གཅིག་གྱུར་ལ་ཕན་པ།
1 ངོ་སྤྲོད།

ལམ་ལུགས་འདི་ནི་ཀྲུང་གོའི་གནའ་རབས་སྤྱི་ཚོགས་ཀྱི་ཁྲོད་ཁྱིམ་རྒྱུན་གཅིག་གིས་མི་རབས་ནས་མི་རབས་ལ་སྲིད་དབང་རྒྱུད་འཛིན་པ་སྟེ། ཕ་འདས་ན་བུས་སྲིད་དབང་རྒྱུད་འཛིན་པ་དང་། ཕུ་བོ་འདས་ན་ནུ་བོས་དབང་ཆ་རྒྱུད་འཛིན་པའི་ལམ་ལུགས་ལ་ཟེར། ཞ་རྒྱལ་རབས་ནས་བཟུང་སྒེར་དབང་ལམ་ལུགས་འཕེལ་རྒྱས་བྱུང་བས་དབང་ཆ་རྒྱུད་འཛིན་ལམ་ལུགས་བྱུང་ཞིང་། ཀྲུང་གོའི་ལོ་རྒྱུས་སུ་ཧ་ལམ་ལོ་ངོ4000ཙམ་ལ་རྒྱུན་བསྐྱངས། སྐབས་དེའི་ལོ་རྒྱུས་ཆ་རྐྱེན་ལ་བལྟོས་ནས་བཤད་ན་ལམ་ལུགས་འདིས་རྒྱ་ཁབ་དང་སྤྱི་ཚོགས་བདེ་འཇགས་ལ་ནུས་པ་མི་དམན་པ་ཞིག་ཐེབས་ཡོད་ཀྱང་། རྗེས་སུ་ལོ་རྒྱུས་འཕེལ་རྒྱས་ཀྱི་འཆིང་རྒྱ་རུ་གྱུར་པ་དང་། ལྕགས་ཕག་ལོའི་གསར་རྗེས་ཀྱིས་མན་ཇུ་སྲིད་དབང་བསྣུབས་པ་དང་མཉམ་དུ་སྲིད་དབང་རྒྱུད་འཛིན་ལམ་ལུགས་རྩ་མེད་དུ་བཏང་བ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-05-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།