སན་ཞན་ཏུའེ་རིག་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སན་ཞན་ཏུའེ་རིག་གནས།
སན་ཞན་ཏུའེ་རིག་གནས་ནི་སི་ཁྲོན་ཞིང་ཆེན་ས་ཁུལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་གནའ་བོའི་རིག་གནས་ཤིག་སྟེ། ད་ལྟའི་བར་དུ་ལོ་ངོ4800ནས2800ཙམ་འགོར་ཡོད། དེ་ཡང་སྤྱི་ལོ1929ལོའི་དཔྱིད་ཀར་སི་ཁྲོན་ཀོང་ཧན་གྱི་ཞིང་པ་ཞིག་གིས་ཆུ་རྐ་རྐོ་བའི་སྐབས་ས་འོག་ནས་ཚོན་མདངས་རྣམ་པར་བཀྲ་བའི་གཡང་ཊི་ཞིག་རྙེད། དེའི་རྗེས་སུ་མི་རྣམས་ཀྱིས་ས་དེ་ནས་གནའ་རྫས་རྩ་ཆེན400ལྷག་བརྐོས་པ་རེད། གནའ་ཤུལ་དེ་དང་དེ་ལས་རྙེད་པའི་གནའ་རྫས་ནི་གནའ་བོའི་སྤྱི་ཚོགས་དང་ཆེས་གནའ་དུས་ཀྱི་སྤྱི་ཚོགས་རྣམ་པར་ཞིབ་འཇུག་ལ་རིག་གཞུང་རིན་ཐང་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三星堆遗址
ཕྱི་ཡིག་གི་མིང་།
Sanxiandui culture
གནས་ཡུལ།
སི་ཁྲོན་ཀུང་ཧན་ལྷོ་ཕྱོགས་ཀྱི་ཞེང་གྲོང་རྡལ།
ཁྱབ་ཁོངས།
གནའ་དཔྱད་རིག་པ། ལོ་རྒྱུས་རིག་པ།
1 ངོ་སྤྲོད།

སན་ཞན་ཏུའེ་རིག་གནས་ནི་སི་ཁྲོན་ཞིང་ཆེན་ས་ཁུལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་གནའ་བོའི་རིག་གནས་ཤིག་སྟེ། ད་ལྟའི་བར་དུ་ལོ་ངོ4800ནས2800ཙམ་འགོར་ཡོད། དེ་ཡང་སྤྱི་ལོ1929ལོའི་དཔྱིད་ཀར་སི་ཁྲོན་ཀོང་ཧན་གྱི་ཞིང་པ་ཞིག་གིས་ཆུ་རྐ་རྐོ་བའི་སྐབས་ས་འོག་ནས་ཚོན་མདངས་རྣམ་པར་བཀྲ་བའི་གཡང་ཊི་ཞིག་རྙེད། དེའི་རྗེས་སུ་མི་རྣམས་ཀྱིས་ས་དེ་ནས་གནའ་རྫས་རྩ་ཆེན400ལྷག་བརྐོས་པ་རེད། དེ་ནི་སན་ཞན་ཏིའི་རིག་གནས་རྗེས་སུ་ཤུལ་ཏེ། སྤྱི་ལོ1993ལོར་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ12ཙམ་ལ་ཁྱབ་ཡོད་པའི་གནའ་ཤུལ་རྐོ་འཚོལ་གྱི་མགོ་དངོས་སུ་བརྩམས། དེའི་ཤར་ལྷོ་ནུབ་བཅས་ཕྱོགས་ཀྱི་མཁར་གྱང་ཅུང་ཆ་ཚང་བ་ཉར་ཐུབ་ཡོད་པར་མ་ཟད། ལོ་རྒྱུས་རིག་གནས་སྒྱུ་རྩལ་གྱི་རིན་ཐང་ཆེ་ཞིང་མཛེས་རྩལ་ཕུན་སུམ་ཚོགས་པའི་གནའ་རྫས་མང་དུ་ཐོན་པ་དཔེར་ན། བཟོ་དབྱིབས་སྣ་ཚོགས་ཀྱི་ལི་ཆས་དང་། གཟི་མདངས་བཀྲ་བའི་ཟངས་ཆས། རི་མོ་སྣ་ཚོགས་ཀྱི་སྤྲས་པའི་གཡང་ཊི་སོགས་སོ། ། གནའ་ཤུལ་དེ་རྙེད་པ་ལས་གནའ་མིའི་ལོ་རྒྱུས་ལ་བརྟག་དཔྱད་ཀྱི་སྒོ་འཕར་ཕྱེ་ཞིང་། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་གྱི་རྒྱལ་ཁབ་ཀྱི་རྣམ་པ་ཐོག་མར་མངོན་པར་བྱས་པ་སྟེ། གནའ་ཤུལ་དེ་དང་དེ་ལས་རྙེད་པའི་གནའ་རྫས་ནི་གནའ་བོའི་སྤྱི་ཚོགས་དང་ཆེས་གནའ་དུས་ཀྱི་སྤྱི་ཚོགས་རྣམ་པར་ཞིབ་འཇུག་ལ་རིག་གཞུང་རིན་ཐང་ཆེ་ཞིང་། མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ཞིབ་འཇུག་ལ་དངོས་ཡོད་རྒྱུ་ཆ་རིན་ཐང་གཞལ་དུ་མེད་པ་ཞིག་བཏོན་པ་རེད། སྤྱི་ལོ1988ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གནའ་རྫས་སྲུང་སྐྱོབ་ལས་ཁུངས་གཙོ་བོར་ཁྱབ་བསྒྲགས་བྱས་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-05-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།