ཀྲུང་གོའི་ཤེས་བྱ་ཀུན་བཏུས་དཔེ་མཛོད་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོའི་ཤེས་བྱ་ཀུན་བཏུས་དཔེ་མཛོད་ཆེན་མོ།
《ཀྲུང་གོའི་ཤེས་བྱ་ཀུན་བཏུས་དཔེ་མཛོད་ཆེན་མོ》ནི་ཕྱོགས་བསྡུས་རང་བཞིན་གྱི་དེང་རབས་ཀྱི་ཤེས་བྱ་ཀུན་བཏུས་དཔེ་མཛོད་ཀྱི་ལས་མཁོའི་དཔེ་དེབ་ཆེ་གྲས་དང་པོ་དེ་ཡིན་ལ། དེ་ནི་ཀྲུང་གོའི་ཤེས་བྱ་ཀུན་བཏུས་དཔེ་མཛོད་ཆེན་མོའི་སྤྱི་འགན་རྩོམ་སྒྲིག་ཨུ་ལྷན་དང་ཀྲུང་གོའི་ཤེས་བྱ་ཀུན་བཏུས་དཔེ་མཛོད་ཆེན་མོའི་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་དང་པར་བསྐྲུན་བྱས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国大百科全书
རིགས།
ཚན་རིག་ཁྱབ་སྤེལ།
པར་སྐྲུན་དུས་ཚོད།
སྤྱི་ལོ1993ལོའི་ཟླ9པའི་ཚེས18ཉིན།
གྲུབ་འབྲས།
རྒྱལ་ཁབ་དཔེ་མཛོད་བྱ་དགའི་གཟི་ལྡན་བྱ་དགའ་ཐོབ།
1 ངོ་སྤྲོད།

《ཀྲུང་གོའི་ཤེས་བྱ་ཀུན་བཏུས་དཔེ་མཛོད་ཆེན་མོ》ནི་ཕྱོགས་བསྡུས་རང་བཞིན་གྱི་དེང་རབས་ཀྱི་ཤེས་བྱ་ཀུན་བཏུས་དཔེ་མཛོད་ཀྱི་ལས་མཁོའི་དཔེ་དེབ་ཆེ་གྲས་དང་པོ་དེ་ཡིན་ལ།  དེ་ནི་ཀྲུང་གོའི་ཤེས་བྱ་ཀུན་བཏུས་དཔེ་མཛོད་ཆེན་མོའི་སྤྱི་འགན་རྩོམ་སྒྲིག་ཨུ་ལྷན་དང་ཀྲུང་གོའི་ཤེས་བྱ་ཀུན་བཏུས་དཔེ་མཛོད་ཆེན་མོའི་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་དང་པར་བསྐྲུན་བྱས་པ་ཞིག་ཡིན་ཞིང་།  པར་ཐེངས་དང་པོའི་དེབ་ཆ་ཚང་ལ་བམ་པོ་བདུན་ཅུ་དོན་བཞི་ཡོད་པ་དང་དེ་དག་རིག་ཚན་ནམ་ཡང་ན་ཤེས་བྱའི་རྣམ་གྲངས་ལ་གཞིགས་ནས་བམ་པོ་ཕྱེ་སྟེ་པར་བསྐྲུན་བྱས་པ་མ་ཟད་བཤར་བྱང་གི་རྣམ་པར་བརྟེན་ནས་ཆ་ཚང་བ་དང་མ་ལག་ཡོད་པ།  གནད་བསྡུས་ཀྱིས་ཚན་རིག་ཤེས་བྱ་དང་རྩ་བའི་དངོས་དོན་ངོ་སྤྲོད་བྱས་ཡོད།   དེའི་ནང་དོན་ལ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག  རྩོམ་རིག་སྒྱུ་རྩལ།  རིག་གནས་སློབ་གསོ།  རང་བྱུང་ཚན་རིག  ལས་གྲྭའི་ལག་རྩལ་སོགས་ཀྱི་རིག་ཚན་གྱི་ཁྱབ་ཁོངས་ཚུད་ཡོད་ལ།  རྩོམ་སྒྲིག་པའི་ཁོངས་སུ་ཆེད་ལས་མཁས་པ་དང་ཤེས་ལྡན་མི་སྣ་ཁྲི་གཉིས་ལ་ཉེ་བ་ཞུགས་ཡོད།  དེབ་ཆ་ཚང་གི་རིག་ཚན་བམ་པོའི་བཤར་བྱང་ནི་རྒྱ་ཡིག་གི་སྒྲ་སྦྱོར་ཀ་མད་གཞིར་བཟུང་ནས་རིམ་པ་བསྒྲིགས་ཡོད་པ་དང་གཞུང་དོན་དངོས་ཀྱི་བཤར་བྱང་མདུན་དུ་སྤྱིར་བཏང་རིག་ཚན་བམ་པོ་དེའི་ནང་དོན་ཕྱོགས་བསྡུས་བྱས་པའི་རྩོམ་ཡིག་ངོ་སྤྲོད་བྱས་པ་དང་སྦྲེལ་ནས་རིག་ཚན་བམ་པོ་དེའི་མ་ལག་མཚོན་པའི་བཤར་བྱང་རིགས་དབྱེའི་དཀར་ཆག་ཟུར་བཀོད་བྱས་ཡོད་ལ།  གཞུང་དོན་དངོས་ཀྱི་བཤར་བྱང་གི་རྗེས་སུ་སྤྱིར་བཏང་རིག་ཚན་དེ་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེ་བའི་དོན་དང་དོན་ཆེན་གྱི་ལོ་ཟླ་སོགས་ངོ་སྤྲོད་བྱས་ཡོད། 

པར་ཐེངས་གཉིས་པ་དེ་སྤྱི་ལོ2002ལོར་འགོ་བཙུགས་ནས་བཟོ་བཅོས་བསྐྱར་བསྒྲིགས་བྱས་ལ།  《ཀྲུང་གོའི་ཤེས་བྱ་ཀུན་བཏུས་དཔེ་མཛོད་ཆེན་མོ》བཟོ་བཅོས་བསྐྱར་བསྒྲིགས་བྱས་རྗེས་པར་ཐེངས་གཉིས་པའི་དེབ་ཆ་ཚང་ལ་བམ་པོ་བསྡོམས་པས་སུམ་ཅུ་སོ་གཉིས་ཡོད་ཅིང་།  དེའི་ནང་གཞུང་དངོས་བམ་པོ་སུམ་ཅུ་ཐམ་པ་དང་ཟུར་བཀོད་བམ་པོ་གཉིས་ཡོད་པ་དང་།  བམ་པོ་རེར་ཡིག་འབྲུ་འབུམ་གཅིག་དང་ཁྲི་ལྔ་ཙམ་རེ་ཡོད་པ་ཡིན།

2 ཞར་བྱུང་།

བློ་མཐུན་ཏེང་ཞའོ་ཕིང་གི་ཐུགས་ཁུར་འོག་སྤྱི་ལོ1978ལོར་ཀྲུང་གོའི་ཤེས་བྱ་ཀུན་བཏུས་དཔེ་མཛོད་ཆེན་མོའི་དཔེ་སྐྲུན་ཁང་དབུ་བརྙེས་ལ།   དཔེ་སྐྲུན་ཁང་འདི་ནི《ཀྲུང་གོའི་ཤེས་བྱ་ཀུན་བཏུས་དཔེ་མཛོད་ཆེན་མོ》པར་བསྐྲུན་ཆེད་དུ་བཙུགས་པའི་དཔེ་སྐྲུན་ཁང་ཞིག་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-06-30

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།