ཅོང་ཞི། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཅོང་ཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རྡོ་སྨན་གྱི་རིགས་ཤིག)

ཅོང་ཞི།
བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་ཕལ་མོ་ཆེར་ཡོད་ཅིང་། ཅོང་ཞིའི་རིགས་ཐུན་མོང་གི་མཚན་ཉིད་ནི་ཁྲོབ་པས་བཏུལ་སླ་བ་དང་ཡོང་རྫོགས་རྡོ་སྲུབས་ཡིན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
寒水石(各种石膏)
ཕྱི་ཡིག་གི་མིང་།
Calcitum
མིང་གཞན།
ཤེ་ལོ་ད་ཀ མཚན་མོའི་འོད་ཅན། གཅོང་ནད་ཆིག་ཐུབ། ཟླ་བའི་བུ། ལྷ་བུའི་ཁམས། རྡོའི་དྭངས་མ། རྡོ་བཅུད། སྲིད་པའི་ཁམས། རྡོའི་ད་བྱིད། རུས་པའི་གསོས། རྡོའི་ཚིལ་བུ། ཚིལ་བུ་དར་ཡ་ཀན། སྲིད་པའི་བྱང་སེམས་དཀར་པོ་རྣམས་སོ།།
རིགས་དབྱེ།
གཏེར་དངོས།
1 ངོ་སྤྲོད། 

ཅོང་ཞི་ནི་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་ཕལ་མོ་ཆེར་ཡོད་ཅིང་། ཅོང་ཞིའི་རིགས་ཐུན་མོང་གི་མཚན་ཉིད་ནི་ཁྲོབ་པས་བཏུལ་སླ་བ་དང་ཡོང་རྫོགས་རྡོ་སྲུབས་ཡིན་པ་སྲ་ཚད་མཐོ་ཤོས3.5°ལས་མི་བརྒལ་བ། རྡོ་ལ་རི་མོ་བྲིས་ན་དཀར་པོ་དོད་པ། སོལ་མེར་བསྲེགས་རྗེས་དཀར་པོ་དང་དེ་ཆུར་སྦྱང་ན་ཞོ་ལྟར་འགྲོ་བ། ཕལ་ཆེ་བའི་གྲུབ་ཆ་གཙོ་བོ་ནིCaCO3(碳酸钙)དངCaSO4(硫酸钙)སོགས་ཀའེ་རིགས་སྣ་ཚོགས་ཡིན་པ། བསྡུར་ལྗིད་ཁེ2.3~2.8ཡིན་པའོ།། དབྱེ་བ་ནི་རིམ་བཞིན་བསྟན་པ་ལས།

ཕོ་ཅོང་མཆོག་ནི་གྲུ་བཞི་རྒྱམ་ཚྭ་འདྲ་ཞེས་ཇི་ལྟར་བཅག་ཀྱང་གྲུ་བཞིར་འགྲོ་བ། དཀར་ལ་ཅུང་ཟད་དྭངས་པ། ལྷད་མ་འདྲེས་པ་སྒྲིབ་མེད་དྭངས་པ (方解石 Calcitumདང冰洲石ཞེས་པ)ཞིག་ཡིན།

རབ་ནི་རྟ་སོ་ཆག་པ་འདྲ( 菱面体状菱镁矿MgCo3)ཞེས་སུལ་རྩིང་ལ་འོད་ཆེ་བ་དཀར་ལ་མཁྲེགས་པ།

.jpg

འབྲིང་ནི་ལ་ཕུག་གཤག་པ་འདྲ(重晶石Gypsum irregulare)ཞེས་སུལ་འཇམ་ལ་ཁ་དོག་དཀར་ཞིང་འཐིབ་ཆེ་བ་མ་གཏོགས་མཆོག་དང་རྡོ་རྒྱུ་གཅིག་གོ།།

.jpg

ཐ་མ་དཀར་གོང་ཕལ་པ་འདྲ་ཞེས་འོད་ཆུང་ལ་མཁྲེགས་པའམ་ཡང་ན་སྔོ་ཟར་དཀར་གོང་སྲིན་ཅན་འདྲ་བ་ལྷད་འདྲེས་ཚད་ཆེ་བ་ལས་མཆོག་འབྲིང་གཉིས་དང་རྡོ་རྒྱུ་གཅིག་པ་བཅས་བཞིའོ།།

.jpg

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-03

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།