བདེ་སྐྱིད་གཙུག་ལག་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསེར་ཆེན་རི་བོའི་འདབས་རོལ་གྱི་ཆབ་ཆ་བདེ་སྐྱིད་དར་ཐང་གི་ཕང་བར་གནས་པའི་བདེ་སྐྱིད་ཚོ་བ་ནི། སྦྱིན་བདག་ཆེན་མོ་བསོད་ནམས་རྡོ་རྗེ་མཆོག་གིས་ཕན་བདེའི་རྩ་བ་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་། ཡངས་པའི་འཇིག་རྟེན་ཁམས་ཀྱི་ལུས་ཅན་མཐའ་དག་ཚེ་རིང་ནད་མེད་དགའ་བདེས་འཚོ་བ་དང་མཐར་ཐུག་བླ་ན་མེད་པའི་འབྲས་བུ་ཐོབ་པ། རིས་མེད་བསྟན་འཛིན་སྐྱེས་བུའི་ཞབས་པད་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་མ་ལུས་ཀེག་མེད་དུ་འགྲུབ་པ་སོགས་ཀྱིས་སླད་དུ་དམིགས་ནས་གསར་དུ་བསྐྲུན་པའི་ཚོ་བ་ཞིག་ཡིན་ལ། འདི་རུ་མི་ཁྱིམ་ཆིག་སྟོང་ལྷག་འདུས་ཤིང་མི་རྣམས་བདེ་ཞིང་སྐྱིད་པ་དང་ཚེ་བསོད་ལོངས་སྤྱོད་རྒྱས་པའི་སྨོན་འདུན་དུ། འགྲོ་བ་ཀུན་ལ་མ་འདྲེས་པའི་དགེ་བའི་བཤེས་གཉེན་ཆེན་པོ། ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་མགུལ་གྱིས་བུམ་བཟང་ལས་ཐོན་པའི་ལྗགས་བཀོད་ལྟར་བདེ་སྐྱིད་ཚོ་བ་ཞེས་མཚན་བཏགས་གནང་བ་དང་། འདི་གའི་སྡོད་དམངས་རྣམས་ལ་བསམ་བློའི་རིག་གནས་དང་འཚོ་བའི་ཁོར་ཡུག་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཆེད་ཚོ་བ་འདིའི་ཕུ་རུ་གཙུག་ལག་ཁང་ཆེན་པོ་ཞིག་བཞེངས་པའོ།།
གཞི་རྩའི་གནས་ཚུལ།

སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ།
གནས་ཡུལ།
ཆབ་ཆ་གྲོང་རྡལ་གསེར་ཆེན་རི་བོའི་འདབས་རོལ་དུ་ཡོད།
1 ངོ་སྤྲོད།

གསེར་ཆེན་རི་བོའི་འདབས་རོལ་གྱི་ཆབ་ཆ་བདེ་སྐྱིད་དར་ཐང་གི་ཕང་བར་གནས་པའི་བདེ་སྐྱིད་ཚོ་བ་ནི། སྦྱིན་བདག་ཆེན་མོ་བསོད་ནམས་རྡོ་རྗེ་མཆོག་གིས་ཕན་བདེའི་རྩ་བ་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་། ཡངས་པའི་འཇིག་རྟེན་ཁམས་ཀྱི་ལུས་ཅན་མཐའ་དག་ཚེ་རིང་ནད་མེད་དགའ་བདེས་འཚོ་བ་དང་མཐར་ཐུག་བླ་ན་མེད་པའི་འབྲས་བུ་ཐོབ་པ། རིས་མེད་བསྟན་འཛིན་སྐྱེས་བུའི་ཞབས་པད་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་མ་ལུས་ཀེག་མེད་དུ་འགྲུབ་པ་སོགས་ཀྱིས་སླད་དུ་དམིགས་ནས་གསར་དུ་བསྐྲུན་པའི་ཚོ་བ་ཞིག་ཡིན་ལ། འདི་རུ་མི་ཁྱིམ་ཆིག་སྟོང་ལྷག་འདུས་ཤིང་མི་རྣམས་བདེ་ཞིང་སྐྱིད་པ་དང་ཚེ་བསོད་ལོངས་སྤྱོད་རྒྱས་པའི་སྨོན་འདུན་དུ། འགྲོ་བ་ཀུན་ལ་མ་འདྲེས་པའི་དགེ་བའི་བཤེས་གཉེན་ཆེན་པོ། ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་མགུལ་གྱིས་བུམ་བཟང་ལས་ཐོན་པའི་ལྗགས་བཀོད་ལྟར་བདེ་སྐྱིད་ཚོ་བ་ཞེས་མཚན་བཏགས་གནང་བ་དང་། འདི་གའི་སྡོད་དམངས་རྣམས་ལ་བསམ་བློའི་རིག་གནས་དང་འཚོ་བའི་ཁོར་ཡུག་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཆེད་ཚོ་བ་འདིའི་ཕུ་རུ་གཙུག་ལག་ཁང་ཆེན་པོ་ཞིག་བཞེངས་པ་ནི་རྒྱ་ཆེ་ཞིང་དཔངས་མཐོ་བ་དང་ལྟ་བའི་མིག་གི་བདུད་རྩི་རུ་གྱུར་ཅིང་གཟི་བྱིན་དཔལ་གྱིས་མངོན་པར་ཕྱུག་པ་དེ་ཡི་རྒྱ་ཁྱོན་ལ་རྨིད་ཉིས་སྟོང་ཡོད་པ་དང་། མཐོ་ཚད་ལ་རྨིད་ཉི་ཤུ་ལྷག་ཡོད་པ་ནི་གསེར་ཟངས་ལས་གྲུབ་པའི་ཆོས་འཁོར་དང་རི་དྭགས་ཕོ་མོ་འཁོར་གྱིས་བརྒྱན་པ་སོགས་ངོ་མཚར་བཀོད་ལེགས་ཀྱི་རྣམ་པ་ཁྱད་དུ་འཕགས་ཤིང་། ནང་རྟེན་བཞེངས་ཀྱི་སྐོར་ལ་ཡང་ཁོང་གིས་གཟུངས་གཞུག་འབུལ་བའི་ཆོ་ག་སོགས་རྒྱུད་དང་བསྟན་བཅོས་ཚད་ལྡན་ལས་ཇི་ལྟར་བསྟན་པའི་ཕྱག་ལེན་རིམ་བཞིན་ཉམས་སུ་བསྟར་ནས། ཉིས་ཐོག་མཆོད་ཁང་གི་དབུས་སུ་སྐུ་མཚན་དཔེའི་གཟི་བྱིན་འབར་ཞིང་གསེར་འོད་ལམ་ལམ་འཕྲོ་བའི་སྟོན་པ་གཙོ་འཁོར་གསུམ་གྱི་སྐུ་བརྙན་བྱོན་ལེགས་དང་དེའི་གཡས་སུ་མཁན་སློབ་ཆོས་གསུམ། གཡོན་ཕྱོགས་སུ་རྗེ་ཡབ་སྲས་གསུམ། དེའི་གཡོན་ཕྱོགས་སུ་ཡིག་དྲུག་སྙིང་བོར་བྱས་ཤིང་གྲངས་ཚད་དུང་ཕྱུར་དགུར་ལོང་བའི་མ་ཎི་འཁོར་ཆེན་གསུམ་བསྐོར་ཡོད། དེའི་མདུན་དུ་ཁྲི་མཆོད་སྟོང་མཆོད་སོགས་མཆོད་པའི་རིམ་པ་སྣ་ཚོགས་འབུལ་བའི་མཆོད་རྟགས་དང་མཆོད་འབུལ་ཡོ་བྱད་ཆ་ཚང་དུ་གནས་ལ། ཀུན་དགའ་ར་བའི་ནང་དུ་རྒྱལ་བའི་བཀའ་འགྱུར་གསུང་རབ་མང་པོ་བཞུགས་ཤིང་། ཕྱོགས་ཀྱི་རྩིག་ངོས་སུ་ཐུགས་རྗེ་ཆེན་པོ་ཕྱག་བཞི་བ་དང་རྒྱལ་ཡུམ་སྒྲོལ་མ་སྔོན་མོ། འདོད་ཁམས་དབང་ཕྱུག་མ་ཅིག་དཔལ་ལྡན་ལྷ་མོ། བདེན་རྫུན་དྲང་ལམ་གྱི་བདག་པོ་དམ་ཅན་ཆོས་ཀྱི་རྒྱལ་བོ་སོགས་ཀྱི་གྱན་ཐང་སྤུས་ལེགས་དང་། གཡོན་གྱི་མཆོད་ཁང་དུ་དགེ་སྡུག་ཤན་འབྱེད་ལས་འབྲས་ཀྱི་བདག་པོ་ཨ་མྱེས་ཡུལ་ལྷ་རྟེན་གྱི་གཙོ་བོར་བཞུགས་པ་བཅས། མདོར་ན་གཙུག་ལག་ཁང་འདི་ནི་རང་ཅག་སྐལ་བ་ལྡན་པ་དག་གིས། ཕྱག་དད་པས་འཚལ་ས་དང་ཚོགས་བསགས་པའི་ཞིང་ས་རུ་མ་བགོས་སྤྱི་ལ་བཞག་པའི་བསོད་ནམས་ཀྱི་ཞིང་མཆོག་བླ་ན་མེད་པ་ཞིག་དཔལ་ལ་གྲུབ་པ་དང་། གཞན་ཡང་དེང་གི་རིགས་ཀུན་སྐྱེ་བོ་རྒན་དར་གཞོན་གསུམ་གྱི་ལུས་ཕུང་སྦྱོར་བརྡར་ལ་སྨན་པའི་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད། འོག་ཁང་ནི་མི་བརྒྱ་ཕྲག་དུ་མ་ཤོང་བའི་ཚོམས་ཁང་ཆེན་པོ་ཞིག་ཡིན་ལ། འདི་ནི་ཚོ་བ་འདིའི་མི་ཁྱིམ་རྣམས་ལ་སྐྱིད་སྡུག་གི་བྱ་བ་ཅི་འབྱུང་སྟབས་བདེ་ཡོང་ཆེད། སྐྱིད་པའི་གསོལ་སྟོན་བཤམས་ས་དང་སྡུག་གི་དགེ་ཇ་འདྲེན་སར་ཆེད་དམིགས་ཀྱིས་བསྐྲུན་པའོ།། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-03

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།