སྐེ་བའི་མ་ཎི་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མ་ཎི་ཁང་འདི་ནི་སྤྱི་ལོ1986ལོར། སྐེ་བའི་སྡེ་མི་བསྟན་འཛིན་ཉི་མའི་སྔར་ཡོད་སྡེ་བའི་གཞུང་ཁང་གི་སྟེང་དུ་ཁོ་རང་ལ་བ་གླང་གཉིས་ཡོད་པ་དེ་བཙོང་བའི་རིན་པ་དང་ཁོ་རང་གི་ཁང་བའི་རྒྱུ་ཆ་རྣམས་ཕུལ་ནས་མ་ཎི་ཁང་གི་རྨང་གཞི་བཏིངས། དེ་རྗེས་ཁོ་རང་རབ་ཏུ་བྱུང་ནས་གནས་ངེས་མེད་འགྲིམས། འགྲོ་ཁར་མ་ཎི་ཁང་གི་རྟེན་ལ་སོགས་པ་སྡེ་བའི་རྒན་གྲས་ཕག་མོ་རྡོ་རྗེ་ལ་བཅོལ་གདམས་བྱས། ཕག་མོ་རྡོ་རྗེས་ལོ་ངོ་ཉི་ཤུ་ལྷག་ལ་མ་ཎི་ཁང་གི་གཉེར་བའི་འགན་ཁུར་ཏེ་མ་ཎི་ཁང་རྒྱ་བསྐྱེད་བྱས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
格哇嘛呢康
བཞེངས་ལོ།
སྤྱི་ལོ1986ལོར་བཞེངས།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་མང་རྫོང་མང་ཆུ་གྲོང་རྡལ།
གནས་ཡུལ།
མང་ཆུ་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཡོད།
1 ངོ་སྤྲོད།

མ་ཎི་ཁང་འདི་ནི་སྤྱི་ལོ1986ལོར། སྐེ་བའི་སྡེ་མི་བསྟན་འཛིན་ཉི་མའི་སྔར་ཡོད་སྡེ་བའི་གཞུང་ཁང་གི་སྟེང་དུ་ཁོ་རང་ལ་བ་གླང་གཉིས་ཡོད་པ་དེ་བཙོང་བའི་རིན་པ་དང་ཁོ་རང་གི་ཁང་བའི་རྒྱུ་ཆ་རྣམས་ཕུལ་ནས་མ་ཎི་ཁང་གི་རྨང་གཞི་བཏིངས། དེ་རྗེས་ཁོ་རང་རབ་ཏུ་བྱུང་ནས་གནས་ངེས་མེད་འགྲིམས། འགྲོ་ཁར་མ་ཎི་ཁང་གི་རྟེན་ལ་སོགས་པ་སྡེ་བའི་རྒན་གྲས་ཕག་མོ་རྡོ་རྗེ་ལ་བཅོལ་གདམས་བྱས། ཕག་མོ་རྡོ་རྗེས་ལོ་ངོ་ཉི་ཤུ་ལྷག་ལ་མ་ཎི་ཁང་གི་གཉེར་བའི་འགན་ཁུར་ཏེ་མ་ཎི་ཁང་རྒྱ་བསྐྱེད་བཏང་། མ་ཎི་ཁང་གི་ནང་རྟེན་གཙོ་བོ་ནི་བསྟན་འཛིན་ཉི་མས་ཕུལ་བའི་མ་ཎི་དུང་ཕྱུར་གཅིག་གི་འཁོར་ལོ་དང་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། གདུགས་དཀར། སྒྲོལ་མ། རྣམ་རྒྱལ་མ། དབྱངས་ཅན་མ་བཅས་ཀྱི་འཇིམ་སྐུ་དང་གྱན་ཐང་བཅས་བཞུགས། བཞི་བའི་སྨྱུང་གནས་དང་དྲུག་པའི་ཆོས་བསྐོར། ཉི་ཟློག་བཟླས་འདོན་བྱེད་སྲོལ་སོགས་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-21

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།