ཧིན་རྡུའི་རྒྱལ་རྟགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧིན་རྡུའི་རྒྱལ་རྟགས།
ཧིན་རྡུའི་མིང་ཆ་ཚང་ལ་ཧིན་རྡུ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཨེ་ཤ་ཡ་ལྷོ་མར་གནས་པའི་རྒྱལ་ཁབ་ཅིག་ཡིན། ཧིན་རྡུའི་རྒྱལ་རྟགས་ཀྱི་རི་མོ་ནི་ཧིན་རྡུའི་རྨ་བྱའི་རྒྱལ་རབས་ཀྱི་རྒྱལ་པོ་རབས་གསུམ་པ་ཨ་ཤོ་ཀ་སྲིད་ཁྲིར་བཞུགས་དུས་ཆོས་ལྡན་ཞིང་ཁམས་སུ་འཛུགས་སྐྲུན་བྱས་པའི་ཀ་གཟུགས་བ་ནུའི་ཀ་རྩེའི་རྡོ་རིས་ལས་བྱུང་ཞིང་། སྒོར་དབྱིབས་ཀྱི་སྟེགས་བུའི་སྟེང་སེང་གེ་སེར་པོ་གསུམ་ལངས་ཡོད། སྟེགས་བུའི་ཕྱོགས་བཞི་རུ་ཕྱོགས་བཞིའི་སྒོ་སྲུང་རི་དྭགས་བཞི་སྟེ། ཤར་ཕྱོགས་ནི་གླང་ཆེན་དང་ལྷོ་ཕྱོགས་ནི་རྟ། ནུབ་ཕྱོགས་ནི་བ་གླང་། བྱང་ཕྱོགས་ནི་སེང་གེ་བཅས་ཡིན། སེང་གེའི་འོག་གི་ལྟེ་བ་རུ་གནའི་ཧིན་རྡུའི་ཆོས་ལུགས་ཀྱི་ཁ་དོག་ལྡན་པའི་ཆོས་འཁོར་ཞིག་ཡོད་ཅིང་། དེའི་གཡས་གཡོན་གྱི་རི་དྭགས་ཀྱིས་རྒྱུན་རིང་བའི་ལོ་རྒྱུས་ལྡན་པའི་ཞིང་ལས་དང་། དེ་མིན་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་སེམས་ཤུགས་བཅས་མཚོན། རི་མོའི་འོག་ཏུ་ལེགས་སྦྱར་སྐད་ཀྱིས་གནའི་ཧིན་རྡུའི་བསྟན་བཅོས་ལས་བྱུང་བའི་གདམས་ངག་ཅིག་སྟེ་བདེན་དོན་ཡོད་ན་ད་གཟོད་རྒྱལ་ཁ་ཐོབ་ཅེས་བྲིས་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
印度国徽
ཕྱི་ཡིག་གི་མིང་།
Emblem of India
རིགས་དབྱེ།
རྒྱལ་རྟགས།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1950ལོའི་ཟླ1པོའི་ཚེས26ཉིན།
1 ངོ་སྤྲོད།

ཧིན་རྡུའི་མིང་ཆ་ཚང་ལ་ཧིན་རྡུ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།  དེ་ནི་ཨེ་ཤ་ཡ་ལྷོ་མར་གནས་པའི་རྒྱལ་ཁབ་ཅིག་ཡིན།   ཧིན་རྡུའི་རྒྱལ་རྟགས་ཀྱི་རི་མོ་ནི་ཧིན་རྡུའི་རྨ་བྱའི་རྒྱལ་རབས་ཀྱི་རྒྱལ་པོ་རབས་གསུམ་པ་ཨ་ཤོ་ཀ་སྲིད་ཁྲིར་བཞུགས་དུས་ཆོས་ལྡན་ཞིང་ཁམས་སུ་འཛུགས་སྐྲུན་བྱས་པའི་ཀ་གཟུགས་བ་ནུའི་ཀ་རྩེའི་རྡོ་རིས་ལས་བྱུང་ཞིང་།  སྒོར་དབྱིབས་ཀྱི་སྟེགས་བུའི་སྟེང་སེང་གེ་སེར་པོ་གསུམ་ལངས་ཡོད་ལ།  དེས་ཡིད་ཆེས་དང་སྙིང་སྟོབས།  སྟོབས་ཤུགས་བཅས་མཚོན།  སྟེགས་བུའི་ཕྱོགས་བཞི་རུ་ཕྱོགས་བཞིའི་སྒོ་སྲུང་རི་དྭགས་བཞི་སྟེ།   ཤར་ཕྱོགས་ནི་གླང་ཆེན་དང་ལྷོ་ཕྱོགས་ནི་རྟ།   ནུབ་ཕྱོགས་ནི་བ་གླང་།  བྱང་ཕྱོགས་ནི་སེང་གེ་བཅས་ཡིན།  སེང་གེའི་འོག་གི་ལྟེ་བ་རུ་གནའི་ཧིན་རྡུའི་ཆོས་ལུགས་ཀྱི་ཁ་དོག་ལྡན་པའི་ཆོས་འཁོར་ཞིག་ཡོད་ཅིང་།   དེའི་གཡས་གཡོན་གྱི་རི་དྭགས་ཀྱིས་རྒྱུན་རིང་བའི་ལོ་རྒྱུས་ལྡན་པའི་ཞིང་ལས་དང་།  དེ་མིན་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་སེམས་ཤུགས་བཅས་མཚོན།  རི་མོའི་འོག་ཏུ་ལེགས་སྦྱར་སྐད་ཀྱིས་གནའི་ཧིན་རྡུའི་བསྟན་བཅོས་ལས་བྱུང་བའི་གདམས་ངག་ཅིག་སྟེ་བདེན་དོན་ཡོད་ན་ད་གཟོད་རྒྱལ་ཁ་ཐོབ་ཅེས་བྲིས་ཡོད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-21

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།