མེ་ཏོག་ལུང་བ་གོང་མའི་མ་ཎི་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རབ་བྱུང་བཅུ་དྲུག་པའི་ས་ལུག་སྤྱི་ལོ1979ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ་མི་རིགས་སྲིད་ཇུས་དང་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཡག་པོ་ཞིག་འདྲེན་བྱེད་མིག་གི་དཔལ་དུ་གྱུར་པས། མེ་ཏོག་ལུང་བ་གོང་མའི་སྡེ་དཔོན་དཔལ་ལྡན་གྱིས་སྡེ་བའི་ལོ་ལོན་བསམ་ཤེས་རྣམས་བསྡུས་ཏེ་གྲོས་བསྡུར་གང་ལེགས་བྱས་ནས་བར་སྐོར་དུ་མ་ཎི་ཁང་གསར་བཞེངས་བྱས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美朵龙哇贡玛嘛呢康
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ།
གནས་ཡུལ།
ཆབ་ཆ་གྲོང་རྡལ་མེ་ཏོག་ལུང་བ་གོང་མ།
1 ངོ་སྤྲོད།

རབ་བྱུང་བཅུ་དྲུག་པའི་ས་ལུག་སྤྱི་ལོ1979ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ་མི་རིགས་སྲིད་ཇུས་དང་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཡག་པོ་ཞིག་འདྲེན་བྱེད་མིག་གི་དཔལ་དུ་གྱུར་པས། མེ་ཏོག་ལུང་བ་གོང་མའི་སྡེ་དཔོན་དཔལ་ལྡན་གྱིས་སྡེ་བའི་ལོ་ལོན་བསམ་ཤེས་རྣམས་བསྡུས་ཏེ་གྲོས་བསྡུར་གང་ལེགས་བྱས་ནས་བར་སྐོར་དུ་མ་ཎི་ཁང་གསར་བཞེངས་བྱས། རྟེན་བཞེངས་ལ་བཀའ་འགྱུར་པོད་བརྒྱ་རྩ་གསུམ་དང་། ལམ་རིམ་ཆེན་པོ་དུམ་པ་བཅུ། སྒྲོལ་མའི་འབག་སྐུ་ཉེར་གཅིག འཕགས་པ་སྤྱན་རས་གཟིགས་ཀྱི་འབག་སྐུ་གཅིག ཨོ་རྒྱན་གྱི་འབག་སྐུ་གཅིག་སོགས་མང་དུ་བཞུགས། ད་ལྟ་རྒྱ་ཆེ་བའི་མང་ཚོགས་ཀྱིས་མཆོད་བཀུར་བྱེད་སའི་གཞིའམ་ཡང་ན་སྐྱབས་ཡུལ་འབའ་ཞིག་ཏུ་གྱུར་ཏོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-13

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།