གྲུབ་མཐའ་བཞི། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

གྲུབ་མཐའ་བཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དུངདཀར་ཚིག་མཛོད་ཆེན་མོའི་འགྲེལ་བ།)

ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་བཞི་སྟེ། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་སོ། །
1 རྒྱས་འགྲེལ།

1.ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་བཞི་སྟེ། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་སོ། ། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འདི་ཉིད་མངོན་པར་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་བཞེས་ནས་རིགས་ཅན་གསུམ་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བར་མཛད། དེའི་ཕྱིས་རྗེས་འཇུག་རྣམས་ཀྱིས་འཁོར་ལོ་སོ་སོའི་དགོངས་པ་བཀྲལ་ཚུལ་ལ་བརྟེན་ནས་གྲུབ་མཐའ་སྨྲ་བ་བཞི་བྱུང༌། དེ་ཡང་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་རྗེས་སུ་འབྲངས་ཏེ་ཐེག་དམན་གྲུབ་མཐའ་སྨྲ་བ་ཉན་ཐོས་སྡེ་གཉིས་དང༌། འཁོར་ལོ་བར་པ་དང་ཐ་མའི་རྗེས་སུ་འབྲངས་ཏེ་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་དབུ་སེམས་གཉིས་བྱུང་ངོ༌། 2.དབང་བཞིའི་ལམ་སྒོམ་པའི་གྲུབ་འབྲས་མཐར་ཐུག་པ་སྟེ། ས་དང་པོ་ནས་དྲུག་པའི་བར་བུམ་དབང་གི་གྲུབ་མཐའ་འཁོར་འདས་དབྱེར་མེད་ཅེས་བྱ་སྟེ་འཁོར་འདས་མཉམ་ཉིད་དུ་རྟོགས་པའི་ཡེ་ཤེས་གཙོར་བྱེད་པས་སོ། ། ས་བདུན་པ་ནས་བཅུ་པའི་བར་གསང་དབང་གི་གྲུབ་མཐའ་མ་འདྲེས་ཡོངས་རྫོགས་ཏེ་སོ་སོ་ཡང་དག་རིག་བཞི་ལ་དབང་འབྱོར་བས་སེམས་ཅན་སོ་སོའི་བསམ་པ་དང་སྐད་དང་མཐུན་པར་ཆོས་མ་འདྲེས་པར་སྟོན་པས་སོ། ། ས་བཅུ་གཅིག་པ་དང་བཅུ་གཉིས་པ་ནི་ཤེར་དབང་གི་གྲུབ་མཐའ་བདེ་སྟོང་གི་ཡུལ་ཚད་དང་བཅས་པའི་ཕྱིར་རོ། ། བཅུ་གསུམ་པའི་ཕྱེད་འོག་མ་ནི་དབང་བཞི་པའི་གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ་ཞེས་བྱ་སྟེ། མཁྱེན་པའི་སྐད་ཅིག་གཅིག་གིས་བརྟན་གཡོ་ཐམས་ཅད་ལ་ཁྱབ་ནུས་པའི་ཕྱིར་ཡེ་ཤེས་ཀྱི་ཡུལ་ཚད་མ་མཆིས་པས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-06-14

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།