རྨེ་རུ་རྙིང་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྨེ་རུ་རྙིང་མ།
རྨེ་རུ་རྙིང་པ་ནི། ར་ས་གཙུག་ལག་ཁང་དང་འབྲེལ་བའི་ཤར་དུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་རྨེ་རུ་དགོན་གྱི་ཡིན་པ་ལ་རྗེས་སུ་གནས་ཆུང་ཆོས་སྐྱོང་གི་སྐུ་རྟེན་ཤཱཀྱ་ཡར་འཕེལ་དུས་གནས་ཆུང་གྲྭ་ཚང་གིས་སྤུས་གཟིགས་གནང་སྟེ་བདག་ཐོབ་གནང་བ་དང་། རྨེ་རུ་དགོན་ད་ལྟའི་གནས་ཡུལ་དུ་སྤོས་གནང་མཛད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
དགོན་པ།
གནས་ཡུལ།
ལྷ་ས་གྲོང་ཁྱེར།
1 ​ངོ་སྤྲོད།

རྨེ་རུ་རྙིང་པ་ནི། ར་ས་གཙུག་ལག་ཁང་དང་འབྲེལ་བའི་ཤར་དུ་དགོན་དེ་མཇལ་རྒྱུ་ཡོད། རྨེ་རུ་ཞེས་པ་ནི། སྔོན་ཆོས་རྒྱལ་ཁྲི་རལ་དུས་ལྷ་སའི་ཤར་དུ་ཀ་རུ་དང་རྨེ་རུ། ལྷོ་རུ་དགའ་བ་དང་། དགའ་བའི་འོད་ཅེས་སོགས་བཞེངས་ཞེས་ཆོས་རྒྱལ་དུས་ནས་ཡོད་སྐད་དང་། ཡང་གསུང་སྲོལ་གཞན་ལ་ཧོར་བཤན་པ་རྨེ་རུ་རྩེའི་སྡིག་བཤགས་སུ་བཞེངས་ཞེས་གསུང་སྲོལ་མི་འདྲ། དགོན་དེ་ནི་ཐོག་མར་རྨེ་རུ་དགོན་གྱི་ཡིན་པ་ལ་རྗེས་སུ་གནས་ཆུང་ཆོས་སྐྱོང་གི་སྐུ་རྟེན་ཤཱཀྱ་ཡར་འཕེལ་དུས་གནས་ཆུང་གྲྭ་ཚང་གིས་སྤུས་གཟིགས་གནང་སྟེ་བདག་ཐོབ་གནང་བ་དང་། རྨེ་རུ་དགོན་ད་ལྟའི་གནས་ཡུལ་དུ་སྤོས་གནང་མཛད། 

2 རྟེན་གཙོ།

སྔོན་འདུ་ཁང་ཀ་རིང་བཞི་དང་། ཀ་ཐུང་བཅུ་གཉིས་ཀྱི་གཙང་ཁང་སྦུག་མར་གུ་རུ་གནང་སྲིད་གཟིལ་གནོན་གྱི་སྐུ་བརྙན་ཁྲུ་གང་ལྷག་གི་ཐུགས་དཀར་གུ་རུའི་ཕྱག་བཟོ་སྐུ་ཚབ་སྡེ་ལྔ་བཞུགས་པ། དེའི་མཐའ་འཁོར་དུ་རྒྱལ་པོ་སྐུ་ལྔའི་སྣང་བརྙན། གཡས་གཡོན་དུ་བཀའ་འགྱུར་བསྟན་འགྱུར། དཀྱིལ་དུ་སྐུ་ཕེབས་བཞུགས་ཁྲི། འདུ་ཁང་གི་ལྡེབས་རིས་སུ་རྒྱལ་པོ་སྐུ་ལྔ་དང་། ཞི་ཁྲོའི་ལྔ་ཚོགས། ཕུར་པ། མ་གཟའ་དམ་གསུམ། དཔལ་མགོན་བྲམ་གཟུགས་སོགས་བཀོད་ཡོད། སྔོན་རྒྱུན་དུ་གྲྭ་ཚང་ནས་སྐུ་གཉེར་མི་བཞི་རེ་གཏོང་གནང་དགོས་པ་དང་། རྒྱུན་དུ་རག་སྒོར་གྲྭ་ཤག་ནང་འབྲུག་པ་དང་། ཨ་མདོ། ལྷོ་ཁག་བཅས་ཀྱི་ཚོང་པར་གནས་གླ་གཏོང་ཞིང་སྨོན་ལམ་ཆེན་མོ་དང་ཚོགས་ཆོས་སྐབས་གྲྭ་དམངས་བཞུགས་དགོས་སྟབས་གནས་གཡར་བྱས་མི་ཆོག

གཞན་ཡང་ར་སྐོར་ནུབ་ངོས་སུ་སྟེང་དུ་དཔལ་མགོན་བྲམ་གཟུགས་གོང་དཀར་ཆོས་སྡེའི་ཁོངས་དང་། ཤོད་ཀྱི་ཛམ་བྷ་ལྷ་ལྷ་ཁང་རྨེ་རུའི་ཁོངས་ཡིན་པ་ནི་རྨེ་རུ་གནས་ཆུང་གྲྭ་ཚང་གི་སྤུས་གཟིགས་གནང་རྗེས་ལེགས་སྐྱེས་སུ་གནང་བ་ཡིན་ཞེས་གསུངས། 

3 ཉམས་གསོ།

ད་ལྟ་སྔོན་གྱི་འདུ་ཁང་ཐོག་སོ་གསུམ་ཐོག་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། འདུ་ཁང་ཡོངས་སུ་ལྡེབས་རིས་རྙིང་མ་མི་ཉམས་པ་མཇལ་རྒྱུ་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-01

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།