འབྲོག་ཁྱི་རྡོ་རྗེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབྲོག་ཁྱི་རྡོ་རྗེ།
《འབྲོག་ཁྱི་རྡོ་རྗེ》ཞེས་པ་འདི་ནི་ཀྲུང་གོ་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱི་ཆེས་ཐོག་མར་མཉམ་འབྲེལ་ཕབ་སྐྲུན་བྱས་པའི་འགུལ་རིས་གློག་བརྙན་ཞིག་ཡིན། གློག་བརྙན་འདི་ནི་རྩོམ་པ་པོ་དབྱང་ཀྲི་ཅུན་གྱི་སྒྲུང་རིང《འབྲོག་ཁྱི》ཞེས་པ་བཅོས་སྒྲིག་བྱས་པ་དང་། འཁྲབ་ཁྲིད་པ་ཞའོ་ཏའོ་ཀྲེང་ཞིང་གིས་འཁྲབ་ཁྲིད་བྱས་ཤིང་། ལིའུ་ཅིང་ལུའོ་དང་ཨ་ལན་ཟླ་བ་སྒྲོལ་མ། ཞུའུ་ཐའོ། མང་ལའེ། ཀྲའོ་ལིན། ཀྲོའུ་ཀྲི་ཆང་སོགས་ཀྱིས་སྐད་སྦྱོར་བྱས་པ་ཞིག་ཡིན། གློག་བརྙན་འདིའི་ནང་དུ་བོད་ལྗོངས་རྩྭ་ཐང་སྟེང་གི་རྒྱ་རིགས་གཞོན་ནུ་ཞིག་དང་བློ་དཀར་གཞུང་དྲང་ལྡན་ལ་དཔའ་ངར་ཆེ་བའི་འབྲོག་ཁྱི་གཉིས་བར་དུ་བྱུང་བའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
འབྲོག་ཁྱི་རྡོ་རྗེ།
མ་བརྙན་མིང་།
The Tibetan Dog
རྒྱ་འགྱུར་མིང་།
藏獒多吉
རྒྱལ་ཁབ།
ཀྲུང་གོ། ཉི་ཧོང་།
སྐད་རིགས།
རྒྱ་སྐད།
འཁྲབ་ཁྲིད་པ།
ཞའོ་ཏའོ་ཀྲེང་ཞིང་།
གཙོ་འཁྲབ་པ།
ལིའུ་ཅིང་ལུའོ། ཨ་ལན་ཟླ་བ་སྒྲོལ་མ། ཞུའུ་ཐའོ། མང་ལའེ། ཀྲའོ་ལིན། ཀྲོའུ་ཀྲི་ཆང་སོགས།
འགྲེམ་དུས།
2011-07-15
བརྙན་རིགས།
འགུལ་རིས། ཉེན་མཆོངས། གཏམ་རྒྱུད།
ཡུན་ཚད།
སྐར་མ95
1 ​ནང་དོན་མདོར་བསྡུས།

ལོ་བཅུར་ལོན་པའི་རྒྱ་བོད་ཁྲག་རྒྱུད་འདྲེས་མའི་བྱིས་པ་ཐེན་ཅིན་གྱི་ཨ་མ་ཚེ་ལས་འདས་རྗེས། ཁོ་བོད་ཁུལ་ན་འཚོ་རྟེན་རེག་བཞིན་པའི་ཨ་ཕ་ལྷག་པ་དང་མཉམ་དུ་འཚོ་བ་རོལ། ཉིན་ཞིག་ལ། ཐེན་ཅིན་གྱིས་རྩྭ་ཐང་ནས་སྤུ་མདོག་སེར་པོའི་འབྲོག་ཁྱི་ལྡོམ་པོ་ཞིག་བསྐྱབས་པར་མ་ཟད། མིང་ལ་རྡོ་རྗེ་གཡུང་དྲུང་ཞེས་བཏགས། ཁོ་གཉིས་མཉམ་དུ་འཚོ་བ་རོལ་ནས་ཅུང་མ་འགོར་བར་སྐྱིད་ཀྱི་ཉི་མ་ཐུང་ཟེར་བའི་དཔེ་བཞིན། རྩྭ་ཐང་དུ་བསྟུད་མར་མི་ཕྱུགས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་བྱུང་བས། མི་ཚང་མས་གོ་བ་ལོག་ནས་འབྲོག་ཁྱི་རྡོ་རྗེ་ནི་ལག་དམར་ཡིན་པར་འདོད། འབྲོག་ཁྱི་རྡོ་རྗེས་ཐེན་ཅིན་ཁྲིད་ནས་གངས་རིའི་འདབས་རོལ་དུ་སླེབས་པ་དང་། གནས་དེར་ལག་དམར་ངོ་མ་སྲིན་པོ་དང་འཕྲད། འབྲོག་ཁྱི་རྡོ་རྗེ་ཡིས་རང་ཉིད་ཀྱི་ལ་རྒྱ་དང་བདག་པོའི་ཤ་འཁོན་ལེན་ཕྱིར་གདོན་འདྲེ་སྲིན་པོ་བསད་དེ་རང་སྲོག་བློས་བཏང་ནས་བདག་པོ་ཐེན་ཅིན་གྱི་སྲོག་བསྐྱབས་སོ། །

.jpg

2 དཔྱད་གཏམ།

གློག་བརྙན་འདིར་མངོན་པའི་བོད་ཀྱི་ཡུལ་ལྗོངས་ནི་དངོས་གནས་ཡིད་སེམས་འགུལ་བ་ཞིག་རེད། འདི་ནི་བདག་གི་བརྩམས་སྒྲུང་ལ་སྤྲོས་པའི་རྒྱན་ཆ་ཞིག་ཡིན་པས། ངའི་རེ་བ་ཡིན་ན་གློག་བརྙན་འདི་འཛམ་གླིང་ཧྲིལ་བོར་ཡོངས་ཁྱབ་ཏུ་སྟོན་པར་སྨོན།(《འབྲོག་ཁྱི》འི་རྩོམ་པ་པོ་དབྱང་ཀྲི་ཅུན་གྱི་དཔྱད་བརྗོད)

《འབྲོག་ཁྱི་རྡོ་རྗེ》ཞེས་པའི་གློག་བརྙན་འདི་ནི་གཏམ་རྒྱུད་ཀྱི་བྱུང་རིམ་དང་མཇུག་འབྲས་སྟབས་བདེ་ཡིན་པར་མ་ཟད། ཡིད་སེམས་འགུལ་བའི་ཡུལ་ལྗོངས་ཀྱང་ཡོད་པ་ཞིག་རེད། གློག་བརྙན་འདིར་གྲོང་ཁྱེར་ནས་བོད་ལྗོངས་སུ་ཡོང་བའི་གཞོན་ནུ་ཐེན་ཅིན་དང་འབྲོག་ཁྱི་རྡོ་རྗེ་གཉིས་ཀྱི་མཛའ་བརྩེའི་གཏམ་རྒྱུད་བརྗོད་ཡོད་ལ། ལོ་ཆུང་བྱིས་པ་ཚོར་མཚོན་ན་ངེས་པར་བལྟ་དགོས་པའི་འགུལ་རིས་གློག་བརྙན་ཞིག་རེད་འདོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-13

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།