དྲག་རྩལ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།
  • གློག་བརྙན་བརྩམས་ཆོས།

དྲག་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(གློག་བརྙན་བརྩམས་ཆོས།)

དྲག་རྩལ།
《དྲག་རྩལ》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཀྲོའུ་ཞིན་ཁྲིས་འཁྲབ་ཁྲིད་བྱས་ཤིང་། གཙོ་འཁྲབ་པ་ནི་ཀྲོའུ་ཞིན་ཁྲི་དང་ཧོང་ཧྲིན་དབྱི། ཁྲེན་ཀོའུ་ཁུན། ཡོན་ཧྭ། ཡོན་ཆིའུ་སོགས་ཡིན། གློག་བརྙན་འདིའི་ནང་དུ་བྱས་རྗེས་གང་ཡང་མེད་པའི་འཁྱམ་པོ་ཞིག་དྲག་རྩལ་པ་ཞིག་ཏུ་འཕོ་འགྱུར་བྱུང་བའི་གཏམ་རྒྱུད་ཞིག་བརྗོད་ཡོད་ལ་རང་གཤིས་བཟང་བའི་མི་ངན་རུ་ཚོགས་ཀྱི་འཁྱམ་པོ་ཞིག་ལམ་དྲང་བོར་ཞུགས་པའི་གཏམ་རྒྱུད་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
དྲག་རྩལ།
མ་བརྙན་མིང་།
Kung Fu Hustle
རྒྱ་འགྱུར་མིང་།
功夫
རྒྱལ་ཁབ།
ཀྲུང་གོ།
སྐད་རིགས།
རྒྱ་སྐད།
འཁྲབ་ཁྲིད་པ།
ཀྲོའུ་ཞིན་ཁྲི།
གཙོ་འཁྲབ་པ།
ཀྲོའུ་ཞིན་ཁྲི། ཧོང་ཧྲིན་དབྱི། ཁྲེན་ཀོའུ་ཁུན། ཡོན་ཧྭ། ཡོན་ཆིའུ་སོགས།
འགྲེམ་དུས།
2015-01-15
བརྙན་རིགས།
སྤྲོ་གར། དྲག་རྩལ།
ཡུན་ཚད།
སྐར་མ95
བྱ་དགའ་གཙོ་བོ།
སྐབས24པའི་ཞང་ཀང་གློག་བརྙན་གྱི་གསེར་གྱི་རྟགས་མའི་གློག་བརྙན་རྩེ་གྲ། སྐབས42པའི་ཐའེ་ཝན་གློག་བརྙན་གསེར་རྟ་རྟགས་མའི་དུང་བརྗོད་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲ་བཅས་བྱ་དགའ་ལྔ་ཐོབ།
1 ནང་དོན་མདོར་བསྡུས།

གློག་བརྙན་འདིས་ཁྲོམ་གསེབ་ཅི་བྱེད་འདི་བྱེད་མེད་པའི་འཁྱམ་པོ་ཞིག་དྲག་རྩལ་པ་ཞིག་ཏུ་འཕོ་འགྱུར་བྱུང་བའི་གཏམ་རྒྱུད་ཞིག་བརྗོད་ཡོད་ལ་རང་གཤིས་བཟང་བའི་མི་ངན་རུ་ཚོགས་ཀྱི་འཁྱམ་པོ་ཞིག་ལམ་དྲང་བོར་ཞུགས་པའི་གཏམ་རྒྱུད་ཡིན།

.jpg

དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུའི་ཀོང་ཏུང་ནི་དཀའ་སྡུག་ཆེ་བའི་དུས་བབ་ཅིག་ལ་གནས་ཀྱང་དྲག་རྩལ་གྱིས་ཕྱུག དབུལ་ཕོངས་ཀྱི་ཕག་ཁང་གྲོང་སྡེའི་ནང་ཁྱད་ནུས་ལྡན་པའི་མི་ཕལ་བ་ཚོ་ཞིག་བསྡད་ཡོད་དེ་དོན་དངོས་སུ་ཁོང་ཚོ་ཚང་མ་ཁ་ནས་ཅི་མི་བཤད་ཀྱང་ནུས་མཐུ་ཅན་གྱི་དྲག་རྩལ་པ་རྐྱང་རྐྱང་ཡིན། མི་ངན་རུ་ཚོགས་ཤིག་གིས་སྦར་མོ་འདིར་བཅངས་པའི་བར་ཁོང་ཚོ་གཞན་དང་རྩོད་གླེང་གང་ཡང་མེད་པ་སོས་དལ་གྱིས་འཚོ་བཞིན་ཡོད་དེ་གཏམ་རྒྱུད་འདི་ནས་འགོ་ཚུགས། ཀྲོའུ་ཞིན་ཁྲིས་ཅི་ལས་འདི་ལས་མེད་པའི་འཁྱམ་པོ་ཨ་ཞིན་འཁྲབ་ཡོད་དེ་མི་འདི་ཁ་བདེ་མགོ་བདེ་ཡིན་ཡང་བསམ་བློ་བརྟན་པོ་མེད་ལ་རྟག་ཏུ་ཅི་བྱེད་འདི་བྱེད་མེད་པར་འཁྱམ་ནས་ཡོད། ཁོ་རྨི་ལམ་ནང་དུའང་ཁུལ་དེར་མིང་ངན་ཕྱོགས་བཞིར་གྲགས་པའི་ངན་པའི་ཚོགས་པ་རྟ་ར་ཚོགས་པ་ནང་དུ་ཞུགས་འདོད་ཡོད་ཅིང་དེའི་ནང་གི་མི་གོ་ཆོད་ཅིག་བྱེད་འདོད། དེ་བས་མི་ངན་རུ་ཚོགས་ཀྱིས་འགོ་པས་ཕྱོགས་སོ་སོའི་དྲག་རྩལ་ཅན་བསྡུས་ནས་ཕག་ཁང་གྲོང་སྡེར་དཔུང་འཇུག་བྱེད་དུས་བསམ་ཡུལ་ལས་འདས་པ་ཞིག་ནི་དེ་གར་གྱི་གྲོང་མི་ཁ་ཁུམ་སིམ་མེད་ཀྱི་དྲག་རྩལ་པ་མཐུ་ཅན་ཁག་ཅིག་གིས་ཅི་ནུས་ཀྱིས་རྒོལ་ལན་སྤྲོད། སྐབས་དེར་ཨ་ཞིན་གྱིས་གོ་སྐབས་དམ་འཛིན་གྱིས་མི་ངན་རུ་ཚོགས་ཀྱི་འགོ་པའི་ཁས་ལེན་ཐོབ་དགོས་པའི་ཆེད་དུ་རང་གི་ནུས་པ་ཅི་ཡོད་ངོམ་དགོས་བསམ་ཏེ། འགོ་པ་དེའི་ཡོ་བྱེད་ཅི་འདྲ་བྱེད་པ་དང་། ཁོའི་ནུས་པ་ཅི་འདྲ་ངོམ་པ་དང་། མཐར་འབྲས་བུ་ག་འདྲ་ཞིག་བྱུང་བ། ཕྱིས་སུ་དྲག་རྩལ་པ་གྲགས་ཅན་ཞིག་དང་དྲང་པོའི་ལམ་དུ་ག་འདྲས་ཞུགས་པ་དང་དེ་ཁུལ་གྱི་ཞི་བདེ་ག་འདྲས་སྲུང་སྐྱོབ་བྱེད་པ་བཅས་གློག་བརྙན་འདིའི་ནང་དུ་རིམ་བཞིན་བརྗོད་ཡོད་ལ་ང་ཚོ་ལ་བསམ་གཞིགས་ག་འདྲ་སྟེར་ཡོད་དམ།

2 དཔྱད་གཏམ།

གློག་བརྙན་འདིས་སྤྱི་ལོ2015ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་སྐབས་བབས་ཀྱི་དུས་བཟང་ཡོངས་ཟིན་ཞིང་གློག་བརྙན་པ་སེའི་ཡོང་འབབ་དུང་ཕྱུར་ལས་བརྒལ་ཏེ། ཞང་ཀང་གི་གློག་བརྙན་ཉམས་རྒུད་དུ་གྱུར་པའི་དུས་ལ་འདི་འདྲའི་འབྲས་བུ་ཞིག་ནི་སུ་ལ་གླེང་ན་ངོ་མ་གཏམ་སྙན་པོ་ཞིག་ཡིན།

.jpg

གློག་བརྙན་འདིས་སྒྲིག་གཞིའི་ཐད་སྔར་བཞིན་ཀྲོའུ་ཚང་གི་སྤྲོ་བའི་ཟློས་གར་གྱི་ལུགས་ལས་ཁེ་མཚར་གྱི་ཁྱད་ཆོས་ཤིག་སྟོན་མོད། ནམ་རྒྱུན་དུ་སྤྱོད་མཁས་པའི་གད་མོ་སློང་བའི་ཐབས་རྩལ་དཀྱུས་མ་དོར་ཏེ་སྤྲོ་གསེང་གི་ཕྱི་ངོས་དེ་འདྲའི་བག་ཕེབས་ཤིག་མེད་ལ་བསམ་གཞིགས་བཏང་བའི་ཕྱོགས་ཇེ་མང་དུ་སོང་། པར་ལེན་གྱི་ཁྱད་ཆོས་ཀྱང་འགྱུར་བ་ཆེར་བྱུང་ཏེ་ཐུར་ལྟའི་པར་ལེན་ཆེན་པོ་དང་ཆེད་སྟོན་པར་རིས་ཆེན་པོ། ཁོར་ཡུག་ཆེན་པོའི་བཀོད་གཏོང་སོགས་དེང་རབས་རྗེས་མའི་གོ་དོན་ཞུགས་པ་མ་ཟད་ཀྲོའུ་ཞིན་ཁྲིའི་འཁྲབ་ཁྲིད་ཀྱི་ཐབས་རྩལ་ཡང་བྱང་ཆ་དང་སྣ་འཛོམ་དུ་གྱུར་འདུག བཤད་དུ་རུང་བ་ཅིག་ནི་གློག་བརྙན་ནང་གི་རམ་འདེགས་རོལ་མོ་སྟེ་གསར་བཟོས་ཀྱི་སྒྲ་སྙན་ཅིག་ཀྱང་མེད་ཀྱང་ནུབ་ཕྱོགས་ཀྱི་གནའ་བོའི་རོལ་མོ་དང་ཀྲུང་གོའི་དམངས་ཁྲོད་རོལ་མོ་སོགས་སྣ་མང་ཞིག་བསྐྱར་སྒྲིག་བྱེད་དེ་སྣ་འཛོམས་ཀྱིས་ངོ་མཚར་གྱི་ཉམས་དགའ་བའི་ཁྱད་ཆོས་ཤིག་མངོན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-20

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།