མི་གཞན་གྱི་འཚོ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་གཞན་གྱི་འཚོ་བ།
《མི་གཞན་གྱི་འཚོ་བ》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ཧྥུའུ་ལོའུ་ལི་ཨན•ཧེན་ཁུ་ཨར•ཧྥུན•ཏོའུ་ནཱ་སི་མཱས་འཁྲབ་ཁྲིད་བྱས་པའི་གཏམ་རྒྱུད་གློག་བརྙན་ཐོག་མ་དེ་ཡིན། གཙོ་འཁྲབ་པ་ནི་ཝུའུ་ཨར་ལི་ཞི•མུའུ་ཨའེ་དང་སའེ་པཱ་སི་ཏེ་ཨན•ཁའོ་ཆི། མཱ་ཏེ་ནཱ•ཀུ་ཏའེ་ཐུ་སོགས་ཡིན། གློག་བརྙན་འདིའི་ནང་དུ་འཇར་མན་ཤར་མའི་གསང་འཕྲིན་བ་ཞིག་གི་གཏམ་རྒྱུད་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
མི་གཞན་གྱི་འཚོ་བ།
མ་བརྙན་མིང་།
Das Leben der Anderen
རྒྱ་འགྱུར་མིང་།
窃听风暴
རྒྱལ་ཁབ།
འཇར་མན།
སྐད་རིགས།
འཇར་མན་སྐད།
འཁྲབ་ཁྲིད་པ།
ཧྥུའུ་ལོའུ་ལི་ཨན•ཧེན་ཁུ་ཨར•ཧྥུན•ཏོའུ་ནཱ་སི་མཱ།
གཙོ་འཁྲབ་པ།
ཝུའུ་ཨར་ལི་ཞི•མུའུ་ཨའེ། སའེ་པཱ་སི་ཏེ་ཨན•ཁའོ་ཆི། མཱ་ཏེ་ནཱ•ཀུ་ཏའེ་ཐུ་སོགས།
འགྲེམ་དུས།
2006-03-23
བརྙན་རིགས།
གཏམ་རྒྱུད། བྲེལ་སློང་།
ཡུན་ཚད།
སྐར་མ137
བྱ་དགའ་གཙོ་བོ།
སྐབས79པའི་ཨོ་སི་ཁཱ་གསེར་གྱི་རྟགས་མའི་ཕྱི་སྐད་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ།
1 ནང་དོན་མདོར་བསྡུས།

སྤྱི་ལོ1984ལོར་འཇར་མན་ཤར་མའི་སྤྱི་ཚོགས་ཧྲིལ་བོ་ཉིད་རྒྱལ་ཁབ་བདེ་སྲུང་ཅུའུ་ཡི་འཇུར་བཅིང་གི་དབང་སྒྱུར་འོག་གནས་ཡོད། པེར་ལིན་གྱི་ས་ཆ་གང་སར“གང་སར་ཁྲོམ་བསྒྲགས་བྱ་བས་ཁྱབ”ཞེས་པའི་སྦྱར་ཤོག་གིས་ཁེངས་ཡོད། འཇར་མན་ཤར་མའི་མི་སེར་རྣམས་ཧྲི་ཐཱ་ཞི་གསང་བའི་ཉེན་རྟོག་པས་ཡོངས་སུ་བསྐོར་ནས་སྡོད་ཅིང་ད་དུང་གསང་བ་བརྗོད་མཁན་གྱི་མི་ཁྲི་ཉི་བརྒྱ་ཙམ་ཡོད། ཁོ་ཚོའི་དམིགས་ཡུལ་གཅིག་པུ་ནི་མི་རྣམས་ལ་འཚོ་བའི་ནང་གི་གནས་ཚུལ་ཙག་ཙིག་དག་ཤེས་སུ་འཇུག་རྒྱུ་དེ་ཡིན།

ལས་ལ་མོས་ཤིང་བརྩོན་སེམས་ཆེ་བའི་ཧྲི་ཐཱ་ཞིའི་དམག་དཔོན་དེ་དག་ཁྲོད་མིང་ལ་ཀུ་ཏུ•ཝེ་སི་ལེ་ཟེར་བའི་མིག་གཉིས་གཏིང་དུ་འཛུལ་ཞིང་ནམ་ཡང་རྣམ་འགྱུར་ཅི་ཡང་མི་མངོན་པར་མདུན་ཕྱོགས་སུ་ཅེར་ནས་སྡོད་མཁན་གྱི་དམག་དཔོན་ཞིག་ཡོད། ཁོ་བོས་རྒྱང་ཐག་ལེ་བར་ཁ་ཤས་ཀྱིས་ཆོད་མཚམས་ནས་བསམ་འཆར་མི་མཐུན་པའི་མི་ཚོའི་དྲི་མ་སྣོམ་ཐུབ་ཟེར།

.jpg

གཞུང་གི་ལས་དོན་ཕུད་པའི་ཁོང་ལ་རང་སྒེར་གྱི་འཚོ་བའི་བྱ་བ་ཅི་ཡང་མེད། ཉེ་དུས་ཆའོ་ཀྲི•ཏུ་ལའེ་མན་གྱི་འཁྲབ་སྟོན“ང་ཚོའི་ཉེན་ཁ་དང་བྲལ་བའི་རྩོམ་པ་པོ་གཅིག་པུ་ད་ཆ་ནུབ་ཕྱོགས་པས་བལྟ་བཞིན་ཡོད”ཅེས་པ་དེ་ལྟ་བར་ཕྱིན། དེ་རྗེས་ཁོ་བོས་རྩོམ་པ་པོ་འདིར་ཞིབ་གཤེར་བྱ་རྒྱུའི་བློ་ཐག་གཅད། དེ་ནི་སྤྱིར་ཁོང་རང་གཅིག་པུར་ཐུག་པའི་འཐབ་རྩོད་དྲག་པོ་ཞིག་ཡིན་པ་སྨྲོས་ཅི་དགོས། ཝེ་སི་ལིའི་བསམ་པར་རྩོམ་པ་པོ་འདི་ཉིད་ཕྱི་ནས་བལྟས་པ་ཇི་བཞིན་གྱི་ཚུལ་ལྡན་གཞུང་དྲང་ཞིག་ཡིན་པར་ཡིད་ཆེས་སྤུ་ཙམ་ཡང་མེད། ལས་རོགས་རྙིང་པ་ཀུ་པི་ཙེ་ཡིས་རྒྱབ་སྐྱོར་ཐོབ་རྗེས་རིག་གནས་ཚོགས་པའི་དཔོན་པོ་མཐོ་ཤོས་དང་དེ་སྔོན་ཧྲེ་ད་ཤིས་དམག་དཔོན་སྒྲིག་གཙུགས་བློན་ཆེན་ཧ་མུ་ཕུ་ཡིན་པའི་ཝེ་སི་ལེ་ཡིས་ཏུ་ལའེ་མན་སྡོད་སའི་འགྲུལ་ཁང་དུ་གློག་རྐུད་བསྒྲིག་གཏོང་བྱས། འོན་ཏེ་ཝེ་སི་ལེས་གློག་ཐག་སྟེང་ཅ་དངོས་ཅི་ཡང་འཇོག་ཐབས་བྲལ། ཁོ་བོས་གཡོ་ལྷད་མེད་པའི་སེམས་ནང་ཤར་རྒྱུད་གྱི་སྤྱི་ཚོགས་སྒྲིག་ལམ་ནི་རྟག་ཏུ་ཆེས་ལེགས་པོ་དང་ལྷིང་འཇགས་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།  དེས་ན་གློ་བུར་དུ་གློག་བརྙན་ནང་གི་འབྱུང་རིམ་ཡང་རྩེའི་ཕྱོགས་སུ་ཁ་ཕྱོགས་པ་ཏེ་ཏུ་ལའེ་མན་གྱི་འཚོ་བ་དང་ དེ་བས་ཏུ་ལའེ་མན་དང་འཁྲབ་སྟོན་མ་ཁུ་ལི་སི་ཐཱ་མཱ་ལེ་ཡཱ་ཞི་མན་ཏུ་གཉིས་བར་གྱི་བརྩེ་དུང་ལ་སོགས་པའི་གནད་དོན་དག་གིས་ཏུ་ལའེ་མན་གྱི་ཡིད་སེམས་དབང་མེད་འཕྲོག་པར་བྱེད།

.jpg

སྐབས་དེ་དུས་ཧཱ་མུའུ་ཕེ་ཡང་ཁུ་ལི་སི་ཐཱ་མཱ་ལེ་ཡཱའི་སེམས་བཀུག་བཞིན་ཡོད། ཁོ་བོས་ཝེ་སི་ལེར་བཀའ་བཏང་སྟེ་ཁོ་བོས་ཐབས་ཤེས་ཅི་ཡོད་བཏོན་ནས་ཏུ་ལའེ་མན་རང་ཕྱོགས་ལ་འགུག་དགོས་ཐོག་འགོག་རྐྱེན་མེད་པར་བཟོ་དགོས་ཞེས་བཤད། དེས་ན་གཞུང་དྲང་བའི་འཇན་མན་ཤར་རྒྱུད་ཧྲི་ད་ཤིའི“གཡོག་པོ”དེས་ཀྱང་ཐེངས་དང་པོར་རང་ཡང་སོ་སོའི་མི་ཚེའི་འགྲོ་ལམ་སྟེང་ཅི་བྱ་གཏོལ་བྲལ་གྱི་གནས་སུ་ལྷུང་། དུས་མཚུངས་སུ་ཏུ་ལའེ་མན་ནི་རང་གི་རོགས་པ་ཞིག་གིས་རང་སྲོག་བཅད་པ་ལ་བརྟེན་རང་གི་བློ་ཕྱོགས་ལ་ཡང་རིམ་བཞིན་འགྱུར་བ་ཕྱིན།

ངོ་མཚར་ཆེ་བའི་གླེང་མོལ་ཞིག་སྟེ། ཀྲུང་དབྱང་གིས་ང་ཚོའི་མིག་མདུན་གྱི་སྤྱི་ཚོགས་ཐོག་ཐོན་དང་ཐོན་བཞིན་པའི་མི་རྣམས་ཀྱི་འཚོ་བ་དང་འབྲེལ་བའི་དོན་དངོས་དག་ལ་དོ་ཁུར་བྱེད་བཞིན་ཡོད། ལོ་རེར་ཆ་སྙོམ་འཇུར་རྟ་ཆ2.3ཉོ་ཞིང་དེབ3.2ཀློག་པ། ལོ་རེར་སློབ་མ6743ཙམ་ཕུལ་བྱུང་སྦྱང་འབྲས་ཀྱིས་སློབ་ཐོན་བྱེད་བཞིན་ཡོད་པ་སོགས་ཀྱི་ཕྱོགས་བསྡོམས་མི་ཚང་མས་གསལ་བོར་རྟོགས་ཀྱིན་ཡོད། འོན་ཀྱང་ཕྱོགས་བསྡོམས་ཤིག་ནམ་ཡང་ཁྱབ་བསྒྲགས་མི་བྱེད་དེ། གཅིག་བྱས་ན་གྲངས་འདིའི་རིགས་ནི་མི་རྣམས་ཀྱིས་མ་རྟོགས་གོང་ནས་ཡལ་འགྲོ་བཞིན་ཡོད་པས་ཡིན་ཡང་སྲིད་མོད། གལ་སྲིད་ཁྱེད་ཀྱིས་བདེ་སྲུང་ཅུའུ་ལ་ཁ་པར་བརྒྱབ་ཏེ་ལོ་རེར་འཇར་མན་ཤར་རྒྱུད་དང་འགྲོ་འོང་གི་འབྲེལ་བ་ཡོད་པར་དོགས་གནས་བྱས་རྐྱེན་རང་སྲོག་གཅོད་མཁན་མི་ཇི་ཙམ་ཡོད་ཞེས་དྲིས་ཚེ། ཁོ་ཚོ་དེ་མ་ཐག་ཁུ་སིམ་མེར་སྡོད་ཅིང་དེ་ནས་ཞིབ་ཚགས་ངང་ཁྱེད་ཉིད་ཀྱི་མིང་ཐོར་འགོད་ངེས་རེད། དེ་ནི་རྒྱལ་ཁབ་ཀྱི་བདེ་སྲུང་གི་ཆེད་དུ་ཡིན་ལ་ཚེ་ལས་འདས་ཟིན་པའི་མི་རྣམས་ནི་དོན་ངོ་མའི་བདེ་སྲུང་གི་ཆེད་དུ་ཡིན་ཞིང་བདི་སྐྱིད་ཀྱི་ཆེད་དུ་ཡང་ཡིན། སྤྱི་ལོ1977ལོའི་རྗེས་ནས་བཟུང་འཇར་མན་ཤར་ཕྱོགས་ཀྱིས་རང་སྲོག་གཅོད་མཁན་ཕྱོགས་བསྡོམས་མི་བྱེད་མོད། འོན་ཏེ་ང་ཚོས་བརྗོད་པའི་རང་སྲོག་བཅད་པ་ཞེས་པ་ནི་ཆེས་ཡག་ཤོས་ཀྱི་མཇུག་འབྲས་ཤིག་རེད། རྒྱུ་མཚན་ནི་ཁོ་ཚོས་གདུང་བ་དེ་ལྟ་བུའི་འཚོ་བར་བཟོད་སྲན་བྱེད་ཐབས་བྲལ་ཞིང་། གསོན་པོར་གནས་ཀྱང་ཁྲག་རྒྱུན་མི་རྒྱུག་ལ་རབ་ཏུ་རྒོད་པའི་སེམས་པ་ཞིག་ཀྱང་མེད་པས་ན་ཁོ་ཚོར་ཤི་རྒྱུའི་གདམ་ག་ལས་གཞན་ཅི། རང་སྲོག་བཅད་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་རྒྱུ་ནི་ཁོ་ཚོའི་ངོས་ནས་བརྗོད་ན་རེ་བ་དང་དོན་དམ་གྱི་བདེ་སྐྱིད་ཞིག་རེད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-20

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།