སྒམ་པོའི་གཏམ་རྒྱུད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒམ་པོའི་གཏམ་རྒྱུད།
《སྒམ་པོའི་གཏམ་རྒྱུད》ཅེས་པའི་གློག་བརྙན་འདི་ནི་ཨ་རིའི་རྩོམ་པ་པོ་ཝུན་སི་ཏུན•ཀུ་ལུའུ་མུའུ་ཡིས་སྤྱི་ལོ1986ལོར་པར་དུ་སྐྲུན་པའི་ཁ་བྱང་གཅིག་པའི་བརྩམས་སྒྲུང་ལས་བཅོས་སྒྲིག་དང་ཕབ་སྐྲུན་བྱས་པ་ཞིག་ཡིན། འཁྲབ་ཁྲིད་པ་ལོའུ་པོ་ཐུ•ཙེ་སྨི་ཅི་སིས་འཁྲབ་ཁྲིད་བྱས་ཤིང་། ཐང་མུའུ•ཧན་ཁུ་སི་དང་ལོའུ་པིན•ལའེ་ཐུ•ཕན་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། གློག་བརྙན་འདིའི་ནང་དུ་མིང་ལ་སྒམ་པོ་ཟེར་བའི་མི་གླེན་པ་ཞིག་གིས་སྟེས་དབང་དང་རང་གི་འབད་བརྩོན་འོག དུས་རབས་ཕྱེད་ཙམ་རིང་གི་ཨ་རིའི་སྤྱི་ཚོགས་ཀྱི་དོན་ཆེན་རྣམས་ཚང་མར་ཞུགས་པ་དང་གྲུབ་འབྲས་ཆེན་པོ་ཐོབ་པ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
སྒམ་པོའི་གཏམ་རྒྱུད།
མ་བརྙན་མིང་།
Forrest Gump
རྒྱ་འགྱུར་མིང་།
阿甘正传
རྒྱལ་ཁབ།
ཨ་རི།
སྐད་རིགས།
དབྱིན་སྐད།
འཁྲབ་ཁྲིད་པ།
ལོའུ་པོ་ཐུ•ཙེ་སྨི་ཅི་སི།
གཙོ་འཁྲབ་པ།
ཐང་མུའུ•ཧན་ཁུ་སི། ལོའུ་པིན•ལའེ་ཐུ•ཕན།
འགྲེམ་དུས།
1994-06-23
བརྙན་རིགས།
གཏམ་རྒྱུད། བརྩེ་དུང་།
ཡུན་ཚད།
སྐར་མ142
བྱ་དགའ་གཙོ་བོ།
སྐབས67པའི་ཨོ་སི་ཁཱ་གསེར་གྱི་རྟགས་མའི་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲ། སྐྱེས་པའི་གཙོ་འཁྲབ་པ་རྩེ་གྲ་བཅས་བྱ་དགའ་ཆེན་པོ་དྲུག་ཐོབ།
1 ནང་དོན་མདོར་བསྡུས།

བྱ་སྤུ་ཞིག་བསིལ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཕྱོགས་ངེས་མེད་དུ་འཕུར་བའི་མཐར། འདུག་སྟེགས་རིང་པོ་ཞིག་གི་སྟེང་བསྡད་དེ་ཅི་ཞིག་ལ་བསྒུག་ཡོད་པའི་ཨ་རི་བ་སྒམ་པོའི་མདུན་དུ་ག་ལེར་བབས། ཁོའི་ཨ་མས་བཤད་པ་ནང་བཞིན། མི་ཚེ་ནི་ངོ་མ་ལྕོག་ལེ་སྒམ་ཆུང་གང་དང་འདྲའམ། རྗེས་ནས་ཅི་འབྱུང་ཚོད་ཀྱིས་མི་ཐིག་པ་ཞིག་ཡིན་ནམ། ཁོ་ཕྱིར་དྲན་གྱི་ཀློང་དུ་ཞུགས། ཨ་རི་བ་སྒམ་པོ་ནི་རིག་སྟོབས་ལIQ75ལས་མེད་པའི་དབང་རྟུལ་ཞིག་ཡིན་ཞིང་། སློབ་གྲྭ་ནས་རྟག་པར་བྱིས་པ་ཚོས་ཐུབ་ཚོད་བྱེད་པས། མིང་ལ་ཀྲེན་ནེ་ཟེར་བའི་གྲོགས་མོ་ཞིག་གི་ཁ་ལ་ཉན་ནས“བྲོས”ཏེ་དེ་དག་ལས་གཡོལ་ཅི་ཐུབ་གང་ཐུབ་བྱས། སློབ་འབྲིང་སྐབས་སུའང་། མི་གཞན་གྱི་བརྙས་བཅོས་ལ་གཡོལ་ཆེད་སྟེས་དབང་གིས་འཇོང་གྲུག་ར་བ་ཞིག་བརྒྱུད་ནས་བྲོས་ཤིང་། འདི་ལྟར“རླུང་ནག་འཚུབ་མ”འདི་སློབ་ཆེན་གྱི་སྒོ་ཐེམ་རྡོག་པས་གནོན་ཐུབ་པ་བྱུང་པར་མ་ཟད། འཇོང་གྲུག་རྩེ་མཁན་ཕུལ་ཏུ་བྱུང་པ་ཞིག་ཏུ་ཆགས་ཤིང་། སྲིད་འཛིན་ཁེན་ནེ་ཏེ་སྐུ་དངོས་ནས་མཇལ་འཕྲད་ཀྱང་གནངས།

.jpg

སློབ་ཆེན་ནས་ཐོན་རྗེས། དམག་ནང་དུ་བསྡུས་ནས་ཝེ་ཐེ་ནམ་གྱི་གཡུལ་སར་ཆས། ཁོས་དེ་རུ་ཤཱ་འབུར་དགའ་བའི་པུའུ་པཱ་དང་དམག་དཔོན་ཀྲུང་ཝེ་ཏེན་ངོ་ཤེས་ཤིང་གྲོགས་པོ་རུ་གྱུར། ཡིན་ཡང་དམག་འཁྲུག་གི་མཐར་མར་ཁོའི་གྲོགས་མཆོག་པུའུ་པཱའི་སྲོག་རྟ་རྔ་འདྲ་བོ་ཡང་གནས་དེ་རུ་ཆད།

དུས་སྐབས་དེར། ཁོའི་ཆུང་འདྲིས་ཀྲེན་ནེ་ནི་བག་མེད་རྒྱ་ཡན་གྱི་ལམ་ཀར་ཞུགས་ཚར་ཡོད་ཅིང་། སྒམ་པོ་ནི་ད་དུང་ཡང་མོ་ལ་ཞེ་ཆགས་ཡོད་ནའང་མོས་ཁོ་ལ་དགའ་པོ་བྱེད་ཀྱིན་མེད། དམག་འཁྲུག་མཇུག་སྒྲིལ་རྗེས། སྒམ་པོ་གཡུལ་གྱི་དཔའ་བོར་གྱུར་ཏེ་སྲིད་འཛིན་ཡེ་ཧན་སིན་གྱིས་མཇལ་འཕྲད་གནང་ཞིང་། ཏག་ཏག་རེབ་ཅིག་ལ་ཞི་བདེའི་ཁྲོམ་སྐོར་ལྟ་བུ་ཞིག་ནས་ཀྲེན་ནེ་དང་ཁོ་གཉིས་སླར་ཡང་ངོ་འཕྲད་ཐུབ་པ་བྱུང་ནའང་། འཚབ་བ་འཚུབ་བེར་ཁ་བྲལ་དགོས་པ་བྱུང་། ཕྱིས་སུ་སྟེས་དབང་ཞིག་གིས་ཁོ་ཕིང་ཕང་སྤོ་ལོར་དུངས་ཀ་ཆེ་བར་གྱུར་ཞིང་རྩེད་མོ་དེར་ཤིན་ཏུ་འཇོན་པས། ཀྲུང་གོར་ཕིང་ཕང་སྤོ་ལོའི་འགྲན་བསྡུར་བྱ་རུ་ཡོང་སྟེ། ཀྲུང་གོ་དང་ཨ་རིའི་ཕྱི་འབྲེལ་ལ་བྱས་རྗེས་བཞག

སྒམ་པོ་ནི་ཁ་དན་ཚིག་ལ་གནས་པའི་མི་ཞིག་ཡིན་པས། ཁོས་སྔོན་མར་རང་གི་གྲོགས་པོ་པུའུ་པཱར་ཁས་ལེན་བྱས་པ་མ་བརྗེད་པར། ཤཱ་འབུའི་ཚོང་ལས་ལ་ཞུགས་པས། ལས་ལམ་ལ་སོང་སྟེ་ཕྱུག་བདག་ཆེན་པོ་ཞིག་ཏུ་གྱུར། ཡིན་ཡང་། ཁོས་སྔར་ལྟར་ཀྲེན་ནེ་དྲན་གྱིན་པའི་སྒང་ལ། ཉིན་ཞིག་ཀྲེན་ནེ་དངོས་སུ་ཕྱིར་ཁོའི་འཇིག་རྟེན་དུ་འཁོར་ཐུབ་པ་བྱུང་ཞིང་། དུས་ཐུང་ཞིག་ལ་མཉམ་དུ་བསྡད་རྗེས་ཀྱི་མཚན་མོ་ཞིག་ལ་ཀྲེན་ནེ་ཁོའི་མལ་ས་དྲོན་མོར་འཛུལ་འོངས་ཤིང་དོན་གྱི་དགའ་གྲོགས་སུ་གྱུར་ནའང་། སྐྱ་རེངས་ཀྱི་དུས་སུ་ཁ་རོག་གེར་གནས་དེ་དང་བྲལ། ལོ་ངོ་གསུམ་གྱི་རྗེས་ནས། ཁོ་དང་ཀྲེན་ནེ་ཡང་བསྐྱར་འཕྲད་དུས། མོས་ཁོ་རང་ལ་བུ་ཞིག་བཙས་ཡོད་པ་ད་གཟོད་ཤེས་ཤིང་སྐྱིད་ཀྱི་ཉི་མར་རོལ་གྲབས་ཡོད་དུས་སུ། ཀྲེན་ནེ་མི་འདོད་ནད་ཀྱིས་ཐེབས་པར་གྱུར་བས། ཁོ་ཚོ་ལམ་སེང་ཕྱིར་རང་ཡུལ་དུ་ལོག་སྟེ་གཉེན་སྟོན་དངོས་སུ་བྱས་ཤིང་བཟའ་མི་ལྷན་འཛོམས་ཀྱི་སྐྱིད་རྒྱ་མཐོངས་གྲིབ་མ་ལྟ་བུར་རོལ།

.jpg

ཀྲེན་ནེ་ཚེ་ལས་འདས་སོང་། ཁོའི་བུ་ཡང་སློབ་གྲྭར་ཞུགས་པའི་ལོ་ལ་སླེབས། སྒམ་པོས་བུ་སློབ་གྲྭའི་མོ་ཊར་བཞག་ནས་སྐྱེལ་མ་བྱས་རྗེས། འབབ་ཚིགས་ཀྱི་འདུག་སྟེགས་སྟེང་བསྡད་དེ་རྒོ་བའི་ར་ཁྲ་འདྲ་བའི་མི་ཚེར་ཕྱིར་འདང་བརྒྱབ། བྱ་སྤུ་དེ་སླར་ཡང་མཁའ་རུ་འཕུར།

2 དཔྱད་གཏམ།

གློག་བརྙན་འདིར་སྤྱིའི་ཆ་ནས་བསྟོད་བསྔགས་ཆེན་པོ་ཐོབ། ལོ་དེར་ཨོ་སི་ཁཱ་བྱ་དགའ་སོགས་པ་ཧ་ཅང་མང་པོ་ཐོབ་ཡོད། དེའི་རྒྱུ་རྐྱེན་བརྗོད་ན། གཅིག་ནས་གློག་བརྙན་དེའི་སྒྲུང་གཏམ་དེ་ནི་དམིགས་བསལ་ཚ་པོ་ཞིག་ཡིན་པ་སྟེ། སྒམ་པོ་ཟེར་བའི་མི་གླེན་པ་ཞིག་གིས་སྟེས་དབང་དང་རང་གི་འབད་བརྩོན་འོག དུས་རབས་ཕྱེད་ཙམ་རིང་གི་ཨ་རིའི་སྤྱི་ཚོགས་ཀྱི་དོན་ཆེན་རྣམས་ཚང་མར་ཞུགས་པ་དང་གྲུབ་འབྲས་ཆེན་པོ་ཐོབ། དེ་ནི་གློག་བརྙན་རང་གི་སྒྲུང་གཏམ་མ་བརླགས་པར་དངོས་དོན་མང་པོ་མཉམ་བསྲེས་བྱེད་ཐུབ་པའི་ནུས་པ་འགྲན་ཟླ་བྲལ་བ་ཞིག་ཡིན། གཉིས་ནས་ཐང་མུའུ•ཧན་ཁུ་སིའི་ཧང་སངས་དགོས་པའི་འཁྲབ་རྩལ་དེས། སྒམ་པོ་ཞེས་པའི་མི་དེ་ཚང་མའི་མིག་ལམ་དུ་མངོན་སུམ་བཞིན་དུ་བསྟན་ཡོད། གློག་བརྙན་དེའི་འགྲེམ་པར་སྟེང་དུ་ཐང་མུའུ•ཧན་ཁུ་སི་ནི་ཧྥོ་རི་སི་ཐ་སྒམ་པོ་ཡིན་ཞེས་བྲིས་པ་ཡང་ཤིན་ཏུ་ལུགས་དང་མཐུན་པ་ཞིག་རེད། གློག་བརྙན་དེར་མི་སོ་སོའི་འདོད་པ་བཞིན་དབྱེ་ཞིབ་བྱས་ཆོག་ཀྱང་། མཐར་གཅིག་གྱུར་གྱི་ཤོད་སྟངས་ཐོན་མི་ཐུབ། གང་ལྟར་ཁྱོད་ཀྱིས་སྒམ་པོ་ནི་དངོས་འབྲེལ་དཀའ་ངལ་ཁྱད་གསོད་བྱས་མཐར་གྲུབ་འབྲས་ཐོབ་མཁན་གྱི་མི་སྣ་ཞིག་ལ་བརྩིས་ཀྱང་འདྲ། ཡང་ན་རླངས་འཁོར་འབབ་ཚུགས་སུ་ཁེར་ལབ་རྒྱག་མཁན་གྱི་མི་ཀླད་པ་ཐང་མ་མེད་པ་ཞིག་ལ་བརྩིས་ཀྱང་འདྲ། ཚང་མར་རྒྱུ་མཚན་ལྡན་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-20

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།