དབྱངས་ཀྱི་འགྱུར་ཁུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱངས་ཀྱི་འགྱུར་ཁུགས།
《དབྱངས་ཀྱི་འགྱུར་ཁུགས》ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་ལོའུ་པོ་ཐུ•ཧོའེ་སིས་འཁྲབ་ཁྲིད་བྱས་ཤིང་། ཀྲུའུ་ལི•ཨན་ཏུ་ལུའུ་སི་དང་ཁུ་ལི་སི་ཐོའུ་ཧྥོ•ཕུའུ་ལུའུ་མོ། ལི་ཁྲ་ཏུ•ཧའེ་ཏུན་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཡིན། གློག་བརྙན་འདིའི་ནང་དུ་ལོ་ན་གཞོན་པའི་དགེ་སྒྲུབ་མ་མཱ་ལི་ཡཱ་བྱིས་པ་བདུན་ཡོད་སའི་གྲུ་དཔོན་ཞིག་གི་ཁྱིམ་ཚང་དུ་དགེ་རྒན་བྱས་ནས། བྱིས་པ་ཚོ་དང་གྲུ་དཔོན་རྣམས་ཀྱིས་དགའ་ཞེན་ཐོབ། སྐབས་འདིར་འཇར་མན་གྱིས་ཨོ་སི་ཁྲུ་རི་ཡ་བཙན་བཟུང་བྱས་ཏེ་ཁོ་ཚོ་འཚོ་བའི་དཀའ་ངལ་མང་པོར་འཕྲད་པས། ཁོ་ཚོས་སྙན་པའི་གླུ་དབྱངས་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་གཞན་ཡུལ་དུ་བྱོལ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
དབྱངས་ཀྱི་འགྱུར་ཁུགས།
མ་བརྙན་མིང་།
The Sound of Music
རྒྱ་འགྱུར་མིང་།
音乐之声
རྒྱལ་ཁབ།
ཨ་རི།
སྐད་རིགས།
དབྱིན་སྐད།
འཁྲབ་ཁྲིད་པ།
ལོའུ་པོ་ཐུ•ཧོའེ་སི།
གཙོ་འཁྲབ་པ།
ཀྲུའུ་ལི•ཨན་ཏུ་ལུའུ་སི། ཁུ་ལི་སི་ཐོའུ་ཧྥོ•ཕུའུ་ལུའུ་མོ། ལི་ཁྲ་ཏུ•ཧའེ་ཏུན།
འགྲེམ་དུས།
1965-03-02
བརྙན་རིགས།
གཏམ་རྒྱུད། ཁྱིམ་ཚང་། རྣམ་ཐར།
ཡུན་ཚད།
སྐར་མ174
བྱ་དགའ་གཙོ་བོ།
སྐབས38པའི་ཨོ་སི་ཁཱ་གསེར་གྱི་རྟགས་མ་ལས་ཐེངས་བཅུར་མིང་འདོན་པ་བརྒྱུད་ནས་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲ་བཅས་བྱ་དགའ་ལྔ་ཐོབ།
1 ནང་དོན་མདོར་བསྡུས།

དགེ་སྒྲུབ་ཁང་གི་དགེ་སྒྲུབ་མ་མཱ་ལི་ཡཱ་ནི་གཤིས་རྒྱུད་གྱོང་ཞིང་སྤོབས་པ་ཆེ། དེའི་རྐྱེན་གྱིས་དགེ་སྒྲུབ་ཁང་གི་དཔོན་མོས་མཱ་ལི་ཡཱའི་གཤིས་ཀ་འདི་འདྲ་དགེ་སྒྲུབ་ཁང་ལ་མི་འཚམ་པར་བསམས་ནས། བྱིས་པ་བདུན་ཡོད་སའི་གྲུ་དཔོན་ཞིག་གི་དགེ་རྒན་དུ་མངགས། གྲུ་དཔོན་གྱིས་མནའ་མ་འདས་རྗེས་རང་གི་བུ་ཕྲུག་བཟུང་བ་ཤིན་ཏུ་དམ་པས། མཱ་ལི་ཡཱ་ཁོང་ཚང་ལ་ཡོང་དུས་བྱིས་པ་དེ་དག་རང་གཤིས་གཙང་ཞིང་སྙིང་རྗེ་བོ་འདུག་པར་བརྟེན། རང་གི་བུ་ཕྲུག་ལྟར་བསྐྱངས། བྱིས་པ་རྣམས་ཀྱིས་ཀྱང་མཱ་ལི་ཡཱ་ལ་དགའ་ཞེན་བྱེད། གྲུ་དཔོན་གྱིས་མནའ་མ་གཞན་ཞིག་བསུ་འདོད་ཡོད་པས། མཱ་ལི་ཡཱ་ཡིས་བྱིས་པ་ཚོར་གླུ་དབྱངས་སྙན་མོ་དག་ཁྲིད་ནས་ཁོ་ཚོའི་ཨ་ཕ་བསུ་བའི་དགའ་སྟོན་ཐོག་ལེན་དུ་བཅུག དེའི་སྐབས་སུ་ཁོ་མོ་དང་གྲུ་དཔོན་བར་བརྩེ་དུང་ཆགས་མོད། གྲུ་དཔོན་གྱིས་མནའ་མ་གསར་པ་གཞན་བསུ་གྲབས་ཡོད་པས་མཱ་ལི་ཡཱ་ཕྱིར་དགེ་སྒྲུབ་ཁང་དུ་ལོག ཡིན་ནའང་བྱིས་པ་རྣམས་ཀྱིས་བཅངས་བའི་བརྩེ་སེམས་དང་། རང་གི་བརྩེ་དུང་གི་ཆེད་དུ་ཁོ་མོ་སླར་ཡང་གྲུ་དཔོན་ཚང་དུ་ལོག་ནས་གྲུ་དཔོན་དང་གཉེན་སྒྲིག་བྱས། ཕྱིས་སུ་འཇར་མན་གྱིས་ཨོ་སི་ཁྲུ་རི་ཡ་བཙན་བཟུང་བྱས་ཏེ་ཁོ་ཚོ་འཚོ་བའི་དཀའ་ངལ་མང་པོར་འཕྲད་པས། ཁོ་ཚོས་སྙན་པའི་གླུ་དབྱངས་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་གཞན་ཡུལ་དུ་བྱོལ་ནས་བདེ་ཞིང་སྐྱིད་པོའི་འཚོ་བ་རོལ་བ་རེད།

.jpg

2 དཔྱད་གཏམ།

གློག་བརྙན་འདིར་ཨོ་སི་ཁཱ་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་མྱོང་ལ། གཟིགས་མོ་བ་མང་པོ་ཆེས་དགའ་ས་ཞིག་ཀྱང་ཡིན། བརྙན་རིས་དེ་དག་ལས། སྐབས་དེའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་མི་རྣམས་ཀྱི་བསམ་པའི་འདུ་ཤེས་མཚོན་གྱི་ཡོད་ལ། དེ་ནི་ཇི་འདྲའི་སྤོབས་པ་སྐྱེད་བྱེད་ཅིག་རེད། རང་གི་མི་རིགས་ལ་བཅངས་པའི་དགའ་ཞེན་དང་། མི་རིགས་དཀའ་ངལ་ལ་འཕྲད་དུས་བཙན་དབང་ལ་མགོ་མི་སྒུར་བ་ནི་ང་ཚོས་མིག་དཔེ་ལྟ་ས་ཞིག་ཏུ་འདུག་ལ། དེང་རབས་སྤྱི་ཚོགས་ལའང་དགོས་གལ་ཆེ་བ་ཞིག་རེད། གློག་བརྙན་འདིའི་ནང་དུ་གླུ་དབྱངས་སྙན་མོས་བདེ་སྐྱིད་ཀྱི་འཚོ་བ་གསོན་ཉམས་ལྡན་པར་མཚོན་ཏུ་བཅུག་ཡོད་ལ། ཁོ་ཚོའི་འཚོ་བ་རོལ་སྟངས་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་སྐྱེ་བོ་རྣམས་ཀྱི་སེམས་པ་སྒུལ་གྱིན་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-19

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།