མར་ཧྲོར་གླིང་ཚོམ་གྱི་རྒྱལ་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མར་ཧྲོར་གླིང་ཚོམ་གྱི་རྒྱལ་དར།
མར་ཧྲོར་གླིང་ཚོམ་གྱི་མིང་ཆ་ཚང་ལ་མར་ཧྲོར་གླིང་ཚོམ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཞི་བདེ་རྒྱ་མཚོའི་དབུས་རྒྱུད་དུ་གནས་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། མར་ཧྲོར་གླིང་ཚོམ་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི19བསྡུར10ཡིན། དར་གཞི་ནི་མདོག་སྔོན་པོ་ཡིན་ཞིང་། ལི་མདོག་དང་མདོག་དཀར་པོ་གཉིས་སྤེལ་མར་ཡོད་པའི་འགྱེད་དབྱིབས་ཀྱི་འཕྲེད་བཅད་ཅིག་གཡོན་ཟུར་འོག་མ་ནས་གཡས་ཟུར་གོང་མར་ཡོད་ལ། དེས་རྒྱལ་དར་གོང་འོག་གཉིས་སུ་དབྱེ་ཡོད་པ་དང་། གོང་ནི་ཡངས་བ་དང་འོག་ནི་དོག་པ་ཡིན། དར་ངོས་ཀྱི་གཡོན་ཟུར་གོང་མ་རུ་ཉི་མ་དཀར་པོ་ཞིག་ཡོད་ཅིང་། དེས་འོད་ཟེར་ཉི་ཤུ་ཉེར་བཞི་འཕྲོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马绍尔群岛国旗
ཕྱི་ཡིག་གི་མིང་།
Flag of the Marshall Islands
རིགས་དབྱེ།
རྒྱལ་དར།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1979ལོའི་ཟླ5པའི་ཚེས1ཉིན།
1 ངོ་སྤྲོད།

མར་ཧྲོར་གླིང་ཚོམ་གྱི་མིང་ཆ་ཚང་ལ་མར་ཧྲོར་གླིང་ཚོམ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།  དེ་ནི་ཞི་བདེ་རྒྱ་མཚོའི་དབུས་རྒྱུད་དུ་གནས་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན།  མར་ཧྲོར་གླིང་ཚོམ་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་།  དཀྱུས་དང་ཞེང་གི་བསྡུར་ཚད་ནི19བསྡུར10ཡིན།  དར་གཞི་ནི་མདོག་སྔོན་པོ་ཡིན་ཞིང་།  ལི་མདོག་དང་མདོག་དཀར་པོ་གཉིས་སྤེལ་མར་ཡོད་པའི་འགྱེད་དབྱིབས་ཀྱི་འཕྲེད་བཅད་ཅིག་གཡོན་ཟུར་འོག་མ་ནས་གཡས་ཟུར་གོང་མར་ཡོད་ལ།   དེས་རྒྱལ་དར་གོང་འོག་གཉིས་སུ་དབྱེ་ཡོད་པ་དང་།   གོང་ནི་ཡངས་བ་དང་འོག་ནི་དོག་པ་ཡིན།  དར་ངོས་ཀྱི་གཡོན་ཟུར་གོང་མ་རུ་ཉི་མ་དཀར་པོ་ཞིག་ཡོད་ཅིང་།  དེས་འོད་ཟེར་ཉི་ཤུ་ཉེར་བཞི་འཕྲོ་བ་ཡིན།  མདོག་སྔོན་པོས་ཞི་བདེ་རྒྱ་མཚོ་མཚོན་ཞིང་།  དཀར་པོ་དང་ལི་མདོག་གིས་རིམ་བཞིན་འོད་སྣང་དང་རྒྱུ་ནོར་མཚོན།  ཉི་མ་དཀར་པོས་མར་ཧྲོར་གླིང་ཚོམ་དེ་ཐིག་དམར་གྱི་བྱང་ཕྱོགས་སུ་གནས་པའི་ས་ཁམས་གནས་ཡུལ་མཚོན་ཞིང་།  འོད་ཟེར་ཉི་ཤུ་ཉེར་བཞིས་མར་ཧྲོར་གླིང་ཚོམ་རྒྱལ་ཁོངས་ཐོག་གི་གླིང་ཕྲན་ཆེ་ཆུང་ཉི་ཤུ་ཉེར་བཞི་མཚོན་ལ།  ཉི་མའི་སྟེང་ཕྱོགས་བཞིའི་བསྣོལ་མཚམས་མངོན་པའི་ཟུར་རིང་བོ་བཞི་ནི་རྒྱ་གྲམ་གྱི་འགྱུར་དབྱིབས་ཡིན་པ་དང་།  དེས་རྒྱལ་ཁབ་འདིའི་སྡོད་དམངས་ཀྱིས་ཡེ་ཤུའི་ཆོས་ལུགས་ལ་བཅིངས་པའི་དད་མོས་མཚོན་པ་ཡིན།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-20

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།