མ་ཁེ་ཐེན་གྱི་རྒྱལ་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མ་ཁེ་ཐེན་གྱི་རྒྱལ་དར།
མ་ཁེ་ཐེན་གྱི་མིང་ཆ་ཚང་ལ་མ་ཁེ་ཐེན་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡོ་རོབ་ཤར་ལྷོའི་པཱར་ཀན་ཕྱེད་གླིང་གི་ལྷོ་རྒྱུད་དུ་གནས་པའི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན། མ་ཁེ་ཐེན་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི2བསྡུར1ཡིན། དར་ངོས་མདོག་དམར་པོ་ཡིན་ཞིང་། དཀྱིལ་དུ་གསེར་མདོག་གི་ཉི་མ་ཞིག་ཡོད་ལ། ཉི་མ་དེས་འོད་ཟེར་བརྒྱད་འཕྲོ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马其顿国旗
ཕྱི་ཡིག་གི་མིང་།
Flag of the Republic of Macedonia
རིགས་དབྱེ།
རྒྱལ་དར།
བཀོལ་སྤྱོད་རྒྱལ་ཁབ།
མ་ཁེ་ཐེན།
1 ངོ་སྤྲོད།

མ་ཁེ་ཐེན་གྱི་མིང་ཆ་ཚང་ལ་མ་ཁེ་ཐེན་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།  དེ་ནི་ཡོ་རོབ་ཤར་ལྷོའི་པཱར་ཀན་ཕྱེད་གླིང་གི་ལྷོ་རྒྱུད་དུ་གནས་པའི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན།  མ་ཁེ་ཐེན་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་།  དཀྱུས་དང་ཞེང་གི་བསྡུར་ཚད་ནི2བསྡུར1ཡིན།  དར་ངོས་མདོག་དམར་པོ་ཡིན་ཞིང་།  དཀྱིལ་དུ་གསེར་མདོག་གི་ཉི་མ་ཞིག་ཡོད་ལ།   ཉི་མ་དེས་འོད་ཟེར་བརྒྱད་འཕྲོ་བ་ཡིན།  ཉི་མ་ནི་མ་ཁེ་ཐེན་མི་རིགས་ཀྱི་མཚོན་རྟགས་ཡིན་ཞིང་།   གཞི་དམར་པོའི་སྟེང་གསེར་མདོག་གི་ཉི་མ་ཡོད་པ་དེས་མ་ཁེ་ཐེན་གྱི་མི་དམངས་ཀྱིས་བཅིངས་འགྲོལ་དང་།   རང་དབང་གི་མཁའ་དབྱིངས་ཆེད་རང་ཉིད་ཀྱི་ཁྲག་དམར་དང་ཚེ་སྲོག་འབུལ་བར་མོས་པ་མཚོན་ལ།  ཉི་མའི་འོད་ཟེར་བརྒྱད་པོ་ཕྱོགས་བཞི་ལ་འཕྲོ་བ་ཡིས་དེས་རབས་རབས་ཚེ་ཚེ་ལ་མ་ཁེ་ཐེན་གྱི་མི་དམངས་མགོན་སྐྱོབ་གནང་ཡོད་པ་མཚོན། 

སྔོན་ཆད་ཀྱི་རྒྱལ་དར་སྟེང་གི་ཁུ་ལཱ་པིའི་ཡང་རྩེའི་ཉི་མས་འོད་ཟེར་བཅུ་དྲུག་འཕྲོ་བ་ཡིན་ལ།  དེས་མ་ཁེ་ཐེན་གྱི་ལོ་རྒྱུས་དང་གནའ་བོའི་རིག་གནས་མཚོན་མོད།   འོན་ཀྱང་དེའང་ཀེ་རི་སེའི་མ་ཁེ་ཐེན་གྱི་མིས་ཕྱག་དབང་ཞུ་ས་ཡིན་པས།  ཀེ་རི་སེས་མ་ཁེ་ཐེན་ལ་རྒྱལ་དར་ཐོག་གི་རི་མོ་དེ་བཟོ་བཅོས་བྱ་དགོས་པའི་རེ་འདུན་རྒྱུན་འཁྱོངས་བྱས་པའི་རྐྱེན་གྱིས་དེང་སྐབས་ཀྱི་རི་མོ་འདི་འདྲ་ཞིག་ཏུ་གྱུར་བ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-19

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།