མུ་ཏིག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

མུ་ཏིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ས་ཁམས། )

མུ་ཏིག
དེང་དུས་རྒྱ་ནག་གི་མཚོ་རྒྱུད་ས་ཁུལ་ཁག་ནས་ཐོན་ཞིང་། དྲོད་ཚད་ཆེ་བའི་རྒྱ་མཚོའི་གཏིང་གི་བྲག་གསེབ་དང་། རྦ་རླབས་ཅུང་ཆུང་བའི་མཚོ་ཁུག་གི་བྱེ་མའི་ནང་སོགས་སུ་ཉ་ཕྱིས་རུས་སྐོགས་ཉིས་སྦྱར་གྱི་ནང་དུ་གནས་པའི་ཉ་ཕྱིས་ཅན་གྱི་སྲོག་ཆགས་འགའི་ནང་གི་ལུས་དང་། ཕྱིའི་ཉ་སྐྱོགས་བར་གྱི་མུ་ཏིག་འབྱུང་སྣོད་ལས་བྱུང་བའི་རང་གྲུབ་ཀྱི་རུས་འབྲས་ཡིན། ཆེ་ཆུང་ཡུངས་དཀར་དང་ནས་འབྲུ་ཙམ་སོགས་ཅི་རིགས་འབྱུང་ངོ་།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
珍珠
ཕྱི་ཡིག་གི་མིང་།
Pteria margaritifera(L)
མིང་གཞན།
མུཀྟཀ མཽཀྚིཀཾ གྲོལ་བ་ཅན། མུཀྟ་ཕ་ལ། པ་ནི་ཕ་ལ། མུ་ཐི་ལི། ཉ་ཕྱིས་ས་བོན། ཉ་ཕྱིས་སྐྱེས།
རིགས་དབྱེ།
མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ།
1 ངོ་སྤྲོད།

དེང་དུས་རྒྱ་ནག་གི་མཚོ་རྒྱུད་ས་ཁུལ་ཁག་ནས་ཐོན་ཞིང་། དྲོད་ཚད་ཆེ་བའི་རྒྱ་མཚོའི་གཏིང་གི་བྲག་གསེབ་དང་། རྦ་རླབས་ཅུང་ཆུང་བའི་མཚོ་ཁུག་གི་བྱེ་མའི་ནང་སོགས་སུ་ཉ་ཕྱིས་རུས་སྐོགས་ཉིས་སྦྱར་གྱི་ནང་དུ་གནས་པའི་ཉ་ཕྱིས་ཅན་གྱི་སྲོག་ཆགས་འགའི་ནང་གི་ལུས་དང་། ཕྱིའི་ཉ་སྐྱོགས་བར་གྱི་མུ་ཏིག་འབྱུང་སྣོད་ལས་བྱུང་བའི་རང་གྲུབ་ཀྱི་རུས་འབྲས་ཡིན། ཆེ་ཆུང་ཡུངས་དཀར་དང་ནས་འབྲུ་ཙམ་སོགས་ཅི་རིགས་འབྱུང་། ངོ་བོ་སྲ་ཞིང་མཁྲེགས་ལ་བཅག་ཁར་ཕྱི་ནང་རིམ་པའི་རི་མོ་ཡོད་པ། འགའ་ཞིག་གི་དཀྱིལ་དུ་རྡོ་སོགས་དངོས་པོ་གཞན་གྱི་སྙིགས་མ་ཅུང་ཟད་ཡོད་པ། མེ་ལ་བསྲེག་ན་ཚད་སྒྲ་དང་བཅས་འབར་བའོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།