མཆོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཆོང་།
འདི་རྒྱ་དཀར་ནག་དང་བོད་རང་སྐྱོང་ལྗོངས་ཀྱི་བྱང་འབྲོག་ཁུལ་སོགས་གང་ནས་ཀྱང་འབྱུང་། དབྱིབས་སྣ་ཚོགས་འབྱུང་ཞིང་ཕྱི་ངོས་འབར་འབུར་མི་སྙོམས་པ་ལ་ཁ་དོག་མ་ངེས་པ། འགའ་ཞིག་ཁ་དོག་ཕན་ཚུན་སྤེལ་མར་འདྲེས་པ་དང་ཆུ་རིས་འདྲ་མིན་ཡོད་པ་བཅས་ལས་འཆོས་པའི་རྒྱན་ཆས་རྣམས་ཕལ་ཆེར་ཟླུམ་རིལ་དང་ཟླུམ་ནར་ལ་སོགས་ཅི་རིགས་ལ་དྭངས་ཤིང་སྐུད་པ་མི་སྒྲིབ་པ། འགའ་ཞིག་ཤིན་ཏུ་དྭངས་པ་སོགས་སྣ་ཚོགས་འབྱུང་བའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
玛瑙
ཕྱི་ཡིག་གི་མིང་།
Achates
རིགས་དབྱེ།
མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ།
1 ​ངོ་སྤྲོད།

འདི་རྒྱ་དཀར་ནག་དང་བོད་རང་སྐྱོང་ལྗོངས་ཀྱི་བྱང་འབྲོག་ཁུལ་སོགས་གང་ནས་ཀྱང་འབྱུང་། དབྱིབས་སྣ་ཚོགས་འབྱུང་ཞིང་ཕྱི་ངོས་འབར་འབུར་མི་སྙོམས་པ་ལ་ཁ་དོག་མ་ངེས་པ། འགའ་ཞིག་ཁ་དོག་ཕན་ཚུན་སྤེལ་མར་འདྲེས་པ་དང་ཆུ་རིས་འདྲ་མིན་ཡོད་པ་བཅས་ལས་འཆོས་པའི་རྒྱན་ཆས་རྣམས་ཕལ་ཆེར་ཟླུམ་རིལ་དང་ཟླུམ་ནར་ལ་སོགས་ཅི་རིགས་ལ་དྭངས་ཤིང་སྐུད་པ་མི་སྒྲིབ་པ། འགའ་ཞིག་ཤིན་ཏུ་དྭངས་པ་སོགས་སྣ་ཚོགས་འབྱུང་བ། གྲུབ་ཆ་གཙོ་བོ་ནིSiO2སྲ་ཚད6.5~7°བསྡུར་ལྗིད་ཁེ2.6~2.7ཡོད་པ། སྲ་ལ་མཁྲེགས་པས་ཤེལ་རིགས་ཕལ་ཆེར་གཅོད་ཅིང་ལྕགས་ཀྱིས་བརྡབ་པས་མེ་འབྱུང་བ་བཅས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-01

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།