གསེར་གཞོང་བོན་དགོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསེར་གཞོང་བོན་དགོན་ཞེས་པ་ད་ལྟའི་ཐེ་བོ་རྫོང་གི་སྟེང་ཁ་ཡུལ་ཚོ་གསེར་གཞོང་སྡེ་བའི་ཉེ་ལོགས་སུ་ཆགས།
གཞི་རྩའི་གནས་ཚུལ།

བཞེངས་ལོ།
སྤྱི་ལོ968ལོ།
བཞེངས་མཁན།
གཙོ་འཕགས་ཟླ་བ་རྒྱལ་མཚན།
རིགས་དབྱེ།
དགོན་པ།
གནས་ཡུལ།
ཀན་ལྷོ་ཁུལ་ཐེ་བོ་རྫོང་།
1 ངོ་སྤྲོད།

གསེར་གཞོང་བོན་དགོན་ཞེས་པ་ད་ལྟའི་ཐེ་བོ་རྫོང་གི་སྟེང་ཁ་ཡུལ་ཚོ་གསེར་གཞོང་སྡེ་བའི་ཉེ་ལོགས་སུ་ཆགས། བོན་གཡུང་དྲུང་གི་ཆོས་སྡེ་ཆུང་ཆུང་འདི་སྤྱི་ལོ968ལོ་ཡས་མས་སུ་གཙོ་འཕགས་ཟླ་བ་རྒྱལ་མཚན་དང་དེའི་བུ་གཉིས་པ་གཙོ་བཟེ་ཁ་རྣམ་པ་གཉི་གས་ཐེ་བོའི་སྟེང་ཁའི་ཡུལ་དུ་དང་མགོར་བཏབ་པའི་བོན་དགོན་རེད་དེ་ཡང་རྒྱ་ནེའི་ཙ་རི་བོན་དགོན་གྱི་ལེ་ལག་ཡིན་པར་གྲགས། དགོན་པའི་བླ་མ་སྐུ་ཐོག་དང་བོར་ཐོག་རྗེས་ཅན་ཟེར་བ་ནི་གཙོ་འཕགས་རིགས་ཀྱི་རྒྱུད་རེད་དེ། ཁོང་བོད་དབུས་བྱང་མདའ་གླིང་ཞེས་པ་ནས་སྟེང་ཁར་བྱོན། སྐུ་ཕྲེང་གཉིས་པ་སྟག་རའི་གཉེན་ནགས་སྡེ་བར་སྐུ་འཁྲུངས། སྐུ་ཕྲེང་གསུམ་པ་ཨེན་འཛིའི་ཉིན་རུ་ནས་སྐུ་འཁྲུངས། སྐུ་ཕྲེང་བཞི་བ་བོད་རབ་བྱུང་བཅོ་ལྔ་བའི་མེ་ལུག་སྟེ་སྤྱི་ལོ1907ལོར་སྐོར་ཁ་སྡེ་བར་སྐུ་འཁྲུངས། 

2 གྲུབ་ཚུལ།

དགོན་པར་སྔོན་ཆད་འདུ་ཁང་ཆེ་ཆུང་གཉིས། རྟེན་དང་བརྟེན་པ་བཞེངས་པ་དང་གྲྭ་ཤག་ཉེར་གཉིས་ལ་ཁང་མིག་ཉིས་བརྒྱ་དོན་དྲུག་ལོངས། རྒྱུན་བཞུགས་བཙུན་པ་རྒན་གཞོན་ཉེར་བརྒྱད་ཡས་མས་ཡོད་པར་བཤད། དགོན་པ་སླར་གསོ་བྱེད་པའི་སྐབས་སུ་ལ་ལུང་དགོན་པ་དང་བསྲེས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-20

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།