ཤེ་བཞིན་བསམ་གཏན་རྒྱ་མཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤེ་བཞིན་བསམ་གཏན་རྒྱ་མཚོ།
ཤེ་བཞིན་བསམ་གཏན་རྒྱ་མཚོ་ལགས་ནི་སྤྱི་ལོ1921ལོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་དཔའ་ལུང་རྫོང་བཱ་ཡན་མཚེའུ་མགུར་ཞེས་པའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་བཅུ་བར་མདོ་སྨད་དྷཱིཿཚ་དགོན་པའི་དགེ་བཤེས་ཀྱི་མཚན་བཏགས་ལེགས་པར་བཞེས། སྤྱི་ལོ1973ལོ་ནས་བཟུང་སྟེ《དག་ཡིག་གསར་བསྒྲིགས》རྩོམ་སྒྲིག་གི་མགོ་བརྩམས་ཏེ་ལོ་ངོ་དྲུག་རིང་ལ་འབད་བརྩོན་ནན་ཏན་བྱས་མཐར་སྤྱི་ལོ1979ལོའི་ལོ་སྟོད་དུ་ལེགས་པར་གྲུབ་སྟེ་དཔར་དུ་བསྐྲུན། 《མི་རོ་རྩེ་སྒྲུང》འཚོལ་སྡུད་ལེགས་སྒྲིག་གནང་བ་སོགས་བྱས་ཏེ་དགུང་ལོ50བཞེས་པ་སྤྱི་ལོ1979ལོའི་ལོ་སྨད་དུ་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
山木旦
མིང་གཞན།
བསམ་གཏན།
མཚན་བཏགས།
དགེ་བཤེས།
མཛད་རྗེས་གཙོ་བོ།
《དག་ཡིག་གསར་བསྒྲིགས》གཙོ་སྒྲིག་མཛད་པ།
གཤེགས་ལོ།
དགུང་ལོ50བཞེས་པ་སྤྱི་ལོ1979ལོའི་ལོ་སྨད་དུ་སྐུ་གཤེགས།
འཁྲུངས་ཡུལ།
དཔའ་ལུང་རྫོང་བཱ་ཡན་མཚེའུ་མགུར།
འཁྲུངས་ལོ།
སྤྱི་ལོ1921ལོ།
1 ངོ་སྤྲོད།

ཤེ་བཞིན་བསམ་གཏན་རྒྱ་མཚོ་ལགས་ནི་སྤྱི་ལོ1921ལོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་དཔའ་ལུང་རྫོང་བཱ་ཡན་མཚེའུ་.jpgམགུར་ཞེས་པའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ10བར་མདོ་སྨད་དྷཱིཿཚ་དགོན་པར་རབ་ཏུ་བྱུང་སྟེ་དགོན་དེའི་ཆོས་སྒོར་ཞུགས། དེ་ནས་རིམ་བཞིན་ཡི་གེ་སྦྱོར་ཀློག་དང་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལ་སྦྱངས་བརྩོན་རྒྱ་ཆེར་མཛད། ཁྱད་པར་དུ་གཞུང་ཆེན་བཀའ་པོད་ལྔ་སོགས་ལ་གསན་སྦྱངས་ཡུན་རིང་མཛད་ཅིང་དགུང་ལོ30བར་དྷཱིཿཚ་དགོན་པའི་དགེ་བཤེས་ཀྱི་མཚན་བཏགས་ལེགས་པར་བཞེས།  

.jpgསྤྱི་ལོ1953ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་སྡེ་ཁག་གིས་གདན་ཞུས་ལྟར་ཕེབས་ཏེ་ལས་ཁུངས་དེར་ཕྱག་ལས་གནང་། སྤྱི་ལོ1957ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་མི་རིགས་སློབ་གསོ་སྡེ་ཁག་གི་མགོ་གཙོ་གཞོན་པའི་འགན་བཞེས།

སྤྱི་ལོ1962ལོར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་གནས་སྤར་ནས་མགོ་གཙོ་གཞོན་པའི་འགན་བཞེས་ཤིང་། བོད་ཡིག་རྩོམ་སྒྱུར་ཁང་གི་གཙོ་བདག་གི་འགན་ཡང་ཁུར།

སྤྱི་ལོ1973ལོ་ནས་བཟུང་སྟེ《དག་ཡིག་གསར་བསྒྲིགས》རྩོམ་སྒྲིག་གི་མགོ་.jpgབརྩམས་ཏེ་ལོ་ངོ་དྲུག་རིང་ལ་འབད་བརྩོན་ནན་ཏན་བྱས་མཐར་སྤྱི་ལོ1979ལོའི་ལོ་སྟོད་དུ་ལེགས་པར་གྲུབ་སྟེ་དཔར་དུ་བསྐྲུན།

གཞན་ད་དུང་ཁོང་གིས་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་བོད་ཡིག་སློབ་དེབ་སྐོར་ཐེངས་དང་པོ་རྩོམ་སྒྲིག་ལོ་ཙཱ་གནང་བ་དང་། 《ཝང་རའོ་ཧྥེ་བཙོན་ཁང་དུ་ཡོད་པ》ཞེས་པ་བོད་ཡིག་ཏུ་བསྒྱུར། 《མི་རོ་རྩེ་སྒྲུང》འཚོལ་སྡུད་ལེགས་སྒྲིག་གནང་བ་དང་། 《མའོ་ཙེ་ཏུང་གི་གསུང་བཏུས》ཆེན་མོ་པར་སྐྲུན་གྱི་ཞུས་ཆེན་པ་མཛད་པ་སོགས་བོད་ཀྱི་རིག་གནས་ཉག་ཕྲ་བའི་སྐབས་སུ་བོད་ཀྱི་སྐད་ཡིག་སློབ་གསོ་འཕེལ་རྒྱས་ཀྱི་ཕྱོགས་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད། དགུང་ལོ50བཞེས་པ་སྤྱི་ལོ1979ལོའི་ལོ་སྨད་དུ་སྐུ་གཤེགས།

ཁོང་གིས་གཙོ་སྒྲིག་མཛད་པའི《དག་ཡིག་གསར་བསྒྲིགས》ད་ལྟ་པར་གྲངས་འབུམ་བདུན་ལས་བརྒལ་ཞིང་། བོད་དུ་ཆེས་རྒྱུགས་ཆེ་བའི་དཔེ་དེབ་ཨང་དང་པོར་གྱུར་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-19

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།