ཤེས་སྒོའི་བོན་དགོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤེས་སྒོའི་བོན་པོ་དགོན་པ་ཞེས་པ་ད་སྔ་ཐེ་བོ་རྫོང་ཁ་པ་ཡུལ་ཚོ་འོད་ཡས་ཁ་སྡེ་བའི་ལྟག་སྡིངས་སུ་ཆགས།
གཞི་རྩའི་གནས་ཚུལ།

བཞེངས་ལོ།
སྤྱི་ལོ1526ལོ།
བཞེངས་མཁན།
ཡེ་ཤེས་དངོས་གྲུབ།
རིགས་དབྱེ།
དགོན་པ།
གནས་ཡུལ།
ཀན་ལྷོ་ཁུལ་ཐེ་བོ་རྫོང་།
1 ངོ་སྤྲོད།

ཤེས་སྒོའི་བོན་པོ་དགོན་པ་ཞེས་པ་ད་སྔ་ཐེ་བོ་རྫོང་ཁ་པ་ཡུལ་ཚོ་འོད་ཡས་ཁ་སྡེ་བའི་ལྟག་སྡིངས་སུ་ཆགས། བོན་དགོན་འདི་ཉིད་བོད་རབ་བྱུང་བརྒྱད་པའི་མེ་ཁྱི་སྟེ་སྤྱི་ལོ1526ལོ་ལ་ཡེ་ཤེས་དངོས་གྲུབ་ཅེས་པའི་བོན་གཡུང་དྲུང་རིག་པ་འཛིན་པ་ཆེན་མོ་དེས་ཐུགས་ཚིགས་གནང་ནས་སྒྲུབ་སྡེ་བཙུགས། དགོན་པ་ཚུགས་ཚུན་ཧ་ལམ་ད་བར་མཚན་ཟུར་ཙམ་གླེང་རྒྱུ་ཡོད་པ་ཉི་མ་དང་། ཨ་སངས། བློ་བཟང་། རྡོ་རྗེ་ཞེས་བྱ་བ་སོགས་སྐྱེས་བུ་མང་བོ་བརྒྱུད་དེ་ཐུགས་སྐྱོང་བདག་འཛིན་གནང་མྱོང་། 

2 གྲུབ་ཚུལ།

སྤྱི་ལོ1958ལོའི་ཡར་སྔོན་ཙམ་དུ་འདུ་ཁང་དང་གྲྭ་ཤག་དྲུག་ཡོད། བོན་བཅུ་གསུམ་ཡས་མས་བཞུགས་ཡོད་པ་དང་། དེའི་སྔོན་ཙམ་ན་རེ་ཞིག་ཁ་པ་ལུང་བའི་ཉེ་ལོགས་ཀྱི་རི་སྡིངས་སུ་ཆགས་པ་ལ་ཇག་རྐུན་གྱིས་ཡང་ཡང་གཙེས་གཤིས་ཁ་པ་སྡེ་ཆེན་གྱི་འགྲམ་དུ་སྤོས།དགོན་པའི་མཆོད་གཞིས་ལ་ཉིན་ངོ་ཡུལ་ཚོའི་རི་མགོ་ཁ་དང་ཤུག་དེའུ་ཁ། ཁ་པ་སྡེ་ཆེན་བཅས་ཀྱི་གྲོང་ཕྱེད་ཡོད་ཀྱང་འཇིག་ཕྱིན་སླར་གསོ་བའི་བསྐལ་བ་མ་ལྡན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-20

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།