རྒྱོའུ་རྒྱ་རི་ཁྲོད་བཀྲ་ཤིས་དགེ་འཕེལ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱོའུ་རྒྱ་རི་ཁྲོད་བཀྲ་ཤིས་དགེ་འཕེལ་གླིང་ཞེས་པའི་རི་ཁྲོད་འདི་དགོན་ཆེན་གྱི་ནུབ་ཕྱོགས་སུ་ཡོད་དེ། དང་མགོར་ཀུན་མཁྱེན་འཇམ་བཞད་དང་བོའི་གདུང་ཞུ་འབུལ་ཞུས་གནས་ཏེ་ཤུལ་དུ་འཇམ་དབྱངས་ཀྱི་སྐུ་བརྙན་མང་པོ་གཟུངས་གཞུག་ཅན་གྱི་མཆོད་རྟེན་བཞེངས། དེ་རྗེས་དཔོན་བསྟན་འཛིན་དབང་ཕྱུག་གི་སྲས་དགའ་ལྡན་བསམ་གྲུབ་པའི་གདུང་བཞུས་པ་དང་གནས་དེར་རི་ཁྲོད་བཏབ།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
རི་ཁྲོད།
གནས་ཡུལ།
ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ།
1 ངོ་སྤྲོད།

རྒྱོའུ་རྒྱ་རི་ཁྲོད་བཀྲ་ཤིས་དགེ་འཕེལ་གླིང་ཞེས་པའི་རི་ཁྲོད་འདི་དགོན་ཆེན་གྱི་ནུབ་ཕྱོགས་སུ་ཡོད་དེ། དང་མགོར་ཀུན་མཁྱེན་འཇམ་བཞད་དང་བོའི་གདུང་ཞུ་འབུལ་ཞུས་གནས་ཏེ་ཤུལ་དུ་འཇམ་དབྱངས་ཀྱི་སྐུ་བརྙན་མང་པོ་གཟུངས་གཞུག་ཅན་གྱི་མཆོད་རྟེན་བཞེངས། དེ་རྗེས་དཔོན་བསྟན་འཛིན་དབང་ཕྱུག་གི་སྲས་དགའ་ལྡན་བསམ་གྲུབ་པའི་གདུང་བཞུས་པ་དང་གནས་དེར་རི་ཁྲོད་བཏབ། ལོ་དུ་མའི་ཕྱིས་སུ་རི་ཁྲོད་པ་འགའ་རེ་བཞུགས་ཤིང་སྡེ་ཁྲི་རིན་པོ་ཆེས་དཔོན་བཀྲ་ཤིས་འབྱུང་གནས་ལས་བསླངས་ཏེ་གཟིམ་ཁང་བརྒྱབ་པ་ནས་སྤོང་བ་པ་རེ་གཉིས་བཞུགས་སུ་བཅུག བླ་བྲང་དཔོན་ཚང་དང་གླས་དྲུག་བཅས་པས་འདུ་ཁང་རྟེན་དང་བརྟེན་པ་བཞེངས། གྲུབ་ཆེན་དུང་སྣ་བའི་སྒྲུབ་ཁང་སོགས་བརྩིགས། འདིའི་ཡང་སྲིད་བསྐལ་བཟང་དགེ་ལེགས་རྒྱ་མཚོ་མདའ་སྨད་དུ་སྐུ་འཁྲུངས། རི་ཁྲོད་རང་དང་རྭ་རྒས་རི་ཁྲོད་དུ་ཡི་དམ་དུ་མའི་བསྙེན་སྒྲུབ་མཛད་པ་དང་དགོན་པ་འགའི་ཁྲིར་ཕེབས། སྤྱི་ལོ1931ལོར་སྐུ་འདས། དེའི་སྤྲུལ་སྐུ་བསྐལ་བཟང་དམ་ཆོས་རྒྱ་མཚོ་རྒན་གྱའི་གུང་རི་ཚང་གཉེན་ཉེ་ཡབ་འཕགས་པ་དང་ཡུམ་ལྷ་མོ་ཐར་གྱི་སྲས་སུ་འཁྲུངས། གྲུབ་པའི་རྟགས་མཚན་ངོ་མཚར་བ་བཤད་རྒྱུན་མང་། སྤྱི་ལོ1956ལོར་སྐུ་གཤེགས། གཞན་གླིང་སྤྲུལ་དཀོན་མཆོག་དགྱེས་པའི་བློ་གྲོས་ཀྱིས་གནས་འདིར་སྒྲུབ་པ་ལྷུར་ལེན་མཛད་གཤིས་སྔོན་ཆད་ཁོང་གིས་གནས་བདག་གི་ཞལ་དངོས་སུ་གཟིགས་པའི་ཐང་ག་བཞེངས་ཤིང་དུས་དེ་ནས་བདེ་མཆོག་གི་གནས་ཡིན་པར་ངོས་འཛིན་བྱས། འདུལ་འཛིན་པ་ཆོས་བཟང་གནས་བརྟན་གཙོས་བཙུན་པ་བརྒྱད་དགུ་རྒྱུན་པར་བཞུགས་པ་དང་རི་ཁྲོད་དབུས་སུ་འཇམ་བཞད་གཟིམ་ཁང་དང་ལོགས་སུ་སྡེ་ཁྲིའི་གཟིམ་ཁང་བཞེངས་ཀྱང་རབ་བྱུང་བཅུ་དྲུག་པའི་མཇུག་ཙམ་ལ་རི་ཁྲོད་ཡོངས་སུ་འཇིག་གོ །།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-20

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།