གོང་སོ་དགོན་བྱང་ཆུབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གོང་སོ་དགོན་བྱང་ཆུབ་གླིང་ཞེས་པ་ད་ལྟའི་ཅོ་ནེ་རྫོང་མ་རུ་ཞང་དག་ཡིག་ཁོག་དང་དཔལ་ཡུལ་ཁོག་བར་སྒང་དུ་ཆགས།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
དགོན་པ།
གནས་ཡུལ།
ཀན་ལྷོ་ཁུལ་ཅོ་ནེ་རྫོང་།
1 ངོ་སྤྲོད།

གོང་སོ་དགོན་བྱང་ཆུབ་གླིང་ཞེས་པ་ད་ལྟའི་ཅོ་ནེ་རྫོང་མ་རུ་ཞང་དག་ཡིག་ཁོག་དང་དཔལ་ཡུལ་ཁོག་བར་སྒང་དུ་ཆགས། གོང་སོ་དགོན་བྱང་ཆུབ་གླིང་ཞེས་པ་ནི་འཇང་བ་གྲགས་པ་ལྷུན་གྲུབ་ཀྱིས་ཡོན་རྒྱལ་རབས་ཀྱི་དུས་སུ་བཏབ་པ་འདྲ། 

2 རྟེན་གཙོ།

དགོན་པའི་རྟེན་གཙོ་ལ་ཛྷི་ཁྱི་ལས་གྲུབ་པའི་ཡོན་རྒྱལ་རབས་བྱིན་རླབས་ཀྱི་གཟི་བྱིན་འབར་བ་དང་ཅོ་ནེའི་བཀའ་བསྟན་སོགས་སྐུ་གསུང་ཐུགས་རྟེན་ཤིན་ཏུ་མང་། དགོན་པ་ཆེས་དར་བའི་དུས་སུ་དགེ་འདུན་སུམ་བརྒྱ་ལྷག་འདུས་མྱོང་། 

3 དུས་མཆོད།

དགོན་རྙིང་འདིའི་ཆོས་ཐོག་ལ་ལོ་རེའི་ཟླ་དང་བོའི་ནང་སྨོན་ལམ་ཆེན་མོར་ལྷ་མོའི་ལྕགས་མཁར་སོགས་དང་ཟླ་གཉིས་པའི་ནང་འདུ་ཁང་རབ་གནས་དང་ཡུམ་རྒྱས་པ། ཟླ་གསུམ་པའི་ནང་འཇིགས་ནང་འཇིགས་བྱེད་དང་བདེ་མཆོག་སྒྲུབ་མཆོད་སྤྱིན་སྲེག གཏོར་ཆེན། ཟླ་བཞི་བའི་ནང་གསང་འདུས། བདེ་མཆོག་གི་བདག་འཇུག རྗེ་ཙོང་ཁ་བའི་གོས་སྐུ་བཤམས། ལྷ་མོའི་བསྐང་གསོ། ཆོགས་རྒྱུགས་ལེན། ཟླ་ལྔ་བའི་ནང་མ་ཎི་རིལ་སྒྲུབ། བྱམས་པ་དང་ནང་རྟེན་འགངས་ཅན་གླིང་སྐོར། ཟླ་དྲུག་པའི་ནང་དབྱར་གནས། ཟླ་བདུན་པའི་མགོན་པོའི་བསྐང་གསོ། ཟླ་བརྒྱད་པར་བདེ་མཆོག་བདག་འཇུག་དང་སྦྱིན་སྲེག གཞུང་རྒྱུགས། ཟླ་དགུ་བའི་མ་ཎི་དང་སྨྱུང་གནས། ཟླ་བཅུ་བར་མགོན་ཆོས་ལྔའི་བསྐང་གསོ། ལྷ་མོའི་བཤགས་གཏོར། ཟླ་བཅུ་གཉིས་པའི་དགུ་གཏོར་ཆེན་མོ་སོགས་ཚུགས་ཡོད། 

4 ​གྲུབ་ཚུལ།

དགོན་པར་ད་དུང་ས་ཞིང་རྒྱ་འཇག་བཅུ་ཁའི་ས་དང་མཐའ་གཡོག་པ་ཁྱིམ་མགོ་བདུན་ཡོད། གཞན་སྦྱིན་བདག་གྲོང་སྡེའང་མཐའ་གོང་དང་མཁའ་གཡོག་པ་ཁྱིམ་མགོ་བདུན་ཡོད། གཞན་སྦྱིན་བདག་གྲོང་སྡེའང་མཐའ་གོང་དང་མཁའ་བོ། ཆོས་ཁྲི། བྲག་ནང་། སྡེ་ཆུང་། ཕེ་པ། ཤུ་ཤེད། ཡུན་འགྱང་། ལ་ལུང་། མདོ་བ། ཁྱུང་མགོ། སྟག་རྩ། ནང་མོ། དཔལ་ཡུལ་གོང་མ་སོགས་ཡོད་གཤིས་དགོན་པ་བོད་རབ་བྱུང་བཅུ་དྲུག་པའི་ས་ཁྱི་དང་མེ་རྟ་ཐུག་བར་བསྟན་པ་ཡུན་རིང་བསྐྱངས་ནས་དད་ལྡན་མི་སེར་གྱི་རེ་བ་ཡོངས་སུ་བསྐངས། ཕྱིས་སུ་ཉམས་ཆགས་བྱུང་བར་བརྟེན་ད་ལྟའི་ཆར་ནགས་མདོ་དགོན་པ་དང་བསྲེས་ནས་སླར་གསོས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-20

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།