ཚད་མ་རིག་པའི་སྤྱི་དོན། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཚད་མ་རིག་པའི་སྤྱི་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རེབ་གོང་རྡོ་རྗེ་མཁར་གྱིས་བརྩམས།)

ཚད་མ་རིག་པའི་སྤྱི་དོན།
ཚད་མ་རིག་པའི་སྤྱི་དོན་ལེགས་པར་བཤད་པ་ལུང་རིགས་རྒྱ་མཚོར་རོལ་བའི་འཇུག་ངོགས་ཞེས་བྱ་བ་འདི་ནི་རེབ་གོང་རྡོ་རྗེ་མཁར་གྱིས་བརྩམས་པའི་ཚད་མའི་སྐོར་གྱི་གཞུང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《因明学总论》
མཚན་རྒྱས་པ།
ཚད་མ་རིག་པའི་སྤྱི་དོན་ལེགས་པར་བཤད་པ་ལུང་རིགས་རྒྱ་མཚོར་རོལ་བའི་འཇུག་ངོགས།
རྩོམ་པ་པོ།
རེབ་གོང་རྡོ་རྗེ་མཁར།
དཔེ་སྐྲུན་ཁང་།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2012ལོའི་ཟླ7པ།
1 རྩོམ་པ་པོ།

རེབ་གོང་རྡོ་རྗེ་མཁར་ནི་སྤྱི་ལོ1958ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་ས་ཆར་སྐྱེས། ཁོས་དམའ་འབྲིང་དང་སློབ་གྲྭ་ཆེན་མོ། ཞིབ་འཇུག་སློབ་མའི་འཛིན་གྲྭ་སོགས་སྔ་ཕྱི་རིམ་པར་འགྲིམས་ཏེ་ཞིབ་འཇུག་སློབ་མའི་མིང་བཏགས་བླངས། སློབ་གྲྭ་ནས་མཐར་ཕྱིན་རྗེས་དགེ་རྒན་དང་ལོ་ཙཱ་བ། བོད་ཀྱི་ཤེས་རིག་ཞིབ་འཇུག་བཅས་ཀྱི་དོན་གཉེར་བྱས་མྱོང་ཞིང་། ད་ལྟ་ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས་ཀྱི་ཞུས་ཆུང་དང་དེའི་བོད་ཡིག་ཁང་གི་དཔྱད་གཞིའི་ཡིག་རིགས་བདག་གཉེར་ཚོ་ཆུང་གི་འགན་འཛིན་བཅས་ཀྱི་འགན་ཁུར་ཡོད།

ཁོང་གི་བརྩམས་སྒྲུང་ཕྱོགས་བསྒྲིགས《བརྩམས་སྒྲུང་མེ་ཏོག་ཕྲེང་བ》དང《གཉེན་དོན》《སྙིང་གཏམ》《གསེར་གྱི་གདུ་བུ》སོགས་ལ་ལྗོངས་ཞིང་ལྔ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་པ་དང་། ཁོང་ལ《སྦྲང་ཆར》དུས་དེབ་ཀྱི་ཕུལ་བྱུང་རྩོམ་པ་པོའི་བྱ་དགའ་སོགས་ཀྱང་ཐོབ་མྱོང་།

སྤྱི་ལོ1980ལོ་ནས་བཟུང་ཁོས་སྒྲུང་གཏམ་སོགས་རྩོམ་རིག་སྣ་ཚོགས་འབྲི་མགོ་བརྩམས་ཤིང་། སྤྱི་ལོ1987ལོར་སྙན་གཞུང《སྙན་ངག་བྱིས་པ་འཇུག་སྒོ》དང་། སྤྱི་ལོ1988ལོར་སྒྲུང་གཏམ་ཕྱོགས་བསྒྲིགས《བརྩམས་སྒྲུང་མེ་ཏོག་ཕྲེང་བ》སྤྱི་ལོ1990ལོར་ཆེད་རྩོམ《སྙན་ངག་གི་དོགས་གཅོད་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི》སོགས་པར་དུ་བསྐྲུན་པ་དང་། 《གཉའ་ཁྲིའི་གོང་གི་བོད་ཀྱི་ལོ་རྒྱུས》སོགས་ཆེད་རྩོམ་དུ་མ་ཞིག་དབྱིན་ཇིའི་སྐད་དུ་བསྒྱུར་ནས་ཕྱི་རྒྱལ་གྱི་དུས་དེབ་རྣམས་སུ་བཀོད་ཡོད།

2 ངོ་སྤྲོད།

བསྟན་བཅོས་འདི་ནི་མཁས་དབང་རེབ་གོང་རྡོ་རྗེ་མཁར་གྱི་ཟིན་བྲིས་གཞིར་བྱས་ཏེ། བོད་ཀྱི་སྔོན་བྱོན་ལུང་རིགས་སྨྲ་བའི་ཁྱུ་མཆོག་དག་གི་དོན་ཟབ་སྙན་པའི་བཀའ་རྩོམ་བདུད་རྩིའི་འོད་ཕྲེང་རྣམས་ཀྱིས་ཟུར་བརྒྱན་པའི་ཐབས་ཀྱིས་ཚུར་མཐོང་གི་སྐྱེ་བོས་ཀྱང་མངོན་སུམ་དུ་ངེས་པར་བྱེད་བདེ་ཞིང་ཁ་གསལ་ཞིང་གོ་སླ་བའི་ཚད་མ་རིག་པའི་གཞུང་ཞིག་ཡིན་པ་དང་། ནང་དོན་གཙོ་བོར་ཚད་མ་རིག་པ་དར་ཚུལ་དང་དབྱེ་གཞིའི་ཤེས་བྱའི་རྣམ་བཞག ཤེས་བྱའི་དབྱེ་བའི་སྐོར་གྱི་རྣམ་བཞག རྒོལ་ཕྱི་རྒོལ་དཔང་བོ་གསུམ་གྱི་རྣམ་བཞག རྟགས་ཆོས་དོན་གསུམ་གྱི་རྣམ་བཞག ཐལ་འགྱུར་གྱི་ལན་གདབ་ཚུལ་གྱི་རྣམ་བཞག བསྡུས་གྲྭའི་བསྡུས་ཚན་གྱི་རྣམ་བཞག མཚོན་སྦྱོར་དང་རྟགས་སྦྱོར་གྱི་རྣམ་བཞག བློ་རིག་གི་རྣམ་བཞག རྟགས་རིགས་ཀྱི་རྣམ་བཞག་བཅས་ས་བཅད་བཅུའི་སྒོ་ནས་གསལ་བོར་བརྗོད་ཡོད།

3 དཀར་ཆག

མཆོད་བརྗོད།

ས་བཅད་དང་པོ། ཚད་མ་རིག་པ་དར་ཚུལ།

དང་པོ། རྒྱ་གར་དུ་ཚད་མ་རིག་པ་དར་ཚུལ།

གཉིས་པ། བོད་དུ་ཚད་མ་རིག་པ་དར་ཚུལ།

ས་བཅད་གཉིས་པ། དབྱེ་གཞིའི་ཤེས་བྱའི་རྣམ་བཞག

ས་བཅད་གསུམ་པ། ཤེས་བྱའི་དབྱེ་བའི་སྐོར་གྱི་རྣམ་བཞག

དང་པོ། མཚན་ཉིད་དང་མཚོན་བྱ།

གཉིས་པ། སྤྱི་དང་བྱེ་བྲག

གསུམ་པ། འགལ་བ་དང་འབྲེལ་བ།

བཞི་པ། རྟག་པ་དང་དངོས་པོ།

ལྔ་པ། རང་མཚན་དང་སྤྱི་མཚན།

དྲུག་པ། བདེན་པ་གཉིས།

བདུན་པ། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ།

བརྒྱད་པ། རྫས་ཆོས་དང་ལྡོག་ཆོས།

དགུ་པ། དགག་སྒྲུབ་གཉིས།

བཅུ་པ། མངོན་ལྐོག་གཉིས།

བཅུ་གཅིག ཡུལ་དང་ཡུལ་ཅན་གཉིས་བཤད་པ།

བཅུ་གཉིས། གཅིག་དང་ཐ་དད་གཉིས་བཤད་པ།

བཅུ་གསུམ། དགེ་མི་དགེ་ལུང་མ་བསྟན་གསུམ།

ས་བཅད་བཞི་པ། རྒོལ་ཕྱི་རྒོལ་དཔང་བོ་གསུམ་གྱི་རྣམ་བཞག

གཅིག སྔ་རྒོལ།

གཉིས། ཕྱི་རྒོལ།

གསུམ། དཔང་པོ།

ས་བཅད་ལྔ་པ། རྟགས་ཆོས་དོན་གསུམ་གྱི་རྣམ་བཞག

ས་བཅད་དྲུག་པ། ཐལ་འགྱུར་གྱི་ལན་གདབ་ཚུལ་གྱི་རྣམ་བཞག

གཅིག འདོད།

གཉིས། རྟགས་མ་གྲུབ།

གསུམ། ཁྱབ་པ་མ་བྱུང་།

བཞི། འགལ་ཁྱབ་ལ་འབུད།

ས་བཅད་བདུན་པ། བསྡུས་གྲྭའི་བསྡུས་ཚན་གྱི་རྣམ་བཞག

དང་པོ། རིགས་ལམ་ཆུང་ངུའམ་བསྡུས་ཆུང་གི་སྐོར།

གཉིས་པ། རིགས་ལམ་འབྲིང་བའམ་བསྡུས་འབྲིང་གི་སྐོར།

གསུམ་པ། རིགས་ལམ་ཆེ་བའམ་བསྡུས་ཆེན་གྱི་སྐོར།

ས་བཅད་བརྒྱད་པ། མཚོན་སྦྱོར་དང་རྟགས་སྦྱོར་གྱི་རྣམ་བཞག

གཅིག མཚོན་སྦྱོར།

གཉིས། རྟགས་སྦྱོར།

ས་བཅད་དགུ་པ། བློ་རིག་གི་རྣམ་བཞག

བློ་བཤད་པ།

དང་པོ། སེམས་དང་སེམས་བྱུང་གཉིས་བཤད་པ།

གཉིས་པ། རྟོག་བཅས་རྟོག་མེད་བཤད་པ།

གསུམ་པ། བློ་རིག་བདུན་གྱི་སྐོར་བཤད་པ།

བཞི་པ། ཚད་མ་དང་ཚད་མིན་གཉིས་བཤད་པ།

ལྔ་པ། རྟོགས་པའི་བློ་དང་མ་རྟོགས་པའི་བློ་བཤད་པ།

དྲུག་པ། འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ་བཤད་པ།

ས་བཅད་བཅུ་པ། རྟགས་རིགས་ཀྱི་རྣམ་བཞག

དང་པོ། རྟགས་ཡང་དག་གི་སྐོར་བཤད་པ།

ཚུལ་གསུམ་གྱི་སྐོར་བཤད་པ།

ཆོས་ཅན་སྐྱོན་མེད་གསུམ་གྱི་སྐོར་བཤད་པ།

བསྒྲུབ་བྱའི་ཆོས་ཀྱི་སྐོར་བཤད་པ།

མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་སྐོར་བཤད་པ།

མཐུན་དཔེ་དང་མི་མཐུན་དཔེའི་སྐོར་བཤད་པ།

ཆོས་མཐུན་སྦྱོར་དང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་བཤད་པ།

རྟགས་ཡང་དག་གི་དབྱེ་བ་བཤད་པ།

རྟགས་ཡང་དག་ལ་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ཚུལ་བཤད་པ།

རྟགས་ཡང་དག་ལ་བསྒྲུབ་བྱའི་སྒོ་ནས་དབྱེ་ཚུལ་བཤད་པ།

རྟགས་ཡང་དག་ལ་སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ཚུལ་བཤད་པ།

མཐུན་ཕྱོགས་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ཚུལ་བཤད་པ།

རྒོལ་བའི་སྒོ་ནས་དབྱེ་ཚུལ་བཤད་པ།

རྟགས་དཔེ་ཕྱོགས་གསུམ་གྱི་སྐྱོན་ཡོན་དཔྱད་པ།

རྟགས་འཛིན་གྱི་སེམས་བཤད་པ།

གཉིས་པ། རྟགས་ལྟར་སྣང་གི་སྐོར་བཤད་པ།

འགལ་བའི་རྟགས་བཤད་པ།

མ་ངེས་པའི་རྟགས་བཤད་པ།

མ་གྲུབ་པའི་རྟགས་བཤད་པ།

གཞན་དོན་རྗེས་དཔག་བཤད་པ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-05

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།