ཁྲུའུ་ཚོ་མིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནས་ཁྱད་པར་ཅན་ལ་གདམ་གསེས་རང་བཞིན་གྱི་རེག་གསོད་ཅན་གྱི་ས་རྒྱུར་ལས་སྣོན་བྱེད་པའི་སྨན་ཞིག་སྟེ། རྩྭ་ལྡུམ་གྱི་ས་བོན་ཐོག་ལ་ཕན་འབྲས་བཟང་། ཉི་མའི་འོད་ལ་བརྟེན་ནས་དུག་རྫས་སུ་གྱུར་ཏེ་རྩྭ་ལྡུམ་གྱི་མྱུ་གུ་གསོད་པ་རེད། མི་ཕྱུགས་ལ་དུག་ནུས་ཆུང་ཞིང་ཅུང་བདེ་འཇགས་ཡིན་པའི་སྨན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
除草醚
རིགས་དབྱེ།
ཡུར་སྨན།
1 ངོ་སྤྲོད།

གནས་ཁྱད་པར་ཅན་ལ་གདམ་གསེས་རང་བཞིན་གྱི་རེག་གསོད་ཅན་གྱི་ས་རྒྱུར་ལས་སྣོན་བྱེད་པའི་སྨན་ཞིག་སྟེ། རྩྭ་ལྡུམ་གྱི་ས་བོན་ཐོག་ལ་ཕན་འབྲས་བཟང་། ཉི་མའི་འོད་ལ་བརྟེན་ནས་དུག་རྫས་སུ་གྱུར་ཏེ་རྩྭ་ལྡུམ་གྱི་མྱུ་གུ་གསོད་པ་རེད། མི་ཕྱུགས་ལ་དུག་ནུས་ཆུང་ཞིང་ཅུང་བདེ་འཇགས་ཡིན་པའི་སྨན་ཞིག་ཡིན། ཚོང་རྫས་ལ25%ཅན་དང50%ཅན་གྱི་གཤེར་རུང་ཕྱེ་སྨན་དང40%ཅན་གྱི་འོ་སྣུམ་སོགས་ཡོད།

2 འགོག་བཅོས་བྱ་ཡུལ་དང་བཀོལ་སྤྱོད་བྱེད་ཐབས།

①ལ་སེར་དང་ཤང་ཚལ། ཚོད་དཀར་སོགས་བཏབ་རྗེས་ཀྱི་མྱུ་གུ་མ་འབུས་གོང་ལ་ས་རྒྱུར་ལས་སྣོན་བྱེད་དགོས། ལ་སེར་ལ་མྱུ་གུ་འབུས་རྗེས་ས་རྒྱུར་ལས་སྣོན་བྱས་ཀྱང་ཆོག མུའུ་རེར20%ཅན་གྱི་ཁྲུའུ་ཚོ་མིས་གཤེར་རུང་ཕྱེ་སྨན་སྤྱི་རྒྱ1གམ40%ཅན་གྱི་འོ་སྣུམ་སྤྱི་རྒྱ0.5-0.7གྱི་ནང་དུ་ཆུ་སྤྱི་རྒྱ50བསྣན་ནས་ས་ངོས་ལ་འདྲ་མཉམ་གྱིས་གཏོར་ན་ལོ་གཅིག་སྐྱེ་བའི་རྩྭ་ལྡུམ་མང་པོ་འགོག་གསོད་བྱེད་པར་ཕན་འབྲས་བཟང་།

②ཆེ་ཙི་དང་སིལ་ཏོག་རིགས་ཀྱི་སྔོ་ཚོད་སྐྱེ་བའི་དུས་དཀྱིལ་ལ་དུག་ས་གཏོར་བའི་བྱེད་ཐབས་སྤྱད་ནས་ས་རྒྱུར་ལས་སྣོན་བྱེད་དགོས། མུའུ་རེའི་སྤྱོད་ཚད་གོང་གི་ས་སྤྱི་རྒྱ20དང་འདྲ། སྐམ་ས་དང་འདམ་སའི་སྐྱེ་ལྡན་ངོ་བོ་འདུས་ཚད་མཐོ་བའི་ས་རྒྱུ་དང་དྲོད་ཚད་ཅུང་དམའ་བའི་སྐབས་སུ་སྨན་ཚད་འོས་འཚམ་སྒོས་ཇེ་མང་དུ་གཏོང་དགོས།

3 མཉམ་འཇོག་བྱེད་ས།

①སྔོ་ཚོད་སྣུར་འཛུགས་བྱས་རྗེས་སྨན་རྫས་ཀྱིས་ལས་སྣོན་བྱེད་པའི་སྐབས་སུ་ཁ་ཕྱོགས་གཏན་ལ་ཕབ་ནས་གཏོར་ཏེ་ཚོད་ཞིང་གཞན་དག་གི་ནང་དུ་སྨན་ཐོར་ནས་སྨན་གནོད་འབྱུང་བ་འགོག་དགོས།

②ས་རྒྱུ་ལ་སྨན་གཏོར་རྗེས་ཟླ་ཕྱེད་ཀྱི་ནང་དུ་རིམ་སློག་བྱས་ན་སྨན་ནུས་འཆོར་འགྲོ།

③དྲོད་ཚད20℃ཡན་ཡིན་པའི་སྐབས་སུ་བཀོལ་སྤྱོད་བྱས་ན་སྨན་ནུས་མཐོ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-09

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།