པའེ་ཚོ་ཁུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རེད་གསོད་ཅན་གྱི་སྐྱེ་གསོད་རང་བཞིན་ལྡན་པའི་ཡུར་སྨན་ཞིན་ཡིན་ཏེ། གཞུང་རྟ་དང་ལོ་མ་ལས་སྣོན་བྱེད་པར་སྤྱོད་དགོས། དེས་ལྗང་མདོག་སྐྱེ་དངོས་ཀྱི་འོད་སྦྱོར་ནུས་པར་གཏོར་བརླག་བྱས་ནས་རྩྭ་ལྡུམ་སྐམ་དུ་འཇུག་པ་ཡིན། འོན་ཀྱང་ས་རྒྱུ་དང་ཟུང་དུ་སྦྲེལ་རྗེས་མྱུར་དུ་བཀག་ནས་གསོན་གཤིས་ཉམས། དེ་བས་ལས་སྣོན་བྱས་རྗེས་བདེ་འཇགས་ངང་ས་བོན་བཏབ་ཆོག མི་ཕྱུགས་ལ་དུག་གཤིས་འབྲིང་ཙམ་ཡིན།
གཞི་རྩའི་གནས་ཚུལ།

ྒྱ་ཡིག་གི་མིང་།
百草枯
རིགས་དབྱེ།
ཡུར་སྨན།
1 ངོ་སྤྲོད།

རེད་གསོད་ཅན་གྱི་སྐྱེ་གསོད་རང་བཞིན་ལྡན་པའི་ཡུར་སྨན་ཞིན་ཡིན་ཏེ། གཞུང་རྟ་དང་ལོ་མ་ལས་སྣོན་བྱེད་པར་སྤྱོད་དགོས། དེས་ལྗང་མདོག་སྐྱེ་དངོས་ཀྱི་འོད་སྦྱོར་ནུས་པར་གཏོར་བརླག་བྱས་ནས་རྩྭ་ལྡུམ་སྐམ་དུ་འཇུག་པ་ཡིན། འོན་ཀྱང་ས་རྒྱུ་དང་ཟུང་དུ་སྦྲེལ་རྗེས་མྱུར་དུ་བཀག་ནས་གསོན་གཤིས་ཉམས། དེ་བས་ལས་སྣོན་བྱས་རྗེས་བདེ་འཇགས་ངང་ས་བོན་བཏབ་ཆོག མི་ཕྱུགས་ལ་དུག་གཤིས་འབྲིང་ཙམ་ཡིན། ཚོང་རྫས་ལ20%ཅན་གྱི་ཆུ་སྨན་དང5%ཅན་གྱི་ཆུ་ཞུའི་སྨན་རྫས་རིལ་བུ་ཡོད།

2 འགོག་བཅོས་བྱ་ཡུལ་དང་བཀོལ་སྤྱོད་བྱེད་ཐབས།

ཚོད་ཞིང་དང་ཆུ་རྐ། མ་བཏབ་གོང་གི་ས་ངོས་སམ་བཏབ་རྗེས་ཀྱི་མྱུ་གུ་མ་འབུས་གོང་ལ་སྐྱེས་པའི་རྩྭ་ལྡུམ་འགོག་གསོད་བྱེད་ཐུབ། མུའུ་རེར20%ཅན་གྱི་པེ་ཚོ་ཁུའུ་ཆུ་སྨན་ཁེ100-150ནང་དུ་ཆུ་སྤྱི་རྒྱ20བསྣན་ནས་གཏོར་ན་ཕན་ནུས་ལྡན་པའི་སྒོ་ནས་རྩྭ་ལྡུམ་མང་པོ་འགོག་གསོད་བྱེད་ཐུབ།  

3 མཉམ་འཇོག་བྱེད་ས།

①རྩྭ15cm-20cmསྐྱེས་པའི་སྐབས་སུ་གཏོར་ན་བཟང་། མུའུ་རེར་སྨན་ཚད་ཆུ་སྤྱི་རྒྱ60བྱས་ན་ད་གཟོད་རྩྭ་ལྡུམ་གྱི་ཁག་སོ་སོར་ཁེབས་ཐུབ།

②སྨན་འདིའི་ནང་འཇིབ་མཆེད་ཁྲིད་རང་བཞིན་ཅན་མིན་པས་ངེས་པར་དུ་ཚང་མར་ཁེབས་སུ་འཇུག་དགོས།

③གལ་ཏེ་སྐུལ་སྨན་དུ་སྤྱོད་ན་ས་བོན་འཐོར་མ་དེ་འདེབས་པ་ཁོ་ནར་སྤྱོད་པ་ལས་བཟའ་བཏུང་ལ་སྤྱོད་མི་རུང་།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-09

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།