ཧྥོ་ལིག་ལིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མྱུ་གུ་མ་འབུས་གོང་ལ་ས་རྒྱུར་ལས་སྣོན་བྱེད་པའི་གདམ་གསེས་རང་བཞིན་ཅན་གྱི་སྨན་ཞིག་ཡིན། གཙོ་བོ་མྱུ་གུ་སྐྱེ་བ་དང་མྱུ་གུ་རྩད་རྒྱས་པར་ཚོད་འཛིན་བྱས་ནས་རྩྭ་ལྡུམ་འཆི་རུ་འཇུག་པ་ཡིན། ཕན་ནུས་མཐོ་ཞིང་དུག་ནུས་ཆུང་བ། དུག་ལྷག་ཉུང་བ་བཅས་ཀྱི་ཁྱད་ཆོས་ལྡན།
གཞི་རྩའི་གནས་ཚུལ།

ྒྱ་ཡིག་གི་མིང་།
氟乐灵
རིགས་དབྱེ།
ཡུར་སྨན།
1 ངོ་སྤྲོད།

མྱུ་གུ་མ་འབུས་གོང་ལ་ས་རྒྱུར་ལས་སྣོན་བྱེད་པའི་གདམ་གསེས་རང་བཞིན་ཅན་གྱི་སྨན་ཞིག་ཡིན། གཙོ་བོ་མྱུ་གུ་སྐྱེ་བ་དང་མྱུ་གུ་རྩད་རྒྱས་པར་ཚོད་འཛིན་བྱས་ནས་རྩྭ་ལྡུམ་འཆི་རུ་འཇུག་པ་ཡིན། ཕན་ནུས་མཐོ་ཞིང་དུག་ནུས་ཆུང་བ། དུག་ལྷག་ཉུང་བ་བཅས་ཀྱི་ཁྱད་ཆོས་ལྡན། ཚོང་རྫས48%ཅན་གྱི་འོ་སྣུམ་ཡིན།

2 འགོག་བཅོས་བྱ་ཡུལ་དང་བཀོལ་སྤྱོད་བྱེད་ཐབས།

①ལ་སེར་དང་ཤང་ཚལ། སྲན་མའི་རིགས་སོགས་སྔོ་ཚོད་མ་བཏབ་གོང་ངམ། མྱུ་གུ་མ་འབུས་པའི་སྔོན་ལ་བཀོལ་སྤྱོད་བྱེད་པ་ཞིག་ཡིན། ཚོད་དཀར་དང་སྐེ་ཚེ། ལ་ཕུག་སོགས་མ་བཏབ་པའི་ཉིན3-7གྱི་སྔོན་ལ་བཀོལ་དགོས།

②ཀན་ལན་དང་ཧྭ་དབྱེ་ཚལ་སོགས་སྣུར་འཛུགས་བྱེད་པའི་སྔ་རྗེས་སུ་བཀོལ་དགོས་པ་དང་། ཧོང་ཀྭ་དང་ཆིན་ཚལ། ཙོང་། ཀེའུ་སོགས་སྣུར་འཛུགས་བྱས་ནས་སྲོ་བབས་རྗེས་བཀོལ་དགོས། མུའུ་རེར48%ཅན་གྱི་ཧྥུ་ཞིག་ལིན་འོ་སྣུམ་ཁེ100(བྱེ་ས)ནས་ཁེ150(འདམ་ས)ནང་དུ་ཆུ་སྤྱི་རྒྱ35སྣོན་པའམ་ས་སྤྱི་རྒྱ20བསྲེས་ནས་ས་ངོས་ལ་འདྲ་མཉམ་གྱིས་གཏོར་བ་དང་། མྱུར་དུ་མཛེར་ཤལ་ལམ་འཕྲུལ་འཁོར་གྱིས་ཟབ་ཚད3cm-5cmལྟར་ཚོད་ཞིང་གི་རྩྭ་ལྡུམ་མང་པོ་འགོག་གསོད་བྱེད་ཐུབ་པ་དང་འགོག་ནུས70%-100%ཡིན། སྤྱིར་བཏང་དུ་སྨན་ཐེངས་གཅིག་ལ་བཀོལ་ན་ཆོག

3 མཉམ་འཇོག་བྱེད་ས།

①ཞི་ཧོང་ཧྲི་དང་ཙོང་སྒོག་ཀེའུ་གསུམ། པོ་ཚལ་སོགས་ཐད་ཀར་འདེབས་པའི་ཚོད་ཞིང་ནང་དུ་བཀོལ་མི་རུང་།

②མྱུག་གསོའི་ཀེའུ་དང་ཐད་ཀར་འདེབས་པའི་ཙོང་ཕྲུག པོ་ཚལ། ཧོང་ཀྭ་སོགས་ལ་སྨན་འདི་ཚོར་བ་རྣོ་བས་བཀོལ་སྤྱོད་བྱེད་པའི་ཁྲོད་དུ་སྔོ་ཚོད་འདི་དག་ལ་སྨན་གནོད་འབྱུང་བ་འགོག་དགོས།

③སྨན་གཏོར་བའི་ས་བསྲེ་ལྷག་ལ་གནོད་སྐྱོན་ཡོད།

④ཧྥུ་ལིག་ལིན་གྱིས་ས་ཁར་བུད་པའི་རྩྭ་ལྡུམ་ལ་ཧ་ལམ་ནུས་པ་མི་ཐོན་པས་བཀོལ་སྤྱོད་བྱེད་པའི་སྔོན་ལ་འབལ་དགོས། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-09

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།