རྒྱལ་བའི་དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་བའི་དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག
རྒྱལ་བའི་དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ཅེས་བྱ་བ་འདི་ནི་ལོ་ཙཱ་བ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་ཀྱིས་བརྩམས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《丹珠尔编纂史•五明宝典》
རྩོམ་པ་པོ།
བུ་སྟོན་རིན་ཆེན་གྲུབ།
དཔེ་སྐྲུན་ཁང་།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2013ལོའི་ཟླ3པ།
1 རྩོམ་པ་པོ།

ལོ་ཙཱ་བ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་ནི་གཙང་སྟོད་ཁྲོ་ཕུའི་ཕྱོགས་ཀྱི་ཤབ་སྨད་སྒོམ་གནས་ཞེས་བྱ་བའི་ཡུལ་དུ་ཡབ་རྙིང་མའི་བླ་ཆེན་བྲག་སྟོན་རྒྱལ་མཚན་དཔལ་བཟང་དང༌། ཡུམ་བསོད་ནམས་འབུམ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་བའི་ལྕགས་སྟག་སྤྱི་ལོ1290ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་ངོ་མཚར་གྱི་ལྟས་བཟང་པོ་དུ་མ་དང་བཅས་སྐུ་བལྟམས། དགུང་ལོ་ལྔ་ནས་མ་ཡུམ་ལས་ཡི་གེའི་སྦྱོར་ཀློག་དང༌། དབོན་རྒྱམ་སེང་ལས་རྩིས་དང་ཡི་གེའི་རིག་པ་ལ་སྦྱངས། དགུང་ལོ་བདུན་པར་ཁྲོ་ཕུ་བསོད་ནམས་སེང་གེའི་དྲུང་དུ་ཐེག་ཆེན་སེམས་བསྐྱེད་གསན། དགུང་ལོ་བརྒྱད་པ་ལ་རྙིང་མའི་བླ་མ་ཚུལ་ཁྲིམས་དཔལ་བཟང་གི་སྤྱན་སྔར་གསང་སྔགས་རྙིང་མའི་ཆོས་སྐོར་ཡོངས་རྫོགས་གསན། གཞན་ཡང་གསོ་བ་རིག་པའི་སྐོར་གྱི་སྨན་དཔྱད་དང་བཟོ་རིག་སྐོར་གྱི་ཐིག་ཚད་ཀྱང་སྦྱང་བརྩོན་གནང༌། དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་མེ་ལུག་སྤྱི་ལོ1307ལོར་ཁྲོ་ཕུར་མཁན་ཆེན་སེང་གེ་དཔལ་དང་སློབ་དཔོན་ཚད་མའི་སྐྱེས་བུ་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས། སློབ་དཔོན་བསོད་ནམས་མགོན་ལས་ཕར་ཕྱིན་དང་འདུལ་བ་ཚད་མའི་གཞུང་སོགས་མ་ལུས་པ་གསན་ཏེ་ལོ་གཉིས་ཙམ་གྱི་རིང་ཉིན་མོ་གསོལ་བ་དལ་ལྷོད་ཀྱིས་བཞེས་ལོང་དང༌ན་བཟའ་རལ་པའང་ཚེམས་ལོང་མེད་ལ། མཚན་མོ་དཀར་མེའི་འོད་ལ་དཔེ་གཟིགས་མཛད་པ་སོགས་དཀའ་སྤྱད་བརྩོན་པ་ཆེན་པོ་མཛད་པས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ་སོན། དགུང་ལོ་ཉེར་གཅིག་བཞེས་པ་ན་དབུས་གཙང་གི་ཆོས་སྡེ་ཆེན་པོ་རྣམས་སུ་གྲྭ་སྐོར་མཛད། དབུས་ནས་མཁས་པ་ཤཱཀྱ་གཞོན་ནུ་དང་ཁ་རག་བྱང་གཞོན། གཙང་ནས་མཁས་པ་དཔལ་ལྡན་སེང་གེ་དང༌། འཇམ་སྐྱ་སོགས་ལུང་རིགས་ཀྱིས་བཏུལ་བས་སྙན་གྲགས་དབུས་གཙང་ཀུན་ཏུ་ཁྱབ། མཁས་པའི་ཁྲོད་དུ་ཕ་སྟོན་པ་ལ་བུའང་སྟོན་པ་བྱུང་འདུག་ཅེས་བུ་སྟོན་ཞེས་པའི་མཚན་ཡང་དེ་ནས་ཐོགས། དགུང་ལོ་ཉེར་གསུམ་པ་ཆུ་བྱི་སྤྱི་ལོ1312ལོར་མཁན་ཆེན་བཀའ་བཞི་པ་གྲགས་པ་གཞོན་ནུ་དང༌། སློབ་དཔོན་བསོད་ནམས་གྲགས་པ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཁྲོ་ཕུར་ཕར་ཕྱིན་དང༌། འདུལ་བ། མངོན་པ་བཅས་ཀྱི་འཆད་ཉན་ལེགས་པར་མཛད། དེ་ནས་ཐར་པ་གླིང་དུ་ཕེབས་ནས་ལོ་ཙཱ་བ་ཆེན་པོ་ཐར་ལོ་ཉི་མ་རྒྱལ་མཚན་སློབ་དཔོན་དུ་བསྟེན། ལོ་བཞི་ཙམ་འབད་པ་ལྷོད་མེད་མཛད་པས་སྒྲ་ཙནྡྲ་བ་དང་ཀ་ལཱ་པའི་མདོ་འབྲེལ་དང་བཅས་སྒྲ་རིག་པའི་སྐོར་ལེགས་པར་གསན་པ་དང་ཆབས་ཅིག་སྙན་ངག སྡེབ་སྦྱོར། ཟློས་གར་སོགས་ལ་མཁས་པ་མ་ཟད། རྒྱ་གར་སོགས་སུ་ཕེབས་མ་མྱོང་ནའང་རྒྱ་གར་ཤར་ནུབ་དང༌། ཁ་ཆེ། སིང་ག་ལ་སོགས་ཀྱི་སྐད་རིགས་མཁྱེན་ཏེ་འགྲན་ཟླ་དང་བྲལ་པའི་ལོ་ཙཱ་བ་ཞིག་ཏུ་གྱུར། བཀའ་དང་བསྟན་བཅོས་མང་དག་ཅིག་བོད་བསྒྱུར་མཛད། དེ་ནས་གསུང་ངག་རིན་པོ་ཆེ་ལས་དུས་འཁོར་གྱི་དབང་གོང་མ་ཞུས་ཏེ། འདག་སྦྱར་གྱི་སྐུ་མཚམས་ལ་རྩེ་གཅིག་ཏུ་བསྒོམས་པས་བདེ་སྟོང་དབྱེར་མེད་ཀྱི་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། གཞན་ཡང་སྦྱོར་བ་དྲུག་དང་རྒྱུད་ཕྱི་མ་སོགས་དུས་འཁོར། རྡོ་རྗེ་སྙིང་འགྲེལ་ལ་སོགས་པ་ཐུན་མོང་དང་ཐུན་མོང་མིན་པའི་ཆོས་དུ་མ་གསན། དེ་རྗེས་དཔལ་དུས་ཀྱི་འཁོར་ལོ་ལ་ཐུགས་སྦྱོང་དཔྱིས་ཕྱིན་མཛད་ཕྱིར་དབོན་པོ་རྡོ་རྗེ་རྒྱལ་མཚན་གྱི་དྲུང་ནས་དུས་འཁོར་ཆ་ལག་མ་ཚང་བ་མེད་པ་གསན་པས་དུས་འཁོར་ལ་ཤིན་ཏུ་མཁས་པར་གྱུར་ཏེ་གངས་ཅན་གྱི་ལྗོངས་འདི་ན་ཕྱིས་བྱོན་གྱི་མཁས་པ་རྣམས་ཀྱི་ནང་ནས་དུས་འཁོར་ལ་མཁས་པ་བུ་དོལ་གཉིས་ཞེས་སྙན་གྲགས་ཀྱིས་ཁྱབ།

དགུང་ལོ་སོ་གཅིག་པ་ལྕགས་སྤྲེལ་སྤྱི་ལོ1320ལོར་ཞ་ལུ་ཆོས་སྡེ་ཆེན་པོའི་གདན་ས་བཟུང༌། སྔགས་དང་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ནས་དམ་ཆོས་འཆད་སྤེལ་ལོ་ངོ་སུམ་ཅུ་སོ་དྲུག་ལ་མཛད། དེ་རྗེས་ཇོ་བོ་ཨ་ཏི་ཤ་ཡིས་བྱིན་གྱིས་བརླབས་པའི་གནས་ཞ་ལུ་རི་ཕུག་ཏུ་བདེ་ཆེན་ཕོ་བྲང་ཞེས་པའི་གཙུག་ལག་ཁང་དགེ་འདུན་གྱི་སྡེ་གསར་དུ་བཞེངས། མདོ་སྔགས་ཀྱི་བཤད་གྲྭ་ཆེན་པོ་བཙུགས། རི་ཕུག་ཏུ་ཚོགས་པ་དྲུག་དང༌། ཞ་ལུར་སུམ་སྟོང་བརྒྱད་བརྒྱ་རེ་འདུས། སྣར་ཐང་གི་བསྟན་འགྱུར་ལ་ཞུ་དག་གནང་ཞིང༌། དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ་ཞེས་པ་བསྒྲིགས། རྒྱ་གར་ནས་བོད་དུ་འགྱུར་བའི་གླེགས་བམ་ཕལ་ཆེ་བར་ཞིབ་མོར་དཔྱད་དེ་བསྒྲིགས་རིམ་སྔ་ཕྱི་གཏན་འབེབས་མཛད་ནས་བསྟན་འགྱུར་དེ་རྣམས་གཅིག་ཏུ་བསྟན་པའི་རྩ་ལག་ཏུ་གྱུར། གྲུབ་མཐའ་རིས་མེད་ཀྱི་མཁས་པ་སྤྱིས་ཆོས་རྗེ་བུ་སྟོན་ནི་ཚད་མའི་སྐྱེས་བུར་འཛིན། རྗེ་འདི་ཉིད་ཀྱིས་བུ་ལུགས་གྲུབ་མཐའི་སྲོལ་བཏོད་པས་དེའི་རྒྱུད་འཛིན་རིམ་བྱོན་རྣམས་ལ་ཞ་ལུ་བའི་གྲུབ་མཐའ་བུ་ལུགས་ཞེས་གྲགས། ཆོས་གསུངས་བའི་གནས་ཞ་ལུ་དང་། རི་ཕུག ཁྲོ་ཕུ་གཙོ་བོར་མཛད། མདོ་སྔགས་རིགས་གནས་ཀྱི་བཤད་པ་མཛད་སྐབས་ལྗགས་མྱུར་བ། ཚིག་གསལ་བ། དོན་ཟབ་པ། མཁས་པ་སྔ་མས་གསུངས་པའི་རྗེས་ཟློས་མ་ཡིན་པ། སྔ་ཕྱིའི་ཟློས་སྐྱོན་དང་། འགལ་བའི་སྐྱོན་དང་བྲལ་བ། དཀའ་གནད་ཟབ་པ། གཞུང་ཆེན་པོ་ཕན་ཚུན་བསྡུར་ནས་དཀའ་གནད་དོགས་དཔྱོད་ཞུས་དག་མཛད་དེ་དཔྱད་གཞི་མ་དགོས་པར་ཐུགས་ནས་གསུངས་པར་སྐྱེ་བོ་ཀུན་ཧ་ལས་པར་གྱུར། སྔ་ཕྱིར་དཔལ་ལྡན་ས་སྐྱ་དང་། བོ་དོང་། ལྷོ་ཁ་ཁྲ་འབྲུག འོལ་ཁ། དྭགས་ལ་སྒམ་པོ། གདན་ས་ཕག་གྲུ། བསམ་ཡས། ཡེར་བ། ལྷ་ས། མཚུར་ཕུ་སོགས་གང་སར་འཆད་ཉན་ཡོད་པ་རྣམས་དར་རྒྱས་སུ་མཛད་ཅིང་། མེད་པ་རྣམས་གསར་དུ་བཙུགས་ཏེ་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད།

དམ་པ་ཁོང་ལ་བསྟན་འགྲོ་སྤྱི་ལ་ཕྱག་རྗེས་ཆེ་བ་མ་ཟད་ལྷག་པར་དུས་འཁོར་དང་བོད་སྐར་རྩིས་ལ་ཡང་ཕྱག་རྗེས་ཤིན་ཏུ་ཆེ། བདག་ཉིད་ཆེན་པོ་འདིའི་རླབས་ཆེན་གྱི་མཛད་འཕྲིན་ཕྱོགས་བཅུར་ཁྱབ་པས་རྒྱ་གར་གྱི་རྒྱལ་པོ་པུ་ནྱ་མ་ལ་སོགས་ཀྱིས་དད་གུས་བླ་མེད་ཞུས། དགུང་ལོ་ང་ལྔ་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་སྤྲེལ་སྤྱི་ལོ1344ལོར་གོང་མའི་གདན་ཞུའི་གསེར་ཡིག་པ་འབྱོར་ཡང་མ་ཕེབས་པར་དབེན་པར་སྒྲ་དང་གསང་སྔགས་ཀྱི་གཞུང་མང་པོ་འཕྲོ་བསྒྱུར་དང་གཞི་བསྒྱུར་མཛད། ཧོར་གྱི་མི་དཔོན་བརྒྱ་ཕྲག་དམག་འབུམ་ཚོ་གསུམ་དང་ཁྲི་ཕྲག་གཉིས་ཀྱི་འཁོར་དང་བཅས་དྲུང་དུ་ལྷགས་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་སོགས་གསང་སྔགས་ཀྱི་ཆོས་འཁོར་ཞུས། རེ་གཉིས་པ་ལྕགས་ཡོས་སྤྱི་ལོ1351ལོར་གཡའ་ཕག་གཉིས་ཟིང་འཁྲུག་པ་བསྡུམ་ཆེད་དབུས་ཕྱོགས་སུ་ཆིབས་ཁ་བསྒྱུར། ཕེབས་ལམ་ཀུན་ཏུ་དམ་པའི་ཆོས་ཀྱི་བདུད་རྩི་བསྩལ། སྐལ་ལྡན་གྱི་སྐྱེ་བོ་མང་པོ་སྨིན་གྲོལ་ལམ་ལ་བཀོད། ཕྱི་ལོར་བྱང་ཆུབ་མཆོད་རྟེན་ཆེན་མོ་བཞེངས་ཤིང་རབ་གནས་མཛད། ཆུ་སྦྲུལ་སྤྱི་ལོ1353ལོར་ས་སྐྱར་བྱོན། ས་སྐྱའི་ལྷ་ཁང་ཆེན་མོར་དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཁྲུ་བཅུ་གཅིག་ཅན་རིན་ཐང་གཞལ་དུ་མེད་པའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་བཀོད་པ་ཕུལ་དུ་བྱུང་བ་བཞེངས། གཞལ་ཡས་ཁང་གི་རྣམ་གཞག་དེ་ཉིད་གསལ་བ་ཞེས་བ་ལྗགས་རྩོམ་མཛད། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་རྒྱས་འབྲིང་བསྡུས་གསུམ་དང་། རིན་ཆེན་གསེར་ལས་བཞེངས་པའི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་། བོད་ཀྱི་ལོ་པཎ་རྣམས་ཀྱིས་མཛད་པའི་བསྟན་བཅོས་སོགས་གསུང་རྟེན་དུ་མ་བཞེངས་པར་མཛད། དགུང་ལོ་རེ་བདུན་པ་ལ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ལ་ཞ་ལུའི་གདན་ས་གཏད་ནས་རི་ཕུག་ཏུ་གཏན་བཞུགས་མཛད་ཅིང་། དགུང་གྲངས་དོན་བཞི་བའི་མཇུག་ནས་སྐུ་མཚམས་བཅད་དེ་ཉིན་མཚན་འཁོར་མོ་ཡུག་ཏུ་ཙོག་པུར་བཞུགས་པ་ལས་དབུ་སྔས་ལ་མི་རེག་པར་ཉམས་བཞེས་ལ་གཅིག་ཏུ་གཞོལ་མུར་དགུང་གྲངས་དོན་ལྔ་ལ་ཕེབས་པ་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ1364ལོའི་བོད་ཟླ་དྲུག་པའི་ཚེས་ཉེར་གཅིག་ལ་ཞ་ལུ་རི་ཕུག་ཏུ་ཞི་བར་གཤེགས།

གསུང་ལས་འཁྲུངས་པའི་སློབ་མར་མཚོན་ན། གཙོ་བོ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། བྱང་པ་དཀོན་མཆོག་གྲགས། གོང་གསུམ་བདེ་ཆེན་པ་ཆོས་ཀྱི་མགོན་པོ། ཡོ་ག་བ་རིན་བཟང་། ཡོ་ག་བ་ཚེ་དབང་། ཁྱུང་པོ་ལྷས་པ་སོགས་ཤིན་ཏུ་མང་པོ་བྱུང་ངོ་། ། སློབ་མའི་རིགས་སུ་རྒྱ་གར་དང་། བལ་བོ། རྒྱ་ནག ཡུ་གུར། སོག་པོ། བོད་དབུས་གཙང་མངའ་རིས་མདོ་སྟོད་སྨད་གང་ལས་འདུས།

རྗེ་འདི་ཉིད་ཀྱི་གསུང་རྩོམ་ལ《ཐེག་པ་ཆེན་པོ་གསང་སྔགས་ཀྱི་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་ཕ་རྒྱུད་མ་རྒྱུད་སོ་སོའི་རྒྱུད་འགྲེལ་སྒྲུབ་ཐབས》དང《ཕར་ཕྱིན་འགྲེལ་ཆུང》《མཐོང་ལམ་སྟོང་མཐུན》《ལྟ་བ་དག་སེལ》《བསྟན་པ་སྤྱིའི་ཆོས་འབྱུང》ཁྱད་པར་དཔལ་དུས་ཀྱི་འཁོར་ལོའི་སྐོར་ཤིན་ཏུ་མང་། ད་ལྟ་འདྲེན་བྱེད་ཀྱི་ཡུལ་དུ་སྣང་བའི་བཀའ་རྩོམ་རགས་རྩིས་ལྟར་ན་གསང་སྔགས་ཀྱི་སྐོར་ལེ་ཚན་ཉིས་བརྒྱ་ལྷག་དང་། མཚན་ཉིད་ཐེག་པའི་སྐོར། ཕར་ཕྱིན་གྱི་བསྟན་བཅོས། འདུལ་བའི་བསྟན་བཅོས། ཚད་མའི་བསྟན་བཅོས། མངོན་པའི་བསྟན་བཅོས། དེ་བཞིན་རྩིས་དང་། སྒྲ། གསོ་བ་རིག་པའི་བསྟན་བཅོས། ཆོས་འབྱུང་། དཀར་ཆག་བཅས་ལ་ལེ་ཚན་བརྒྱད་ཅུ། ཁྱོན་པོད་ཆེན་ཉི་ཤུ་རྩ་དྲུག་ཡོད་ཅིང་། ད་དུང་སྔ་རྩོམ་གྱི་རིགས་འགའ་ཞིག་གླེགས་བམ་དུ་བསྡུ་མ་ཐུབ་པའི་གཞུང་ཡང་མང་དུ་ཡོད་པར་གྲགས།

2 ངོ་སྤྲོད།

བསྟན་བཅོས་འདིའི་ནང་དུ་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ་ཞེས་བྱ་བ་དང་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ། བཀའ་དང་བསྟན་བཅོས་བོད་དུ་ཇི་ལྟར་འགྱུར་བའི་རྣམ་གྲངས་བཅས་འདུས་ཡོད།

3 དཀར་ཆག

༄༅། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

མཆོད་བརྗོད།

སྐབས་དང་པོ། ཐུན་མོང་གི་མཆོད་པར་བརྗོད་པའི་ཚུལ་གྱིས་བསྟོད་པའི་ཚོགས།

སྐབས་གཉིས་པ། འབྲས་བུ་སྔགས་ཀྱི་ཐེག་པའི་བསྟན་བཅོས།

དུས་འཁོར་གྱི་ལེའུ།

བདེ་མཆོག་གི་ལེའུ།

དགྱེས་པ་རྡོ་རྗེའི་ལེའུ།

དཔལ་གདན་བཞིའི་ལེའུ།

སྒྱུ་མ་ཆེན་པོའི་ལེའུ།

རྡོ་རྗེ་བདུད་རྩིའི་ལེའུ།

དཔལ་གདན་བཞིའི་ལེའུ།

སྒྱུ་མ་ཆེན་པོའི་ལེའུ།

རྡོ་རྗེ་བདུད་རྩིའི་ལེའུ།

སངས་རྒྱས་ཐོད་པའི་ལེའུ།

སངས་རྒྱས་མཉམ་སྦྱོར་གྱི་ལེའུ།

སྒྲོལ་མ་ལ་སོགས་པའི་ལེའུ།

གསང་བ་འདུས་པའི་ལེའུ།

གཤིན་རྗེ་གཤེས་ཀྱི་ལེའུ།

མཚན་བརྗོད་རྣལ་འབྱོར་བླ་མེད་དུ་བཀྲལ་བའི་ལེའུ།

བདེ་ཆེན་རལ་གཅིག་ལ་སོགས་པའི་ལེའུ།

ཕྱག་ན་རྡོ་རྗེའི་རྣལ་འབྱོར་བླ་མེད་དུ་བཀྲལ་བའི་ལེའུ།

བླ་མེད་སྤྱིའི་ལྟ་སྒོམ་སྤྱོད་འབྲས་ལ་སོགས་སྟོན་པའི་ལེའུ།

རྣལ་འབྱོར་གྱི་རྒྱུད་དེ་ཉིད་བསྡུས་པ་དང་། དཔལ་མཆོག་དང་། སྒྱུ་འཕྲུལ་དྲ་བའི་ལེའུ།

མཚན་བརྗོད་རྣལ་འབྱོར་གྱི་རྒྱུད་དུ་བསྟན་པའི་ལེའུ།

ཐམས་ཅད་གསང་བ་དང་ངན་སོང་སྦྱོང་བ་ལ་སོགས་པའི་ལེའུ།

སྤྱོད་པའི་རྒྱུད་ཀྱི་ལེའུ།

བྱ་བའི་རྒྱུད་ཀྱི་ལེའུ།

རྒྱུད་སྡེ་བཞི་བོ་སྣ་ཚོགས་དང་འབྲེལ་བའི་སྒྲུབ་ཐབས་དང་དཀྱིལ་ཆོག་ལ་སོགས་པའི་ལེའུ།

སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་རྣམ་གཞག སྔགས་ཀྱི་ཐེག་པའི་དམ་ཚིག་དང་ཆོས་སྐྱོང་ནོར་ལྷ་ལ་སོགས་པའི་ལེའུ།

ལས་དང་པོ་བའི་བྱ་བའི་རིམ་པ་དང་ཆོས་སྐྱོང་། ནོར་ལྷ་དང་བཀྲ་ཤིས་ལ་སོགས་པའི་ལེའུ།

སྐབས་གསུམ་པ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་བསྟན་བཅོས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ།

བཀའ་ཐ་མའི་མདོ་སྡེ་སྣ་ཚོགས་ཀྱི་འགྲེལ་པའི་ལེའུ།

ཐེག་པ་ཆེན་པོ་སེམས་ཙམ་པའི་ལེའུ།

བཀའ་འཁོར་ལོ་དང་པོའི་ལེའུ།

སྐྱེས་པའི་རབས་སྣ་ཚོགས་ཀྱི་ལེའུ།

སྐྱེས་པའི་རབས་སྣ་ཚོགས་ཀྱི་ལེའུ།

གཏམ་བྱ་དང་སྤྲིང་ཡིག་སྣ་ཚོགས་ཀྱི་ལེའུ།

གཏན་ཚིགས་རིག་པའི་ལེའུ།

སྒྲ་རིག་པའི་ལེའུ།

གསོ་བ་རིག་པའི་ལེའུ།

བཟོ་རིག་པའི་ལེའུ།

ཐུན་མོང་བ་ལུགས་ཀྱི་བསྟན་བཅོས་ཀྱི་ལེའུ།

སྐབས་བཞི་བ་བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་མཛད་པའི་དཔེ་དཀོན་དང་། མཛད་པ་པོའི་མཚན་མ་སྨོས་པའི་ལེའུ།

སྐབས་ལྔ་བ་བསྔོ་སྨོན་ཤིས་བརྗོད་ཀྱི་བསྟན་བཅོས།

མཛད་བྱང་།

༄༅། ། བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །

མཆོད་བརྗོད།

སྐབས་དང་པོ། ཐུན་མོང་གི་མཆོད་པར་བརྗོད་པའི་ཚུལ་གྱིས་བསྟོད་པའི་ཚོགས།

སྐབས་གཉིས་པ། འབྲས་བུ་གསང་སྔགས་ཐེག་པའི་བསྟན་བཅོས་བསྟན་བཅོས།

དུས་འཁོར་གྱི་ལེའུ།

བདེ་མཆོག་གི་ལེའུ།

དགྱས་པ་རྡོ་རྗེའི་ལེའུ།

དཔལ་གདན་བཞིའི་ལེའུ།

སྒྱུ་མ་ཆེན་པོའི་ལེའུ།

རྡོ་རྗེ་བདུད་རྩིའི་ལེའུ།

དཔལ་གདན་བཞིའི་ལེའུ།

སྒྱུ་མ་ཆེན་པོའི་ལེའུ།

རྡོ་རྗེ་བདུད་རྩིའི་ལེའུ།

སངས་རྒྱས་ཐོད་པའི་ལེའུ།

སངས་རྒྱས་མཉམ་སྦྱོར་གྱི་ལེའུ།

སྒྲོལ་མ་ལ་སོགས་པའི་ལེའུ།

གསང་བ་འདུས་པའི་ལེའུ།

གཤིན་རྗེ་གཤེས་ཀྱི་ལེའུ།

མཚན་བརྗོད་རྣལ་འབྱོར་བླ་མེད་དུ་བཀྲལ་བའི་ལེའུ།

བདེ་ཆེན་རལ་གཅིག་ལ་སོགས་པའི་ལེའུ།

ཕྱག་ན་རྡོ་རྗེའི་རྣལ་འབྱོར་བླ་མེད་དུ་བཀྲལ་བའི་ལེའུ།

བླ་མེད་སྤྱིའི་ལྟ་སྒོམ་སྤྱོད་འབྲས་ལ་སོགས་སྟོན་པའི་ལེའུ།

རྣལ་འབྱོར་གྱི་རྒྱུད་དེ་ཉིད་བསྡུས་པ་དང་། དཔལ་མཆོག་དང་། སྒྱུ་འཕྲུལ་དྲ་བའི་ལེའུ།

མཚན་བརྗོད་རྣལ་འབྱོར་གྱི་རྒྱུད་དུ་བསྟན་པའི་ལེའུ།

ཐམས་ཅད་གསང་བ་དང་ངན་སོང་སྦྱོང་བ་ལ་སོགས་པའི་ལེའུ།

སྤྱོད་པའི་རྒྱུད་ཀྱི་ལེའུ།

བྱ་བའི་རྒྱུད་ཀྱི་ལེའུ།

རྒྱུད་སྡེ་བཞི་བོ་སྣ་ཚོགས་དང་འབྲེལ་བའི་སྒྲུབ་ཐབས་དང་དཀྱིལ་ཆོག་ལ་སོགས་པའི་ལེའུ།

སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་རྣམ་གཞག སྔགས་ཀྱི་ཐེག་པའི་དམ་ཚིག་དང་ཆོས་སྐྱོང་ནོར་ལྷ་ལ་སོགས་པའི་ལེའུ།

ལས་དང་པོ་བའི་བྱ་བའི་རིམ་པ་དང་ཆོས་སྐྱོང་། ནོར་ལྷ་དང་བཀྲ་ཤིས་ལ་སོགས་པའི་ལེའུ།

སྐབས་གསུམ་པ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་བསྟན་བཅོས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ།

བཀའ་ཐ་མའི་མདོ་སྡེ་སྣ་ཚོགས་ཀྱི་འགྲེལ་པའི་ལེའུ།

ཐེག་པ་ཆེན་པོ་སེམས་ཙམ་པའི་ལེའུ།

བཀའ་འཁོར་ལོ་དང་པོའི་ལེའུ།

སྐྱེས་པའི་རབས་སྣ་ཚོགས་ཀྱི་ལེའུ།

སྐྱེས་པའི་རབས་སྣ་ཚོགས་ཀྱི་ལེའུ།

གཏམ་བྱ་དང་སྤྲིང་ཡིག་སྣ་ཚོགས་ཀྱི་ལེའུ།

གཏན་ཚིགས་རིག་པའི་ལེའུ།

སྒྲ་རིག་པའི་ལེའུ།

གསོ་བ་རིག་པའི་ལེའུ།

བཟོ་རིག་པའི་ལེའུ།

ཐུན་མོང་བ་ལུགས་ཀྱི་བསྟན་བཅོས་ཀྱི་ལེའུ།

སྐབས་བཞི་བ། བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་དཔེ་དཀོན་དང་། མཛད་པ་པོའི་མཚན་མ་སྨོས་པའི་བསྟན་བཅོས།

སྐབས་ལྔ་བ། བསྔོ་སྨོན་ཤིས་བརྗོད་ཀྱི་བསྟན་བཅོས།

མཛད་བྱང་།

༄༅། ། བཀའ་དང་བསྟན་བཅོས་བོད་དུ་ཇི་ལྟར་འགྱུར་བའི་རྣམ་གྲངས་ཞེས་བྱ་བ་བཞུགས་སོ། །

དང་པོ། མདོ་ཕྱོགས་ཀྱི་བསྟན་བཅོས།

གཅིག བཀའ་ཡི་སྐོར།

བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བཀའ།

མཚན་ཉིད་མེད་པའི་ཆོས་ཁོར་བསྐོར་བའི་བཀའ།

དོན་དམ་རྣམ་པར་ངེས་པའི་འཁོར་ལོ་བསྐོར་བའི་བཀའ།

ཐེག་པ་ཆེན་པོའི་མདོ་སྡེ་སྣ་ཚོགས་པའི་བཀའ།

བསྔོ་སྨོན་ཤིས་བརྗོད་ཀྱི་བཀའ།

སྔར་འགྱུར་ངེས་ཤིང་བཀའ་འགྱུར་དུ་མ་ཚུད་མ་རྙེད་པའི་བཀའ།

བསྟན་བཅོས་ཀྱི་སྐོར།

བཀའ་བྱེ་བྲག་གི་དགོངས་པ་གསལ་བར་བྱེད་པའི་བསྟན་བཅོས།

བཀའ་སྤྱིའི་དགོངས་པ་གསལ་བར་བྱེད་པའི་བསྟན་བཅོས།

ཐོར་བུ་ལུགས་ཀྱི་བསྟན་བཅོས།

གཉིས་པ། སྔགས་ཕྱོགས་ཀྱི་བསྟན་བཅོས།

རྒྱུད་ཀྱི་སྐོར།

བྱ་བའི་རྒྱུད།

རྣལ་འབྱོར་གྱི་རྒྱུད།

རྣལ་འབྱོར་ཆེན་པོའི་རྒྱུད།

གཉིས། དགོངས་འགྲེལ་བསྟན་བཅོས་ཀྱི་སྐོར།

རྒྱུད་སོ་སོའི་དགོངས་འགྲེལ་གྱི་སྐོར།

རྒྱུད་སྤྱིའི་དགོངས་འགྲེལ་གྱི་བསྟན་བཅོས།

མཛད་བྱང་།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-05

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།