མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།
མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས་ཞེས་པ་འདི་ནི་མཁས་པའི་དབང་པོ་ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་གི་ཚབ་མཚོན་རང་བཞིན་ལྡན་པའི་སུམ་རྟགས་སྐོར་གྱི་ལྗགས་རྩོམ་པར་དུ་བཏབ་ཟིན་པ་རྣམས་གཞི་བྱས་ཏེ། ཆེད་རྩོམ་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《钦饶威色选集》
རྩོམ་པ་པོ།
མཁྱེན་རབ་འོད་གསལ།
དཔེ་སྐྲུན་ཁང་།
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2015ལོའི་ཟླ7པ།
1 རྩོམ་པ་པོ།

མཁྱེན་རབ་འོད་གསལ་མཆོག་ནི་མདོ་ཁམས་མི་ཉག་རབ་སྒང་གི་ཁོངས་གཏོགས་མགར་ཐར་ཡུལ་གྱི་སོག་ཟ་རག་ཞེས་པའི་འབྲོག་སྡེ་ཞིག་ཏུ་ཡབ་བསོད་ནམས་དཔལ་བཟང་དང་ཡུམ་སོག་བཟའ་བཀྲ་ཤིས་བཟང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་མོ་གླང་གི་ལོར་སྤྱི་ལོ1925ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་སོན་སྐབས་ནས་ཡབ་དམ་པ་དང་། མཁས་བཙུན་བཟང་གསུམ་གྱི་བདག་ཉིད་ཆེན་པོ་གཅེན་པོ་རྒྱལ་ཁམས་བླ་མ་དཀོན་མཆོག་རྣམ་རྒྱལ་གཉིས་ཀྱི་སྐུ་མདུན་ནས་བོད་ཡིག་གི་འབྲི་ཀློག་གཉིས་ལ་བྱང་ཆུབ་པ་བསླབས་པ་དང་། འདོན་རྟ་དབྱངས་དང་། བཅའ་རྡུང་འབུད་དཀྲོལ། གར་ཐིག་དབྱངས་རོལ་སོགས་ལ་སྦྱངས་པ་ལེགས་པར་མཛད་དེ་གཞུང་ཆེན་ཁག་ལ་སྦྱོང་གནང་བའི་རྨང་གཞི་བརྟན་པོ་ཚུགས། རྗེས་སུ་རྫོགས་ཆེན་ཤྲཱི་སིང་ཧའི་བཤད་གྲྭར་ཞུགས་ནས་མཁས་མཆོག་དུ་མར་སློབ་དཔོན་བསྟེན་ཅིང་གཞུང་ཆེན་བཅུ་གསུམ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་མཁས་པའི་ཡང་རྩེར་སོན་ཞིང་སྙན་པའི་གྲགས་པ་གངས་ལྗོངས་འཛིན་མའི་རི་ལུང་ཀུན་ཏུ་ཁྱབ། སྤྱི་ལོ1946ལོར་ལྷ་སར་ཕེབས། བོད་ཀྱི་སྐད་ཡིག་ཞིབ་འཇུག་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཏེ་སྤྱི་ལོ1959ལོའི་བར་དུ་བཞུགས། སྔ་རྗེས་སུ་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། དར་མདོ་དགེ་འོས་ཆེད་སྦྱོང་སློབ་གྲྭ་སོགས་ཀྱིས་གདན་ཞུས་ལྟར་བོད་ཀྱི་རིག་གནས་ཁག་སློབ་ཁྲིད་ཡུན་རིང་གནང་། སྔ་རྗེས་སུ་དགེ་རྒན་ཆེན་མོ་གཞོན་པ་གཅིག་ལྕོགས་ཀྱི་མཚན་ཐོབ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པའི་གོ་ས་དང་ཞིབ་འཇུག་པའི་མཚན་སྙན་དང་གཟི་བརྗིད་ཀྱི་གཟེངས་རྟགས་དུ་མ་ཐོབ། དེ་མཚུངས་སུ་བོད་རྒྱ་ཚིག་མཛོད་ཆེན་མོའི་བོད་ཡིག་རྩོམ་སྒྲིག་གི་གཙོ་འགན་བཞེས།

ཁོང་གིས་གསུང་རྩོམ་ལ། 《རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ》དང་། 《སུམ་ཅུ་པའི་རྣམ་བཤད་ཟུར་གནས་དགྱེས་པའི་གཏམ》《བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་བཤད་པ》གསུམ་གྱིས་མཚོན་པའི་པོ་ཏི་ཆེན་པོ་གསུམ་དང་། 《གཞོན་ནུའི་སྲོག་སྐྱོབ་བདུད་རྩིའི་ཐིགས་པ》དང་། 《མགར་བའི་རིགས་རྒྱུད་ལ་དཔྱད་པ》《གངས་ཅན་ཀུན་བཟོད་སྒེག་མོའི་བཞད་སྒྲ》སོགས་གསུང་རྩོམ་དུ་མ་མཛད་ཅིང་། དགུང་ལོ་བདུན་ཅུ་དོན་བཞི་པ་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་སྟག་སྤྱི་ལོ1998ལོའི་ཟླ7པའི་ཚེས4ཉིན་སི་ཁྲོན་མི་རིགས་སློབ་གླིང་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས།

2 ངོ་སྤྲོད།

ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས་འདིའི་ནང་དུ་བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་དང་བོད་ཡིག་གི་བརྡ་དག་སྤྱི་འགྲོས་འགའ་ཞིག་བཤད་པ། མགར་བའི་རིགས་ལ་རགས་ཙམ་དཔྱད་པ། ཆོས་ལུགས་དང་རྨོངས་དད་སྐོར་གྱི་བཤད་པ་མདོ་ཙམ་གླེང་བ། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ཀྱི་དཔེ་སྐྲུན་གསལ་བཤད། སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ། རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ། སུམ་རྟགས་གཉིས་ཀྱི་མིང་ཚིག་གི་འགྲེལ་པ་བྱིས་པ་དགའ་བའི་གཏམ། ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་བྱ་བ་དང་དེའི་མཆན་འགྲེལ་སོགས་བརྩམས་ཆོས་གྲགས་ཅན་སྐོར་ཞིག་འདུས་ཡོད།

3 དཀར་ཆག

བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར།

བོད་མི་བྱུང་ཚུལ་སྐོར།

བོད་ཀྱི་སྐད་ཡིག་སྐོར།

བོད་ཀྱི་གཅིག་གྱུར་གྱི་སྤྱི་སྐད་སྐོར།

རྒྱལ་རོང་བ་བོད་རིགས་ཡིན་པའི་སྐོར།

བོད་ཀྱི་ཡུལ་སྐད་སོ་སོའི་ཁྱད་ཆོས།

བོད་ཡིག་དང་བོད་དུ་དར་བའི་ནང་པའི་ཆོས་ལུགས་བར་གྱི་འབྲེལ་བ་བཤད་པ།

ཕྱིན་ཆད་བོད་ཀྱི་སྐད་ཡིག་མདུན་བསྐྱོད་ཡོང་བར་བྱེད་པའི་སྐོར།

བོད་ཡིག་གི་བརྡ་དག་སྤྱི་འགྲོས་འགའ་ཞིག་བཤད་པ།

བསྡུས་མིང་གི་སྐོར་བཤད་པ།

བྱ་ཚིག་གི་སྦྱོར་བ་འགའ་ཞིག་བཤད་པ།

བོད་ཡིག་གི་གྲངས་ཚིག་བསྡུས་ཚུལ་རགས་ཙམ་བཤད་པ།

ཡང་འཇུག་ས་ཐོབ་མིན་སྐོར་རགས་ཙམ་བཤད་པ།

མགར་བའི་རིགས་ལ་རགས་ཙམ་བཤད་པ།

ཆོས་ལུགས་དང་རྨོངས་དད་སྐོར་གྱི་བཤད་པ་མདོ་ཙམ་གླེང་བ།

ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ཀྱི་དཔེ་སྐྲུན་གསལ་བཤད།

སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ།

དང་པོ། སླར་བསྡུ་བཤད་པ།

གཉིས་པ། ལ་དོན་བཤད་པ།

གསུམ་པ། ཨི་ལྡན་བཤད་པ།

བཞི་པ། རྒྱན་སྡུད་བཤད་པ།

ལྔ་པ། ལྷག་བཅས་བཤད་པ།

དྲུག་པ། འབྱེད་སྡུད་བཤད་པ།

བདུན་པ། འབྱུང་ཁུངས་བཤད་པ།

བརྒྱ་དཔ། བོད་སྒྲ་བཤད་པ།

དགུ་པ། ནི་སྒྲ་སོགས་ཚིག་ཕྲད་རྐྱང་བ་བཤད་པ།

(ཀ)ནི་སྒྲ་བཤད་པ།

(ཁ)དང་སྒྲ་བཤད་པ།

(ག)དེ་སྒྲ་བཤད་པ།

(ང)གང་སྒྲ་བཤད་པ།

(ཅ)བདག་སྒྲ་བཤད་པ།

(ཆ)དགག་སྒྲ་བཤད་པ།

བཅུ་པ། ཅིང་སོགས་ཚིག་ཕྲད་བཤད་པ།

མཇུག་བྱང་།

རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ།

འགོ་བརྗོད།

ཚོགས་དང་པོ་མིང་གི་ཚོགས་པ།

ཚོགས་གཉིས་པ་ཕྲད་དང་རྣམ་དབྱེའི་ཚོགས།

དང་པོ་མིང་གཞིའི་ཡི་གེ་སྤྱི་ཡི་རྟགས་ཀྱི་དབྱེ་བ་བཤད་པ།

གཉིས་པ་སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ།

སྔོན་འཇུག་རྣམས་རང་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་རྣམས་ལ་དགོས་པ་གང་གི་ཆེད་དུ་འཇུག་པར་བྱེད་པ།

དང་པོ་བྱ་བྱེད་ཐ་དད་པ་བཤད་པ།

དབྱེ་བ་དགུ་ལྡན་གྱི་ལས་ཚིག

དབྱེ་བ་བདུན་ལྡན་གྱི་ལས་ཚིག

གཉིས་པ་བྱ་བྱེད་ཐ་མི་དད་པ་བཤད་པ།

དབྱེ་བ་ལྔ་ལྡན་གྱི་ལས་ཚིག

དབྱེ་བ་གསུམ་ལྡན་གྱི་ལས་ཚིག

དངོས་པོ་བདག་གཞན་གཉིས་ཀྱི་གོ་དོན་བཤད་པ།

བྱེད་ཚིག་དབྱེ་བ་དྲུག་ལྡན་སྒོས་དངོས་པོ་བདག་དངོས་བཟུང་བ།

བྱེད་ཚིག་དབྱེ་བ་གཉིས་ལྡན་སྒོས་དངོས་པོ་གཞན་དངོས་བཟུང་བ།

གསུམ་པ་དུས་གསུམ་གྱི་དབྱེ་བ་བཤད་པ།

བྱ་བྱེད་ཐ་དད་པའི་དུས་འདས་པ།

བྱ་བྱེད་ཐ་དད་པའི་དུས་གསུམ།

ལས་ཚིག་གི་ཐོག་མར་དགག་སྒྲ་ཇི་ལྟར་འཇུག་ཚུལ།

རྩོད་པ་སྤོང་བ།

བཞི་བ་བྱ་བྱེད་ལས་གསུམ་གྱི་དབྱེ་བ་ཅུང་ཟད་འཆད་པ།

རྗེས་འཇུག་གི་རྟགས་ཀྱི་འཇུག་པ་འཆད་པ།

བྱ་བྱེད་འདས་སྐུལ་བཅས་ཀྱི་རེའུ་མིག

སུམ་རྟགས་གཉིས་ཀྱི་མིང་ཚིག་གི་འགྲེལ་པ་བྱིས་པ་དགའ་བའི་གཏམ།

ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་བྱ་བ་དང་དེའི་མཆན་འགྲེལ་བཞུགས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-10

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།