ཅིར་ཅི་སི་ཐན་གྱི་རྒྱལ་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིར་ཅི་སི་ཐན་གྱི་རྒྱལ་དར།
ཅིར་ཅི་སི་ཐན་གྱི་མིང་ཆ་ཚང་ལ་ཅིར་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡ་གླིང་དབུས་མ་རུ་གནས་པའི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན། ཅིར་ཅི་སི་ཐན་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི5བསྡུར3ཡིན། དར་ངོས་ཀྱི་མདོག་དམར་པོ་ཡིན་ཞིང་། དར་དཀྱིལ་དུ་གསེར་མདོག་གི་ཉི་མ་ཞིག་ཡོད་ལ། ཉི་མའི་དཀྱིལ་དུ་སའི་གོ་ལ་དང་འདྲ་བའི་སྒོར་དབྱིབས་ཀྱི་རི་མོ་ཞིག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吉尔吉斯斯坦国旗
ཕྱི་ཡིག་གི་མིང་།
Flag of Kyrgyzstan
རིགས་དབྱེ།
རྒྱལ་དར།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1991ལོའི་ཟླ8པ།
1 ངོ་སྤྲོད།

ཅིར་ཅི་སི་ཐན་གྱི་མིང་ཆ་ཚང་ལ་ཅིར་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།  དེ་ནི་ཡ་གླིང་དབུས་མ་རུ་གནས་པའི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན།  ཅིར་ཅི་སི་ཐན་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་།  དཀྱུས་དང་ཞེང་གི་བསྡུར་ཚད་ནི5བསྡུར3ཡིན།  དར་ངོས་ཀྱི་མདོག་དམར་པོ་ཡིན་ཞིང་།   དར་དཀྱིལ་དུ་གསེར་མདོག་གི་ཉི་མ་ཞིག་ཡོད་ལ།   ཉི་མའི་དཀྱིལ་དུ་སའི་གོ་ལ་དང་འདྲ་བའི་སྒོར་དབྱིབས་ཀྱི་རི་མོ་ཞིག་ཡོད།  མདོག་དམར་པོས་རྒྱལ་ཁ་མཚོན་ཞིང་།  ཉི་མས་འོད་སྣང་དང་དྲོད་ཁོལ་མཚོན་ལ།   སྒོར་དབྱིབས་ཀྱི་རི་མོས་རྒྱལ་ཁབ་ཀྱི་རང་བཙན་དང་།   གཅིག་གྱུར།   མི་རིགས་མཐུན་སྒྲིལ་སོགས་མཚོན་པ་ཡིན།

2 ལོ་རྒྱུས་འཕེལ་རིམ།

.png

ཅིར་ཅི་སི་ཐན་དེ་སྤྱི་ལོ1936ལོར་སུའུ་ལེན་སྔོན་མའི་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཏུ་གྱུར་ཅིང་།  སྤྱི་ལོ1952ལོར་དར་ངོས་སུ་སྐར་མ་ཟུར་ལྔ་དང་ཟོར་བ།  ཐོ་བ་བཅས་ཀྱི་རི་མོ་དང་།   དར་དཀྱིལ་དུ་མདོག་དཀར་པོའི་འཕྲེད་བཅད་ཅིག་ཡོད་ལ།   དེའི་གོང་འོག་ཏུ་མདོག་སྔོན་པོའི་འཕྲེད་བཅད་རེ་ཡོད་པའི་རྒྱལ་དར་བཀོལ་སྤྱོད་བྱས།   སྤྱི་ལོ1991ལོའི་ཟླ8པའི་ནང་རང་བཙན་བྱས་པ་ཁྱབ་བསྒྲགས་བྱས་ཤིང་།  རྗེས་སུ་དེང་སྐབས་ཀྱི་རྒྱལ་དར་འདི་བཀོལ་སྤྱོད་བྱེད་འགོ་ཚུགས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-12-28

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།