མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་ཞེས་པ་འདི་ནི་དགེ་འདུན་ཆོས་འཕེལ་གྱིས་བརྩམས་ཆོས་སྐོར་ཞིག་ཕྱོགས་གཅིག་ཏུ་བསྡུས་པའི་གསུམ་འབུམ་སྟོད་སྨད་གཉིས་སུ་ཡོད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《更敦群培文集》
རྩོམ་པ་པོ།
དགེ་འདུན་ཆོས་འཕེལ།
དཔེ་སྐྲུན་ཁང་།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2013ལོའི་ཟླ1པ།
1 རྩོམ་པ་པོ།

བོད་ཀྱི་ལོ་ཙཱ་བ་དང་བསམ་བློ་བ་ཆེན་མོ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནི་མདོ་སྨད་རེབ་གོང་ཞོ་འཕོང་ནས་སྐུ་འཁྲུངས་ཤིང་། ཆུང་དུས་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་ཞིབ་འཇུག་གི་ལས་ལ་སྤྲོ་བ། གཞན་དང་མི་མཐུན་པའི་རང་གཤིས་མཚར་བོ་ཅན་ཞིག་ཀྱང་ཡིན་པར་གྲགས། ལོ་བཞིའི་སྟེང་ནས་ཡབ་ཀྱིས་ཡི་གེ་སྦྱོར་ཀློག་དང་ཡིག་གཟུགས་སོགས་ཁྲིད་ཅིང་ཆོས་དང་འཇིག་རྟེན་གྱི་བསླབ་བྱ་གང་ལེགས་བསྩལ། དགུང་ལོ་བདུན་པར་བྱ་བཏང་ཞབས་དཀར་བའི་གདན་ས་སྟེ་རྙིང་དགོན་གཡའ་མ་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ནས་དགེ་བའི་བཤེས་གཉེན་དགེ་འདུན་བསྟན་པ་ཚང་སློབ་དཔོན་དུ་བསྟེན་ནས། འདོན་ཆོས་སྤྱོད་དང་ལྷ་རིས་བྲིས་ཚུལ་སོགས་བསླབས། དེ་དུས་ཡབ་གཤེགས་པས་དཀའ་ཁག་མང་བོར་འཕྲད་མྱོང་ལ་དཀའ་ཚེགས་ལས་རྒྱལ་ཅི་ཐབས་བྱས་ནས་སློབ་གཉེར་གྱི་རྒྱུན་བསྐྱངས། ཕྱིས་སུ་ཡར་རྟིང་དགོན་པའི་རིག་འཛིན་འོད་གསལ་རྡོ་རྗེ་སྙིང་བོ་ཟེར་པའི་མདུན་ནས་ཡི་གེའི་ཐོབ་ཐང་དང་ལྷ་རམས་པ་ཚུལ་ཁྲིམས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་དང་། སྙན་ངག་སོགས་ལ་སྦྱངས་ཤིང་དགུང་ལོ་དགུ་ཙམ་ནས་སྙན་རྩོམ་མང་དུ་སྤེལ་བར་གྲགས། དགུང་ལོ་བཅུ་བཞི་བར་ཁ་གྱའི་གཏེར་སྟོན་བླ་མའི་མདུན་ནས་རྙིང་ཕྱོགས་ཀྱི་དབང་ལུང་མན་ངག་མང་བོ་གསན། དགུང་ལོ་བཅོ་ལྔ་བར་དྷིཿཚ་བཀྲ་ཤིས་ཆོས་སྡིངས་ནས་བིས་པ་འཇམ་དབྱངས་གྲགས་པ་ཚང་སློབ་དཔོན་དུ་བསྟེན་ཏེ་ཚད་མ་རིག་པས་གཙོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མང་བོར་སྦྱངས་བ་གནང་སྟེ་ལོ་བཞིར་བཞུགས། དགུང་ལོ་བཅུ་དགུ་བར་དྷི་ཚའི་མཁན་ཆེན་སྐུ་ཕྲེང་དྲུག་པ་དགེ་འདུན་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་བར་མཚན་ལ་དགེ་འདུན་ཆོས་འཕེལ་གསོལ། ལོ་དེར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་མོའི་ཚུལ་ཁྲིམས་ཚང་སོགས་ཀྱི་མདུན་ནས་ལོ་ཡི་འཁོར་མོ་དྲུག་ལ་བསྡུས་གྲྭ་ནས་བཟུང་ཕར་ཕྱིན་འོག་མའི་བར་གསན་སྦྱངས་ཞིབ་རྒྱས་གནང་ཞིང་མཛོད་འདུལ་དབུ་གསུམ་ལའང་སྦྱངས་པས་ཟབ་གསལ་མྱུར་གསུམ་གྱི་ཤེས་རབ་ལ་རིགས་པ་སྨྲ་བ་མང་བོ་ཧ་ལས་དགོས་པའི་ཚོད་ལྟ་བུ་གྱུར། དགུང་ལོ་ཉེར་བཞི་བར་བླ་བྲང་ནས་ལམ་ལ་ཆས་ཏེ་ཕ་ཡུལ་དུ་ཡུད་ཙམ་བསྡད་རྗེས་སྐུ་འབུམ་དང་མཚོ་སྔོན་པོ། ནག་ཆུ་སོགས་བརྒྱུད་དེ་དགུང་གྲངས་ཉེར་ལྔའི་སྟེང་དབུས་འགྱུར་ཆོས་ཀྱི་ཞིང་དུ་བདེ་བར་འབྱོར་རྗེས་གཙུག་ལག་ཁང་དང་པོ་ཏ་ལ། ས་དགེ་རྙིང་གསུམ་སོགས་ཀྱི་དགོན་སྡེ་དང་གནས་ཆེན་ཁག་ལ་མཇལ་སྐོར་དང་ཞིབ་འཇུག་གང་མང་གནང་། དེ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་ཁང་ཚན་དུ་ཞུགས་ཏེ་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་རྡོ་སྦིས་ཤེས་རབ་རྒྱ་མཚོ་ལས་ཤེས་རིག་གི་བདུད་རྩི་བཞེས། ཁོང་རྣམ་རིག་ཧ་ཅང་སྐྱེན་པོ་ཡིན་སྟབས་རྗེ་ཤེས་རབ་རྒྱ་མཚོས་ཀྱང་། ང་དགེ་རྒན་འཇམ་པའི་དབྱངས་ལ་ཁྱོད་དགེ་ཕྲུག་འཇམ་པའི་དབྱངས་ལྟ་བུ་བྱུང་ཞེས་ཡང་ཡང་བསྔགས་བརྗོད་མཛད། འབྲས་སྤུངས་ནས་ལོ་དྲུག་ལྷག་ལ་བཞུགས་རྗེས་རྒྱ་གར་གྱི་པཎྜི་ཏ་རཱ་ཧུ་ལ་ཞེས་པ་དང་གྲོགས་པོར་གྱུར་ཅིང་དེ་ལས་ལེགས་སྦྱར་གྱི་སྐད་ལ་སྦྱོང་ཞོར་རྒྱ་གར་དུ་ཆས་པའི་སྟ་གོན་བྱས་པའོ། །

སྤྱི་ལོ1934ལོའི་ཟླ་བདུན་པ་ནས་རཱ་ཧུ་ལ་དང་ལྷན་ཅིག་འཕན་ཡུལ་དང་རྭ་སྒྲེང་ས་སྐྱ་སོགས་དགོན་སྡེ་མང་བོར་གནས་སྐོར་དང་། ཞོར་དུ་རྒྱ་དཔེ་དང་ལྡེབས་རིས། རྡོ་རིང་གི་ཡི་གེ འདྲ་སྐུ་སོགས་མང་བོར་ཞིབ་འཇུག་བྱེད་བཞིན་ཟླ་དགུ་བར་བལ་ཡུལ་དུ་སླེབས་ཏེ་དེར་ཟླ་དྲུག་བཞུགས། དེའི་ཕྱིར་ལོ་རྒྱ་གར་དུ་ཕེབས་ཤིང་ལེགས་སྦྱར་གྱི་སྐད་དང་དབྱིན་ཡིག་ལ་བརྩོན་པ་བསྐྱེད། སངས་རྒྱས་ཀྱི་གནས་མཆོག་བརྒྱད་སོགས་ལ་གནས་སྐོལ་བྱས་ཤིང་། གནས་བཤད་དང་ལམ་ཡིག་ངོ་མཚར་བ་དུ་མ་དང་གསེར་ཐང་སོགས་ལེགས་བཤད་དུ་མའི་སྐྱེས་བཟང་བོད་ལ་གནང་། ཁོང་ཁྱོན་རྒྱ་གར་དུ་མི་ལོ་བཅུ་གཉིས་ལྷག་ལ་བཞུགས་པ་ཡིན་ཏེ། ཁོང་གིས་བླ་བྲང་ལ་བསྐུར་བའི་ཚིགས་བཅད་སྙན་རྩོམ་ཞིག་ལས། ཚེ་སྔོན་ལས་ཟེར་བ་རླུང་གི་རྟ། ། ལམ་ག་འདྲའི་གཏད་སོ་མེད་པ་ཞིག ། ང་བོད་ཕྲུག་བོད་ནས་སྐྱེས་པ་ཡི། ། ཚེ་དུམ་གཅིག་རྒྱ་གར་ཡུལ་དུ་ཟད། ། ལོ་བཅུ་གཉིས་ཨ་ལོང་འཁོར་གྱི་བར། ། སྐྱིད་ཆེ་བའི་ཕ་ཡུལ་མ་མཐོང་ཞིང་། ། སྒོས་དྲིན་ཅན་གྱི་མ་རྒན་མ་འཇལ་བ། ། འདི་བསམ་ན་བྲལ་བའི་སྙིང་རླུང་བསླངས། ། ཞེས་གསུངས་པས་སོ། ། དེ་ལྟར་རྒྱ་གར་སོགས་ནས་ཡུལ་སྐོར་ཞིབ་འཇུག་དང་ཡིག་བསྒྱུར་དང་། ཝ་ར་ཎཱ་སིར་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ཞེས་པ་སློབ་དཔོན་དུ་བསྟེན་ནས་སཾ་སྐྲིའི་སྐད་ལ་སོགས་པར་སྦྱངས་པར་མཛད། སྤྱི་ལོ1945ལོའི་ལོ་སྨད་ཙམ་ལ་ཁྲི་བྱང་རིན་པོ་ཆེ་དང་བཀའ་བློན་ཀ་ཤོད་པ་གཉིས་ཀྱིས་གདན་འདྲེན་ཕྱག་འཕྲིན་བསྐུར་བ་བཞིན་ཕྱིར་ལྷ་སར་ཕེབས་པའོ། །

ཁོང་གི་བརྩམས་ཆོས་ཀྱིས་སྐོར་ལ།  《དེབ་ཐེར་དཀར་པོ》《སིང་ག་ལའི་ལམ་ཡིག》《རྒྱལ་བོ་རཱ་མ་ཎའི་རྟོགས་བརྗོད》《བྱ་ལེན་མའི་རྟོགས་བརྗོད》《གངས་རིའི་སྐོར》《ཞང་དགའ་བའི་བློ་གྲོས་ཀྱི་ལ་དྲིས་ལན》《རྟུལ་ཆུང་དཔྱད་པའི་སྐོར》《དབུ་ཚད་དཀའ་བའི་གནད》《ལུ་བྱེད་མཐའ་དཔྱད》《འདོད་པའི་བསྟན་བཅོས》《རྒྱ་གར་གྱི་གནས་ཆེན་བརྒྱད་ཀྱི་ལམ་ཡིག》《རྡི་ཚ་སྐམ་པོས་ཕུལ་བའི་ཞུ་ཡིག》《ལེགས་ལྡན་ནག་པོའི་གླུ》《སེམས་ཙམ་པའི་གྲུབ་མཐའི་རྣམ་བཞག》《ཕྱི་རོལ་བའི་གྲུབ་མཐའི་རྣམ་བཞག》《འཛམ་གླིང་རྒྱས་བཤད》《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》《དབུ་ཚད་ཀྱི་དཀའ་བའི་གནད》སུམ་རྟགས་སྐོར་ཐོར་བུ། སྙན་ངག་ཀྱི་དཀའ་གནད་ཐོར་བུ་སོགས་མང་བོ་ཞིག་ཡོད་པའོ། །

2 ངོ་སྤྲོད།

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་འདིའི་ནང་དུ་རྩོམ་པ་པོས་བརྩམས་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་དང་ལེགས་སྦྱར་བང་མཛོད། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཕྱག་རིས་གཅེས་བཏུས། འཕགས་པ་གནས་བརྟན་པ་རྣམས་ཀྱི་མདོ་སྡེའི་སྡེ་སྣོད་བསྡུས་པ་ལས་ཕྲན་ཚེགས་ཀྱི་མདོ་ཕྲན་གཉིས་པ་ཆོས་ཀྱི་ཚིགས་སུ་བཅད་པ། དབུ་མའི་ཟབ་གནད་སྙིང་པོར་དྲིལ་བའི་ལེགས་བཤད་ཀླུ་སྒྲུབ་དགོངས་རྒྱན། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས། རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་སྐོར། རྒྱལ་རབས་དེབ་ཐེར་དཀར་པོ། དེབ་དཀར་དུ་འཁོད་པ་དང་མ་འཁོད་པའི་ཚིགས་སུ་བཅད་པ་དང་ལོ་ཚིགས་རེ་འགའི་གནད་དོན་དོགས་དཔྱོད་དཔྱད་གཞི། རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག རི་བོ་ཧི་མ་ལའི་བསྟན་བཅོས། དཔལ་ལེགས་ལྡན་ནག་པོའི་གླུ། བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་གཅེས་བཏུས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་བ་དང་བརྩམས་པ་དངོས་སུ་བཞུགས་ཡོད་མེད་ཡོངས་ཀྱི་ཐོ་ཡིག་བཅས་ཕྱོགས་གཅིག་ཏུ་བསྒྲིགས་ཡོད།

3 དཀར་ཆག

སྟོད་ཆ།

༄༅། ། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ཞེས་བྱ་བ་བཞུགས་སོ། །

དང་པོ། ཐོག་མར་ལྷ་ས་ནས་ཕེབས་ཐོན་མཛད་པའི་ཚུལ།

གཉིས་པ། རྒྱ་གར་གྱི་ཡུལ་སྤྱིའི་ཆགས་ཚུལ།

གསུམ་པ། ཡུལ་གྱི་མིང་བཏགས་ཚུལ།

བཞི་པ། བྱང་ཕྱོགས་ཀྱི་གངས་རི་དང་དེ་ལས་འཕྲོས་པའི་དོགས་དཔྱོད།

ལྔ་པ། སྔོན་གྱི་གནས་ཡུལ་གྲགས་ཅན་རྣམས་ཇི་ལྟར་ཡོད་ཚུལ།

དྲུག་པ། སྐྱེས་པ་བུད་མེད་བཟང་བཏུང་ཡོ་བྱད་སོགས་ཀྱི་སྐོར།

བདུན་པ། ཤིང་དང་མེ་ཏོག་སོགས་ཀྱི་ངོས་འཛིན་དང་ངོས་ཇི་ལྟར་འཕྲོད་ཚུལ།

བརྒྱད་པ། སྔོན་དང་ད་ལྟའི་བར་ཡུལ་སོ་སོའི་ཡིག་རིགས།

དགུ་བ། བོད་ཡིག་གི་སྒྲ་སྦྱོར་སྐོར།

བཅུ་བ། ཆོས་རྒྱལ་མྱ་ངན་མེད་ཀྱི་ཡི་གེ་རི་ན་ག་རེའི་བྲག་ངོས་ལ་བརྐོས་པ།

བཅུ་གཅིག་པ། གུཔྟའི་རྒྱལ་བརྒྱུད་སྐོར།

བཅུ་གཉིས་པ། པཱ་ལའི་རྒྱལ་བརྒྱུད་སྐོར།

བཅུ་གསུམ་པ། སངས་རྒྱས་འདས་རྗེས་ཀྱི་ལོ་བརྒྱ་ཕྲག་བཅུ་དྲུག་ནས་ད་བར།

བཅུ་བཞི་བ། སིངྒལའི་ལོ་རྒྱུས་སྐོར།

བཅོ་ལྔ་བ། སྔོན་དུས་བོད་པ་རྣམས་ཀྱི་གནས་སྐབས་དང་ཚུལ་ལུགས་ཅི་ལྟར་ཡོད་ལུགས་སྐོར།

བཅུ་དྲུག་པ། མུ་སྟེགས་ཀྱི་ཆོས་ལུགས།

མཇུག་རྩོམ།

༄༅། ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཕྱག་རིས་གཅེས་བཏུས།

༄༅། ། ལེགས་སྦྱར་བང་མཛོད་ཅེས་བྱ་བ་བཞུགས་སོ། །

སྨད་ཆ།

༄༅། ། འཕགས་པ་གནས་བརྟན་པ་རྣམས་ཀྱི་མདོ་སྡེའི་སྡེ་སྣོད་བསྡུས་པ་ལས་ཕྲན་ཚེགས་ཀྱི་མདོ་ཕྲན་གཉིས་པ་ཆོས་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བ་བཞུགས་སོ། །

ལེའུ་དང་པོ། ཟུང་ལྡན་གྱི་སྡེ་ཚན།

ལེའུ་གཉིས་པ། བག་ཡོད་ཀྱི་སྡེ་ཚན།

ལེའུ་གསུམ་པ། སེམས་ཀྱི་སྡེ་ཚན།

ལེའུ་བཞི་བ། མེ་ཏོག་གི་སྡེ་ཚན།

ལེའུ་ལྔ་བ། བྱིས་པའི་སྡེ་ཚན།

ལེའུ་དྲུག་པ། མཁས་པའི་སྡེ་ཚན།

ལེའུ་བདུན་པ། དགྲ་བཅོམ་པའི་སྡེ་ཚན།

ལེའུ་བརྒྱད་པ། སྟོང་ཕྲག་གི་སྡེ་ཚན།

ལེའུ་དགུ་བ། སྡིག་པའི་སྡེ་ཚན།

ལེའུ་བཅུ་བ། ཆད་པའི་སྡེ་ཚན།

ལེའུ་བཅུ་གཅིག་པ། རྒས་པའི་སྡེ་ཚན།

ལེའུ་བཅུ་གཉིས་པ། བདག་གི་སྡེ་ཚན།

ལེའུ་བཅུ་གསུམ་པ། འཇིག་རྟེན་གྱི་སྡེ་ཚན།

ལེའུ་བཅུ་བཞི་བ། སངས་རྒྱས་ཀྱི་སྡེ་ཚན།

ལེའུ་བཅོ་ལྔ་བ། བདེ་བའི་སྡེ་ཚན།

ལེའུ་བཅུ་དྲུག་པ། དགའ་བའི་སྡེ་ཚན།

ལེའུ་བཅུ་བདུན་པ། ཁྲོ་བའི་སྡེ་ཚན།

ལེའུ་བཅོ་བརྒྱད་པ། དྲི་མའི་སྡེ་ཚན།

ལེའུ་བཅུ་དགུ་བ། ཆོས་ལྡན་གྱི་སྡེ་ཚན།

ལེའུ་ཉི་ཤུ་བ། ལམ་གྱི་སྡེ་ཚན།

ལེའུ་ཉེར་གཅིག་པ། ཐོར་བུའི་སྡེ་ཚན།

ལེའུ་ཉེར་གཉིས་པ། དམྱལ་བའི་སྡེ་ཚན།

ལེའུ་ཉེར་གསུམ་པ། གླང་པོའི་སྡེ་ཚན།

ལེའུ་ཉེར་བཞི་བ། སྲེད་པའི་སྡེ་ཚན།

ལེའུ་ཉེར་ལྔ་བ། དགེ་སློང་གི་སྡེ་ཚན།

ལེའུ་ཉེར་དྲུག་པ། བྲམ་ཟེའི་སྡེ་ཚན།

༄༅། ། དབུ་མའི་ཟབ་གནད་སྙིང་པོར་དྲིལ་བའི་ལེགས་བཤད་ཀླུ་སྒྲུབ་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །

༄༅། ། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས།

ཀ མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྡུ་རུབ་གནང་བའི་ཏུན་ཧོང་ཡིག་ཆ།

ཁ མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གོ་བདེར་མཛད་པའི་ཏུན་ཧོང་ཡིག་ཆ།

ག མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གོ་བདེར་མཛད་པའི་ཏུན་ཧོང་ཡིག་ཆ།

༄༅། ། རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་སྐོར།

དང་པོ། བཙན་པོ་སྲོང་བཙན་སྒམ་པོ་སོགས་ཀྱི་སྐོར།

གཉིས་པ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་སོགས་ཀྱི་སྐོར།

གསུམ་པ། ཐང་ཧྲུའུ་ལེའུ་བརྒྱད་དང་ཉེར་གཉིས་པ་དང་ཟུའི་གུར་གྱི་རྒྱལ་རབས་ལེའུ་གྱ་གསུམ་པའི་ནང་འཁོད་པའི་བོད་ཀྱི་ལོ་རྒྱུས།

༄༅། ། རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་བྱ་བ་བཞུགས་སོ། །

༄༅། ། དེབ་དཀར་དུ་འཁོད་པ་དང་མ་འཁོད་པའི་ཚིགས་སུ་བཅད་པ་དང་ལོ་ཚིགས་རེ་འགའི་གནད་དོན་དོགས་དཔྱོད་དཔྱད་གཞི།

༄༅། ། རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ཅེས་བྱ་བ་བཞུགས་སོ། །

གནས་ཆེན་སྤྱི་བཤད།

གནས་ཆེན་གཞན་འགའ་ཞིག་གི་ཐོ།

རེལ་ལིའི་གླ་ཆ་དང་གྲུ་ཟན་གྱི་མིང་།

༄༅། ། རི་བོ་ཧི་མ་ལའི་བསྟན་བཅོས་ཞེས་བྱ་བ་བཞུགས་སོ། །

༄༅། ། དཔལ་ལེགས་ལྡན་ནག་པོའི་གླུ་ཞེས་བྱ་བ་བཞུགས་སོ། །

ལེའུ་གཉིས་པ། གྲངས་ཅན་གྱི་རྣལ་འབྱོར།

ལེའུ་གསུམ་པ། ལས་ཀྱི་རྣལ་འབྱོར།

ལེའུ་བཞི་བ། ཡེ་ཤེས་ཀྱི་རྣལ་འབྱོར།

ལེའུ་བཅུ་གཉིས་པ། དད་པའི་རྣལ་འབྱོར།

༄༅། ། བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་ཞེས་བྱ་བ་བཞུགས་སོ། །

༄༅། ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་གཅེས་བཏུས། །

ཕལ་སྐད་གསོང་པོར་བརྗོད་པའི་ཀ་རྩོམ།

ཨ་མཆོད་ཀྱི་ལོ་རྒྱུས་ཀ་རྩོམ།

བླ་བྲང་ལ་བསྐུར་བའི་ཀ་རྩོམ།

མི་རྟག་པ་དྲན་པའི་གསུང་མགུར།

བཙོན་ནས་ཧོར་ཁང་ལ་བླངས་པའི་མགུར།

འདུ་འབྲལ་སྙིང་པོ་མེད་པར་རྟོགས་པའི་གླུ།

རྒྱལ་ཁམས་བསྐོར་བའི་སྣང་ཚུལ།

སྙིང་པོའི་ལྷ་ཆོས་བྱེད་པར་གདམས་པ།

སྒྲོལ་མའི་བསྟོད་པ།

ཀློག་རྣམ་པར་རོལ་བ་ཞེས་བྱ་བའི་སྙན་ངག

ཐོར་བུའི་སྐོར།

སྨིན་གླིང་ཁྲི་ཆེན་ལ་ཕུལ་བའི་ཀུན་བཟང་འཁོར་ལོ།

མཇུག་བྱང་།

༄༅། ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་བ་དང་བརྩམས་པ་དངོས་སུ་བཞུགས་ཡོད་མེད་ཡོངས་ཀྱི་ཐོ་ཡིག

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-04

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།