བོད་ཀྱི་གནའ་བོའི་སྒྲ་སྒྱུར་གཞུང་ལུགས་སྐོར་གྱི་ཞིབ་འཇུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་གནའ་བོའི་སྒྲ་སྒྱུར་གཞུང་ལུགས་སྐོར་གྱི་ཞིབ་འཇུག
བོད་ཀྱི་གནའ་བོའི་སྒྲ་སྒྱུར་གཞུང་ལུགས་སྐོར་གྱི་ཞིབ་འཇུག་ཞེས་པ་འདི་ནི་འཆི་མེད་ཚེ་རིང་གི་ཤེས་རམས་ཞིབ་འཇུག་པའི་སློབ་ཐོན་གྱི་དཔྱད་རྩོམ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《藏族古代翻译理论:声明要领第二卷》
རྩོམ་པ་པོ།
འཆི་མེད་ཚེ་རིང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2007ལོའི་ཟླ4པ།
དཔེ་སྐྲུན་ཁང་།
མི་རིགས་དཔེ་སྐྲུན་ཁང་།
1 རྩོམ་པ་པོ།

འཆི་མེད་ཚེ་རིང་ནི་སྤྱི་ལོ1971ལོར་བོད་ལྗོངས་ནག་ཆུ་ས་ཁུལ་སོག་རྫོང་ཁོངས་ཀྱི་ཞིང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ལོ་བདུན་ཙམ་ནས་རྫོང་དམངས་བཙུགས་སློབ་ཆུང་དུ་བསྐྱོད་ཅིང་སྤྱི་ལོ1983ལོ་ནས་སྤྱི་ལོ1989ལོར་བར་ས་གནས་སློབ་འབྲིང་དུ་སློབ་གཉེར་བྱས། སྤྱི་ལོ1989ལོ་ནས་སྤྱི་ལོ1993ལོའི་བར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་ཏུ་སློབ་གཉེར་བྱས། སྤྱི་ལོ1993ལོར་སློབ་གྲྭ་ནས་ཐོན་རྗེས་བོད་ལྗོངས་ཉེན་རྟོག་སློབ་གྲྭར་དགེ་རྒན་གྱི་ལས་ཀ་བྱས། སྤྱི་ལོ2002ལོ་ནས་སྤྱི་ལོ2005ལོའི་བར་བོད་ལྗོངས་སློབ་གྲྭ་ཆེན་མོར་ཤེས་རམས་ཞིབ་འཇུག་གི་གོ་མིང་དོན་གཉེར་བྱས་ཏེ་བོད་སྐད་ཡིག་ཆེད་ལས(རྒྱ་བོད་ཡིག་སྒྱུར)ཀྱི་གོ་མིང་ཐོབ། ད་ལྟ་མུ་མཐུད་བོད་ལྗོངས་ཉེན་རྟོག་སློབ་གྲྭར་དགེ་རྒན་གྱི་ལས་ཀ་བྱེད་མུས་ཡིན།

2 ངོ་སྤྲོད།

དེབ་འདིའི་ནང་དོན་གཙོ་བོ་ནི་བོད་ཀྱི་ལོ་ཙཱའི་གཞུང་ལུགས་སྒྲ་སྦྱོར་བམ་གཉིས་ཞེས་པ་དེའི་ནང་དོན་གསལ་བཀྲོལ་དང་། སྒྲ་སྦྱོར་བམ་པོ་གཉིས་པའི་པར་གཞི་མི་འདྲ་བ་དཔྱད་བསྡུར། སྒྲ་སྦྱོར་བམ་པོ་གཉིས་པ་དང་ཕྱི་ནང་གི་ལོ་ཙཱའི་གཞུང་ལུགས་དང་ཕན་ཚུན་བསྡུར་བ་བྱེད་པ། དེ་བཞིན་སྒྲ་སྦྱོར་བམ་གཉིས་ཀྱི་ལོ་རྒྱུས་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་བཅས་ཀྱི་སྐོར་བྲིས་ཡོད།

3 དཀར་ཆག

གླེང་གཞི།

ས་བཅད་དང་པོ། སྒྲ་སྦྱོར་བམ་པོ་གཉིས་པ་གཏན་ལ་འབེབས་པའི་ལོ་རྒྱུས་ཀྱི་གཞི་རྟེན།

དང་པོ། ནང་བསྟན་ཆོས་གཞུང་བོད་དུ་བསྒྱུར་འགོ་ཚུགས་ཚུལ།

གཉིས་པ། སྒྲ་སྦྱོར་བམ་པོ་གཉིས་པ་གཏན་འབེབས་པའི་ལོ་རྒྱུས་ཀྱི་ཆ་རྐྱེན་དང་དགོས་པ།

གསུམ་པ། སྒྲ་སྦྱོར་བམ་པོ་གཉིས་པ་གཏན་ལ་ཕབ་ཚུལ།

ས་བཅད་གཉིས་པ། སྒྲ་སྦྱོར་བམ་པོ་གཉིས་པ་ཡི་པར་གཞི་དཔྱད་བསྡུར།

དང་པོ། པར་གཞི་མི་འདྲ་བ་ཁག་ངོ་སྤྲོད།

གཉིས་པ། ལོ་དུས་སྐོར་གྱི་བརྗོད་པ།

གསུམ་པ། པར་གཞིའི་ནང་དོན་མི་འདྲ་བ་དཔྱད་བསྡུར།

ས་བཅད་གསུམ་པ། 《སྒྲ་སྦྱོར་བམ་པོ་གཉིས་པ》ནང་དོན་དབྱེ་ཞིབ།

དང་པོ། སྒྲ་སྦྱོར་བམ་གཉིས་པ་ཞེས་པ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་མིན་སྐོར།

གཉིས་པ། སྒྲ་སྦྱོར་བམ་གཉིས་ཀྱི་ནང་དོན་དངོས།

སྒྲ་སྦྱོར་བམ་པོ་དང་པོའི་ངོ་སྤྲོད་དང་དབྱེ་ཞིབ་རགས་བསྡུས།

སྒྲ་སྦྱོར་བམ་པོ་གཉིས་པ་བཤད་པ།

སྒྲ་སྦྱོར་བམ་པོ་གཉིས་པའི་ནང་འཁོད་པའི་བཙན་པོ་དང་ཕོ་བྲང་འོན་ཅང་རྡོའི་འབྲེལ་བའི་སྐོར།

སྒྲ་སྦྱོར་བམ་པོ་གཉིས་པ་གཏན་ལ་འབེབས་མཁན་གྱི་ལོ་ཙཱ་བའི་སྐོར།

དོན་ཚན་དང་པོ། དམ་ཆོས་བསྒྱུར་ཐབས།

དོན་ཚན་གཉིས་པ། རྒྱ་གར་གྱི་སྐད་ལ་བོད་ཀྱི་སྐད་དུ་མིང་བཏགས་པ་རྣམས་སམ་བོད་སྐད་གཉིས་ཤན་སྦྱར་གྱི་ཐོག་ནས་གཅིག་གྱུར་གྱི་གཏན་ལ་ཕབ་པ།

གསུམ་པ། སྒྲ་སྦྱོར་བམ་པོ་གཉིས་པའི་ལོ་རྒྱུས་ཀྱི་དོན་སྙིང་།

མཇུག་བསྡུས་གཏམ།

དཔྱད་གཞིའི་ཡིག་ཆ་གཙོ་བོ།

ཐུགས་རྗེ་ལེགས་འབུལ་ཞུ་ཡིག

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-12-21

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།