ལྡོམ་རོལ་སོགས་སྨན་རྫས་བཞི་ཡི་ཕྱེ་སྨན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་ལྡོམ་རོལ་སོགས་སྨན་རྫས་བཞི་ཡི་ཕྱེ་སྨན་གྱི་བཟོ་ཐབས་དང་ཕན་ནུས། གཙོ་བཅོས་དང་སྤྱོད་སྟངས་བཅས་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
雄黄四味散
རིགས་དབྱེ།
ཕྱུགས་ནད།
1 སྨན་སྦྱོར།

ལྡོམ་རོལ་སྲང་གང་། ཚུར་ནག་དང་། མུ་ཟི། སྟག་ཤ་བཅས་ཞོ་ལྔ་རེ།

2 ཕན་ནུས།

དུག་སེལ་བ་དང་། སྲིན་འབུ་དང་འབུ་ཕྲ་གསོད་པ། རུལ་སུངས་འགོག་པ། ཟགས་པ་སྡོམ་པ། ཟ་འཕྲུག་འཇགས་པ་བཅས་ལ་ཕན།

3 བཟོ་ཐབས།

གོང་གི་སྨན་རྫས་རྣམས་ཕྱེ་མར་བཏུལ་རྒྱུ།

4 གཙོ་བཅོས།

སྒས་བཅད་པའི་རྨ་དང་། རྨས་སྐྱོན། རྨ་སྐྲང་། ཡུན་རིང་མི་དྲག་པའི་རྨ་ཁ་སོགས་བཅོས་ཐུབ།

5 སྤྱོད་སྟངས།

རྨ་ཁ་ལ་འདེབས་རྒྱུ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-12-24

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།