སྨན་རྫས་གཉིས་ལྡན་གྱི་དུག་སེལ་རིལ་སྨན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་སྨན་རྫས་གཉིས་ལྡན་གྱི་དུག་སེལ་རིལ་སྨན་གྱི་བཟོ་ཐབས་དང་ཕན་ནུས། གཙོ་བཅོས་དང་སྤྱོད་སྟངས། སྨན་བཅོས་ནུས་པ་བཅས་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
二味解毒丸
རིགས་དབྱེ།
ཕྱུགས་ནད།
1 སྨན་སྦྱོར།

སྨན་ཆེན(བཏུལ་མ)སྲང་བཞི། རུ་རྟ་སྲང་གང་།

2 ཕན་ནུས།

ལུས་སེམས་ལྷོད་ཅིང་ཁམས་འཁྲུག་བདེ་གསོ་བྱེད་པ་དང་། སྐྲང་འཇགས་ཤིང་དུག་འབྱིན་པ་ལ་ཕན།

3 བཟོ་ཐབས།

གོང་གི་སྨན་རྫས་གཉིས་པོ་ཕྱེ་མར་བཏུལ་ནས། མ་ཐང་བུ་རམ་བསྲེས་ཏེ་མཚལ་ཐལ་གྱིས་བཏུམས་ནས་སྲན་མའི་ཆེ་ཆུང་ལྟར་རིལ་སྨན་བཟོ་རྒྱུ།

4 གཙོ་བཅོས།

ཕྱུགས་རིགས་ལ་རུལ་རྩྭ་དང་། བཙོག་ཆུ། དུག་རྩྭ་སོགས་ཀྱི་དུག་ཕོག་པ་བཅོས་ཐུབ།

5 སྤྱོད་སྟངས།

ཁ་ནང་བླུད་རྒྱུ། ཕྱུགས་རིགས་ཆེ་གྲས་ལ་རིལ་བུ20དང་༑  ཕྱུགས་རིགས་ཆུང་གྲས་ལ་རིལ་བུ3རེ། ཉིན་རེར་ཐེངས་གཉིས་རེ་བླུད་རྒྱུ།

6 སྨན་བཅོས་ནུས་པ།

1969ལོ་ནས་བཟུང་སྨན་སྦྱོར་འདི་སྤྱད་ནས༑ ནད་ཕྱུགས་ལྔ་བཅུ་ལྷག་ཙམ་ལ་སྨན་བཅོས་བྱས་ནས་ཚང་མ་དྲག་སོང་།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-12-18

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།