བསྐྱེད་རིམ་སྐབས་འཆད་བྱའི་དོན་དྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནང་པ་སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ལ་རྒྱུད་སྡེ་བཞི་ཡོད་པའི་བླ་མེད་ཀྱི་རྒྱུད་མ་གཏོགས་རྒྱུད་སྡེ་གཞན་གསུམ་ལ་བསྐྱེད་རིམ་མེད་ཅིང༌། བླ་མེད་རྒྱུད་ཀྱི་ཡི་དམ་གང་ཞིག་གི་བསྐྱེད་རིམ་ཡིན་ཀྱང་དེ་བསྒོམ་པའི་སྔོན་དུ་བླ་སློབ་གཉིས་ཀས་འཆད་ཉན་ངེས་པར་དུ་བྱ་དགོས་པའི་དོན་གནད་གཙོ་བོ་བདུན་ཡོད།
1 རྒྱས་འགྲེལ།

ནང་པ་སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ལ་རྒྱུད་སྡེ་བཞི(1.བྱ་རྒྱུད། 2.སྤྱོད་རྒྱུད། 3.རྣལ་འབྱོར་རྒྱུད། 4.བླ་མེད་རྒྱུད)ཡོད་པའི་བླ་མེད་ཀྱི་རྒྱུད་མ་གཏོགས་རྒྱུད་སྡེ་གཞན་གསུམ་ལ་བསྐྱེད་རིམ་མེད་ཅིང༌། བླ་མེད་རྒྱུད་ཀྱི་ཡི་དམ་གང་ཞིག་གི་བསྐྱེད་རིམ་ཡིན་ཀྱང་དེ་བསྒོམ་པའི་སྔོན་དུ་བླ་སློབ་གཉིས་ཀས་འཆད་ཉན་ངེས་པར་དུ་བྱ་དགོས་པའི་དོན་གནད་གཙོ་བོ་བདུན་ཡོད། 1.བསྐྱེད་རིམ་སོ་སོའི་སྦྱང་གཞི་གང་ཡིན་པ། 2.རྫོགས་རིམ་གང་ཞིག་གི་སྨིན་བྱེད་དུ་འགྲོ་བ། 3.མཐར་ཐུག་གི་འབྲས་བུ་གང་ཡིན་པ། 4.བསྐྱེད་རིམ་དེ་དང་དེ་བསྒོམ་པའི་དགོས་པ་གང་ཡིན་པ། 5.བསྐྱེད་རིམ་གྱི་ངོ་བོ་གང་ཡིན་པ། 6.བསྐྱེད་རིམ་མཐར་ཕྱིན་པའི་ཚད་གང་ཡིན་པ་བཅས་ངེས་པར་ཤེས་དགོས་པའི་གནད་དོན་གྱི་གཙོ་བོ་དྲུག་ཡིན། ཞིབ་པར་ཡི་དམ་སོ་སོའི་བསྐྱེད་རིམ་གྱི་ཁྲིད་ཡིག་རྒྱས་པ་རྣམས་ལ་གཟིགས་ན་གསལ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-01

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།