བོད་ཡིག་རྡོ་རིང་ཞིབ་འཇུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཡིག་རྡོ་རིང་ཞིབ་འཇུག
བོད་ཡིག་རྡོ་རིང་ཞིབ་འཇུག་ཅེས་པའི་དཔེ་དེབ་འདི་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཆབ་འགག་རྟ་མགྲིན་ལགས་ནས་ལོ་མང་རིང་དཀའ་བ་དུ་མ་ཁྱད་གསོད་ཀྱིས་ལོ་རྒྱུས་དུས་སྐབས་སོ་སོའི་རིང་གི་རྡོ་རིང་ཡི་གེ་རྣམས་འཚོལ་སྡུད་དག་སྒྲིག་དང་ལོ་ཙཱ་བྱས་ཐོག རྡོ་རིང་ཡི་གེ་དང་བྲག་བརྐོས་ཡི་གེ་དེ་དག་སྤྱི་ལ་ཁྱབ་པའི་ཁྱད་ཆོས་ལ་ཞིབ་འཇུག་བྱས་ནས། ཕྱོགས་སྡོམ་རང་བཞིན་གྱི་ལྟ་བ་གསར་པ་མང་དུ་འཁོད་པའི་ཆེད་རྩོམ་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《藏文碑文研究》
རྩོམ་པ་པོ།
ཆབ་འགག་རྟ་མགྲིན།
དཔེ་སྐྲུན་ཁང་།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2012ལོའི་ཟླ4པ།
1 ངོ་སྤྲོད།

དཔེ་དེབ་འདིའི་ནང་དུ་དྲངས་པའི་རྡོ་རིང་ཡི་གེ་ཕལ་ཆེ་བ་ནི་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན། ཧོ་པའེ། ལིའོ་ཉིང་། ཧྲན་ཞི་སོགས་རང་སྐྱོང་ལྗོངས་དང་ཞིང་ཆེན་དུ་མ་དང་། པེ་ཅིང་གྲོང་ཁྱེར་དང་ཁྲིན་ཏེ་གྲོང་ཁྱེར་བཅས་ནས་བོད་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་དང་བྲག་བརྐོས་ཡི་གེ་ཁག་ཉི་ཤུ་རྩ་དྲུག་དང་། བོད་སིལ་བུའི་དུས་ཀྱི་རྡོ་རིང་ཡི་གེ་ཁག་དྲུག མིང་རྒྱལ་རབས་དུས་ཀྱི་རྡོ་རིང་ཡི་གེ་ཁག་བཅུ་གཅིག ཆིང་རྒྱལ་རབས་དུས་སྐབས་ཀྱི་རྡོ་རིང་ཡི་གེ་ཁག་ལྔ་བཅུ་ང་བཞི། ཀྲུང་ཧྭ་མིན་གོའི་དུས་སྐབས་ཀྱི་རྡོ་རིང་ཡི་གེ་ཁག་ལྔ་སྟེ། ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་བཙན་པོའམ་གོང་མའི་སྲིད་གཞུང་དང་དགོན་སྡེ་སོ་སོའི་ངོས་ནས་མཛད་པའི་གཞུང་ཡིག་ཡིན་ཞིང་ཕྱི་རབས་པའི་བཅོས་སླད་མ་འདྲེས་པས། ལོ་རྒྱུས་ཀྱི་རིན་ཐང་དང་ཡིག་ཚགས་ཀྱི་རིན་ཐང་། རིག་རྫས་ཀྱི་རིན་ཐང་ཆེན་པོ་ལྡན་ཞིང་། བོད་ཀྱི་བརྡ་རྙིང་ཡིག་ཆ་དང་ལོ་རྒྱུས། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས། དུས་སྐབས་སོ་སོའི་བཙན་པོའམ་གོང་མ་དང་ནང་བསྟན་ཆོས་ལུགས་བར་གྱི་འབྲེལ་བ། རྒྱ་བོད་ལོ་ཙཱ་སོགས་ལ་ཞིབ་འཇུག་བྱེད་པའི་ཡིག་ཚགས་རིན་ཐང་བྲལ་བ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་དཀའ་གནད་ཐག་གཅོད་པའི་ཁུངས་ལུང་ཚད་མ་ཡིན་པར་མ་ཟད། དེ་དག་གི་དཔྱད་བརྗོད་ལའང་ཚན་རིག་དང་མཐུན་པའི་ལྟ་བ་མང་དུ་ཡོད་གཤིས། བོད་ཡིག་གི་རྡོ་རིང་དང་བརྡ་རྙིང་ཡིག་ཆར་ངེས་ཤེས་རྣམ་དག་འདྲོང་བ་དང་། དུས་སྐབས་སོ་སོའི་བཙན་པོའམ་གོང་མའི་སྲིད་གཞུང་དང་བོད་བརྒྱུད་ནང་བསྟན་བར་གྱི་འབྲེལ་བར་རྒྱུས་ལོན་བྱེད་པར་ཕན་ཞིང་། ཏང་གི་མི་རིགས་ཆོས་ལུགས་སྐོར་གྱི་སྲིད་ཇུས་གཏན་ལ་འབེབ་པར་དངོས་ཡོད་ཀྱི་དོན་སྙིང་ངེས་ཅན་ཞིག་ཡོད་པ་རེད།

2 དཀར་ཆག

ལེའུ་དང་པོ། བོད་བཙན་པོའི་དུས་ཀྱི་རྡོ་རིང་།

དང་པོ། རྡོ་རིང་ངོ་སྤྲོད།

གཉིས་པ། རྡོ་རིང་གི་དཔྱད་པ།

ལེའུ་གཉིས་པ། བོད་སིལ་བུའི་དུས་ཀྱི་རྡོ་རིང་།

དང་པོ། རྡོ་རིང་ངོ་སྤྲོད།

གཉིས་པ། རྡོ་རིང་གི་དཔྱད་པ།

ལེའུ་གསུམ་པ། མིང་རྒྱལ་རབས་དུས་ཀྱི་རྡོ་རིང་།

དང་པོ། རྡོ་རིང་ངོ་སྤྲོད།

གཉིས་པ། རྡོ་རིང་གི་དཔྱད་པ།

ལེའུ་བཞི་པ། ཆིང་རྒྱལ་རབས་དུས་ཀྱི་རྡོ་རིང་།

དང་པོ། རྡོ་རིང་ངོ་སྤྲོད།

གཉིས་པ། རྡོ་རིང་གི་དཔྱད་པ།

མཇུག་སྡུད་པའི་གཏམ།

ཟུར་བཀོད།

མཇུག་བྱང་།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-28

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།