ཆོས་འབྱུང་མཁས་པའི་དགོངས་རྒྱན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆོས་འབྱུང་མཁས་པའི་དགོངས་རྒྱན།
བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་གི་བྱུང་བ་བརྗོད་པ་གཟུར་གནས་མཁས་པའི་དགོངས་རྒྱན་ཞེས་པ་འདི་ནི་ཤར་ཡུལ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་བརྩམས་པའི་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་གི་བྱུང་འཕེལ་གྱི་གནས་ཚུལ་བཀོད་པའི་ཆོས་འབྱུང་དེབ་ཐེར་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《西藏宗教史略》
མཚན་རྒྱས་པ།
བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་གི་བྱུང་བ་བརྗོད་པ་གཟུར་གནས་མཁས་པའི་དགོངས་རྒྱན།
རྩོམ་པ་པོ།
ཤར་ཡུལ་ཕུན་ཚོགས་ཚེ་རིང་།
དཔེ་སྐྲུན་ཁང་།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2012ལོའི་ཟླ4པ།
1 རྩོམ་པ་པོ།

ཤར་ཡུལ་ཕུན་ཚོགས་ཚེ་རིང་ལགས་ནི་སྤྱི་ལོ1936ལོར་སྐུ་འཁྲུངས་པ་དང་དགུང་ལོ་བདུན་ནས་ལྷ་ས་སྦྱར་པ་ཁང་གསར་སློབ་གྲྭར་བོད་ཡིག་དང་རྩིས་གཞུང་ལ་སྦྱངས་པ་མཛད། དེ་ནས་མཁས་དབང་ཚྭ་སྤྲུལ་ངག་དབང་བློ་བཟང་གི་དྲུང་དུ་སུམ་རྟགས་ལ་སྦྱངས་པ་གནང་བ་མ་ཟད་བོད་ལྗོངས་སྨན་རྩིས་ཁང་དུ་དངོས་སུ་ཞུགས་ཏེ་རྩིས་པའི་དགེ་རྒན་ཆེན་མོ་མཁས་དབང་ཡེ་ཤེས་ཆོས་འཕེལ་དང་ཐུབ་བསྟན་རྣམ་རྒྱལ་གཉིས་ཀྱི་དྲུང་དུ་དག་ཡིག་དང་སུམ་རྟགས། སྙན་ངག ལམ་སྒྲོན། བཤེས་སྤྲིངས། རྩིས་གཞུང་། སྨན་གཞུང་སོགས་ལ་སྦྱངས་པ་གང་ལེགས་མཛད། དེ་རྗེས་མཁས་མཆོག་ཟླ་བ་བཟང་པོའི་ཞབས་ལ་གཏུགས་ནས་ཡིག་བཤད་མཁས་པའི་ཁ་རྒྱན་དང་ལེགས་བཤད་སྣང་བ་དམ་པ་སོགས་ཟབ་སྦྱོང་གནང་། སྤྱི་ལོ1956ལོར་ཀྲུང་དབྱང་སྡེ་ཚོགས་སློབ་གྲྭ་ཆེན་མོར་རྒྱའི་སྐད་ཡིག་དང་ཀྲུང་གོ་གསར་བརྗེའི་ལོ་རྒྱུས་སོགས་ལ་སྦྱངས་པ་གནང་། སློབ་གྲྭ་ཐོན་ནས་སྔ་རྗེས་སུ་བོད་སྤྱིའི་སློབ་གྲྭ་དང་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་ཡིག་ཚགས་ལས་ཁུངས་སོགས་ལ་དགེ་རྒན་དང་ཞིབ་འཇུག་གི་ཕྱག་ལས་གནང་།

དེ་རྗེས་དེ་སྔའི་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་སློབ་གྲྭ་ཆེན་མོར་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་དང་མར་ལེ་རིང་ལུགས་སློབ་དཔྱོད་ཁང་གི་ཀྲུའུ་རིན། སློབ་གྲྭའི་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ། ཆབ་སྲིད་ལོ་རྒྱུས་ཚན་པའི་ཀྲུའུ་རིན་སོགས་ཀྱི་འགན་འཁུར་གནང་། དེ་རྗེས་རང་སྐྱོང་ལྗོངས་རྩོམ་བསྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཀྱི་དྲུང་ཡིག་ཆེ་མོ་གཞོན་པ། སྲིད་གྲོས་དོན་གཅོད་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སོགས་ཀྱི་ལས་འགན་བཞེས་མྱོང་བ་དང་རྒྱལ་ཁབ་རིམ་པའི་རིགས་གཅིག་མཁས་དབང་གི་མཚན་སྙན་ཐོབ་ཡོད་པ་རེད། ད་ལྟ་བོད་ལྗོངས་ནང་བསྟན་དུས་དེབ་ཀྱི་གཙོ་འགན་རྩོམ་སྒྲིག་པ་དང་བོད་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཧྲུའོ་ཧྲེ་ཞིབ་འཇུག་སློབ་མའི་སློབ་སྟོན་པ་སོགས་ཀྱི་འགན་འཁུརགནང་བཞིན་ཡོད་པ་རེད།

ཁོང་གི་སྔ་རྗེས་སུ《དེབ་ཐེར་ཀུན་གསལ་མེ་ལོང》དང《བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག》《རྭ་སྟག་དོན་རྐྱེན་དང་དེའི་ངོ་བོའི་སྐོར》《ཐང་རྒྱལ་རབས་ཀྱི་སྙན་ཚིག་སུམ་བརྒྱ》《བོད་ཀྱི་བོན་དགོན་ཁག་གི་ལོ་རྒྱུས་དང་ད་ལྟའི་གནས་བབ》བཅས་དེབ་ལྔ་རྩོམ་བསྒྱུར་འགྲེམས་སྤེལ་གནང་བ་དང་། 《བོད་ཀྱི་གནད་བསྡུས》﹙རྒྱ་ཡིག﹚དང《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ཞེས་པ་སོགས་མཉམ་རྩོམ་དཔར་སྐྲུན་གནང་ཞིང་། དེ་བཞིན《ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག་གི་ཁ་འབྲལ་དང་ཁ་འབྲལ་ལ་ངོ་རྒོལ་སྐོར་གླེང་བ》《བོན་གྱི་བསྟན་པ་འཕེལ་གྲིབ་ཇི་ལྟར་བྱུང་བའི་སྐོར་མདོ་ཙམ་གླེང་བ》《བོད་ཡིག་གི་ཐོག་མའི་འབྱུང་ཁུངས་སྐོར་གླེང་བ》《བོན་ཞེས་པའི་ཐ་སྙད་དེའི་གོ་དོན་སྐོར་གླེང་བ》《སྟག་གཟིག་ཅེས་པའི་ཐ་སྙད་འདིའི་གོ་དོན་སྐོར་གླེང་བ》《བོད་ཅེས་པའི་མིང་གི་ཐོབ་ཚུལ་སྐོར་གླེང་བ》《བོད་ཀྱི་གནའ་སྲོལ་བཟང་པོ་ཁ་བཏགས་ཀྱི་སྐོར་རགས་ཙམ་གླེང་བ》《ལྷ་སའི་དར་པོ་ཆེ་བཞིའི་ངོ་སྤྲོད་མདོར་བསྡུས》ཞེས་པ་ལ་སོགས་པའི་དཔྱད་རྩོམ་མང་དག་ཅིག་སྤེལ་གནང་བར་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གདེང་འཇོག་བཟང་པོ་ཐོབ་པ་བཅས་སོ། །

2 ངོ་སྤྲོད།

དཔེ་དེབ་འདིའི་ནང་དུ་འགྲོ་བ་མིའི་རིགས་ཇི་ལྟར་དར་བ་དང་བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་སྐོར། ཡ་ཐོག་བོན་གྱི་སྟོན་པའི་གདུང་བརྒྱུད་དང་སྟོན་པ་གཤེན་རབ་མི་བོ་ཆེས་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་གཏོད་པའི་སྐོར། གཡུང་དྲུང་བོན་གྱི་བསྟན་པ་བོད་རུ་བཞིར་འཕེལ་འགྲིབ་ཇི་ལྟར་བྱུང་བའི་སྐོར། རྒྱལ་ཕྲན་སིལ་མའི་དུས་སྐབས་སུ་སངས་རྒྱས་བསྟན་པའི་མེ་རོ་བསླངས་པ་དང་ཨ་ཏི་ཤ་སོགས་ལོ་པཎ་མང་པོ་བོད་གདན་དྲངས་ཏེ་བསྟན་པ་ཕྱི་དར་ཇི་ལྟར་སྤེལ་བའི་སྐོར། བོད་སིལ་བའི་དུས་ནས་བཟུང་གཡུང་དྲུང་བོན་གྱི་བསྟན་པ་ཇི་ལྟར་གནས་པའི་སྐོར། རྙིང་མ་བའི་གྲུབ་མཐའི་སྐོར། བཀའ་གདམས་པའི་གྲུབ་མཐའི་སྐོར། བཀའ་བརྒྱུད་པའི་གྲུབ་མཐའི་སྐོར། ཞི་བྱེད་པའི་གྲུབ་མཐའ་བྱུང་ཚུལ་དང་དེའི་བྱེ་བྲག་གཅོད་ལུགས་ཀྱི་ཆོས་བརྒྱུད་བྱུང་ཚུལ་སྐོར། ས་སྐྱ་བའི་གྲུབ་མཐའི་སྐོར། ཇོ་ནང་བའི་གྲུབ་མཐའི་སྐོར། དགེ་ལུགས་པའི་གྲུབ་མཐའི་སྐོར་བཅས་ལེའུ་བཅུ་གཉིས་སུ་བགོས་ནས་བོད་དུ་བྱུང་བའི་སྔ་རབས་ཀྱི་བོན་ཆོས་དང་། ཕྱིས་ནས་དར་བའི་ནང་བའི་ཆོས་ལུགས། ལྷག་པར་དུ་ནང་བའི་ཆོས་ལུགས་ལས་རྙིང་མ་བ་དང་། བཀའ་བརྒྱུད་པ། བཀའ་གདམས་པ། ས་སྐྱ་བ། ཇོ་ནང་བ། ཞི་བྱེད་པ་སོགས་གྲུབ་མཐའ་རྣམས་ཀྱི་བྱུང་འཕེལ་དང་། དགོན་སྡེ་གཙོ་བོ་དག་དང་མཁས་པའི་དབང་བོ་དག་གི་མཛད་རྣམ་སོགས་གསལ་བར་བྲིས་ཡོད་པའི་ཆོས་འབྱུང་ཞིག་ཡིན།

3 དཀར་ཆག

ལེའུ་དང་པོ། འགྲོ་བ་མིའི་རིགས་ཇི་ལྟར་དར་བ་དང་བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་སྐོར།

དང་པོ། འགྲོ་བ་མིའི་རིགས་ཇི་ལྟར་དར་བའི་སྐོར།

གཉིས་པ། བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་སྐོར།

ལེའུ་གཉིས་པ། ཡ་ཐོག་བོན་གྱི་སྟོན་པའི་གདུང་བརྒྱུད་དང་སྟོན་པ་གཤེན་རབ་མི་བོ་ཆེས་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་གཏོད་པའི་སྐོར།

དང་པོ། ཡ་ཐོག་བོན་གྱི་སྟོན་པ་རྣམས་ཀྱི་གདུང་བརྒྱུད་དང་། བོན་ཞེས་པའི་གོ་དོན་སྐོར།

གཉིས་པ། སྟོན་པ་གཤེན་རབ་ཀྱི་འཁྲུངས་རབས་དང་བོན་གྱི་གཞུང་དང་ལྟ་བའི་སྐོར།

གསུམ་པ། སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་རྟག་གཟིགས་འོལ་མོ་ལུང་རིངས་དང་སྟག་གཟིག་ཅེས་པའི་སྐོར།

བཞི་བ། བོན་གྱི་བསྟན་པའི་འབྱུང་གནས་ཞང་ཞུང་གི་སྐོར།

ལེའུ་གསུམ་པ། གཡུང་དྲུང་བོན་གྱི་བསྟན་པ་བོད་རུ་བཞིར་འཕེལ་འགྲིབ་ཇི་ལྟར་བྱུང་བའི་སྐོར།

དང་པོ། གཉའ་ཁྲི་བཙན་པོ་བྱོན་ཚུལ་དང་བོད་ཀྱི་ཡུལ་དབུས་སུ་བོན་གྱི་བསྟན་པ་ཇི་ལྟར་དར་བའི་སྐོར།

གཉིས་པ། དམུ་ཁྲི་བཙན་པོ་སོགས་གནམ་གྱི་ཁྲི་དྲུག་གི་སྐུ་དུས་སུ་བོན་གྱི་བསྟན་པ་ཇི་ལྟར་དར་བའི་སྐོར།

གསུམ་པ། གྲི་གུམ་བཙན་པོའི་སྐུ་དུས་སུ་གཡུང་དྲུང་བོན་གྱི་བསྟན་པ་ཇི་ལྟར་ནུབ་པའི་སྐོར།

བཞི་བ། སྤུ་ལྡེ་གུང་རྒྱལ་དང་ས་ཡི་ལེགས་དྲུག ཆུ་ཡི་ལྡེ་བརྒྱད་ཀྱི་སྐུ་དུས་སུ་བོན་གྱི་བསྟན་པ་ཇི་ལྟར་སྤེལ་བའི་སྐོར།

ལྔ་བ། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་དུས་སུ་ཁ་བ་ཅན་གྱི་ཡུལ་དུ་སངས་རྒྱས་བསྟན་པ་དབུ་བརྙེས་པ་དང་གཤེན་བོན་གྱི་དབང་བསྒྱུར་ལ་གཡོ་འགུལ་ཐེབས་འགོ་ཚུགས་པའི་སྐོར།

དྲུག་པ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་དུ་སངས་རྒྱས་བསྟན་པའི་སྲོལ་བཏོད་པ་དང་གཤེན་བོན་གྱི་དབང་བསྒྱུར་ལ་རྩ་བའི་ཆ་ནས་གཡོ་འགུལ་ཐེབས་པའི་སྐོར།

བདུན་པ། བཙན་པོ་གུང་རི་གུང་བཙན་སོགས་ཀྱི་སྐུ་དུས་སུ་བོན་གྱི་བསྟན་པ་ཇི་ལྟར་གནས་པ་དང་སླར་ཡང་བན་བོན་དབར་གྱི་འགལ་བ་ཤུགས་ཆེར་སོང་བའི་སྐོར།

བརྒྱད་པ། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་བོན་བསྣུབས་ཏེ་སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་སྤེལ་བའི་སྐོར།

དགུ་བ། ལྷ་སྲས་མུ་ནེ་བཙན་པོ་སོགས་ཀྱི་དུས་སྐབས་སུ་སངས་རྒྱས་བསྟན་པ་ཇི་ལྟར་སྤེལ་བའི་སྐོར།

བཅུ་བ། ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱི་སྐུ་དུས་སུ་སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་སྤེལ་བའི་སྐོར།

བཅུ་གཅིག་པ། ཁྲི་དར་མ་འུ་དུམ་བཙན་སྲིད་ཁྲིར་འཁོད་པ་དང་སངས་རྒྱས་བསྟན་པ་བསྣུབས་པའི་སྐོར།

ལེའུ་བཞི་བ། རྒྱལ་ཕྲན་སིལ་མའི་དུས་སྐབས་སུ་སངས་རྒྱས་བསྟན་པའི་མེ་རོ་བསླངས་པ་དང་ཨ་ཏི་ཤ་སོགས་ལོ་པཎ་མང་པོ་བོད་གདན་དྲངས་ཏེ་བསྟན་པ་ཕྱི་དར་ཇི་ལྟར་སྤེལ་བའི་སྐོར།

དང་པོ། ལྷ་སྲས་འོད་བསྲུངས་དང་ཡུམ་བརྟན་བར་ནང་ཁུལ་མི་མཐུན་པ་དང་འབངས་གྱེན་ལོག་ལངས་པའི་སྐོར།

གཉིས་པ། སངས་རྒྱས་བསྟན་པའི་མེ་རོ་བསླངས་པའི་སྐོར།

གསུམ་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་ལོ་པཎ་མང་པོ་བོད་དུ་གདན་དྲངས་ནས་སངས་རྒྱས་བསྟན་པ་རྒྱ་ཆེར་སྤེལ་བའི་སྐོར།

ལེའུ་ལྔ་བ། བོད་སིལ་བའི་དུས་ནས་བཟུང་གཡུང་དྲུང་བོན་གྱི་བསྟན་པ་ཇི་ལྟར་གནས་པའི་སྐོར།

དང་པོ། རྒྱལ་རིགས་བྲུ་ཡི་བརྒྱུད་པ་དང་དགོན་གནས་སྐོར།

གཉིས་པ། དམུ་རིགས་གཤེན་གྱི་བརྒྱུད་པ་དང་དགོན་གནས་གཙོ་བོའི་སྐོར།

གསུམ་པ། དབང་ལྡན་ཞུ་ཡི་གདུང་བརྒྱུད་དང་དགོན་གནས་གཙོ་བོའི་སྐོར།

བཞི་བ། གྲུབ་ཐོབ་སྤ་ཡི་གདུང་རབས་དང་དགོན་གནས་གཙོ་བོའི་སྐོར།

ལྔ་བ། མཁས་པ་རྨེའུ་ཚང་གི་གདུང་རབས་དང་དགོན་གནས་གཙོ་བོའི་སྐོར།

དྲུག་པ། དམ་པ་ཁྱུང་གི་གདུང་རབས་དང་དགོན་གནས་གཙོ་བོའི་སྐོར།

ལེའུ་དྲུག་པ།  རྙིང་མ་བའི་གྲུབ་མཐའི་སྐོར།

དང་པོ། རྙིང་མ་བའི་མིང་གི་གོ་དོན་དང་གསང་སྔགས་གསར་རྙིང་དབར་དབྱེ་བ་ཇི་ལྟར་དབྱ་དགོས་པའི་སྐོར།

གཉིས་པ། རྙིང་མའི་གྲུབ་མཐའ་ཇི་ལྟར་བྱུང་བའི་སྐོར།

གསུམ་པ། རྙིང་མ་བའི་བརྒྱུད་རིམ་གྱི་སྐོར།

བཞི་བ། རྙིང་མ་བའི་གྲུབ་མཐའི་འདོད་ཚུལ་སྐོར།

ལེའུ་བདུན་པ། བཀའ་གདམས་པའི་གྲུབ་མཐའི་སྐོར།

དང་པོ། བཀའ་གདམས་ཞེས་པའི་མིང་ཐོབ་ཚུལ་སྐོར།

གཉིས་པ། ཇོ་བོ་རྗེའི་བཀའ་དྲིན་ལས་བཀའ་གདམས་པའི་བསྟན་པ་དབུ་བརྙེས་པ་དང་འབྲོམ་སྟོན་པས་བཀའ་གདམས་པའི་སྲོལ་བཏོད་པའི་སྐོར།

གསུམ་པ། བཀའ་གདམས་པ་སྐུ་མཆེད་གསུམ་གྱིས་བསྟན་པ་རྒྱས་པར་སྤེལ་བའི་སྐོར།

བཞི་བ། གླང་ཤར་གཉིས་དང་བྱ་ཡུལ་བ་སོགས་ཀྱིས་བསྟན་པ་དེ་བས་རྒྱས་པར་སྤེལ་བའི་སྐོར།

ལྔ་བ། བཀའ་གདམས་པའི་བསྟན་པའི་སྤྱི་བབ་བཤད་པའི་སྐོར།

ལེའུ་བརྒྱད་པ། བཀའ་བརྒྱུད་པའི་གྲུབ་མཐའི་སྐོར།

དང་པོ། བཀའ་བརྒྱུད་ཅེས་པའི་མིང་གི་ཐོབ་ཚུལ་སྐོར།

གཉིས་པ། བཀའ་བརྒྱུད་པའི་སྤྱིའི་བྱུང་ཚུལ་སྐོར།

གསུམ་པ། བཀའ་བརྒྱུད་པའི་ནང་གསེས་ཁག་སོ་སོར་བསྟན་པའི་སྐོར།

བཞི་བ། བཀའ་བརྒྱུད་པའི་ལྟ་སྒོམ་རྣམ་བཞག་སྐོར།

ལེའུ་དགུ་བ། ཞི་བྱེད་པའི་གྲུབ་མཐའ་བྱུང་ཚུལ་དང་དེའི་བྱེ་བྲག་གཅོད་ལུགས་ཀྱི་ཆོས་བརྒྱུད་བྱུང་ཚུལ་སྐོར།

དང་པོ། ཞི་བྱེད་པའི་གྲུབ་མཐའ་བྱུང་ཚུལ་སྐོར།

གཉིས་པ། ཞི་བྱེད་པའི་ཡ་གྱལ་གཅོད་ལུགས་པའི་ཆོས་བརྒྱུད་ཇི་ལྟར་དར་བའི་སྐོར།

ལེའུ་བཅུ་བ། ས་སྐྱ་བའི་གྲུབ་མཐའི་སྐོར།

དང་པོ། ས་སྐྱ་བའི་གྲུབ་མཐའི་མིང་ཇི་ལྟར་ཐོབ་པའི་སྐོར།

གཉིས་པ། ས་སྐྱ་བའི་གྲུབ་མཐའ་ཇི་ལྟར་དར་བའི་སྐོར།

གསུམ་པ། ས་སྐྱའི་གྲུབ་མཐའི་སྲོལ་གཏོད་པ་འཁོན་དཀོན་མཆོག་རྒྱལ་པོ་དང་ས་སྐྱ་གོང་མ་རྣམ་ལྔའི་སྐོར།

བཞི་བ། ས་སྐྱ་བའི་ཆོས་ཀྱི་གཙོ་བོ་ལམ་འབྲས་བོད་ཀྱི་ཡུལ་དུ་ཇི་ལྟར་དར་བའི་སྐོར།

ལྔ་བ། ས་སྐྱ་བའི་ལྟ་བའི་བཞེད་སྲོལ་སྐོར།

ལེའུ་བཅུ་གཅིག་པ། ཇོ་ནང་བའི་གྲུབ་མཐའི་སྐོར།

དང་པོ། ཇོ་ནང་བའི་གྲུབ་མཐའི་མིང་ཇི་ལྟར་ཐོབ་པའི་སྐོར།

གཉིས་པ། གྲུབ་བརྒྱུད་འདི་ཐོག་མར་ཇི་ལྟར་དར་བའི་སྐོར།

གསུམ་པ། ཇོ་ནང་བའི་ཆོས་བརྒྱུད་ལྟ་བ་སོགས་སྐོར།

ལེའུ་བཅུ་གཉིས་པ། དགེ་ལུགས་པའི་གྲུབ་མཐའི་སྐོར།

དང་པོ། དགེ་ལུགས་པའི་གྲུབ་མཐའི་མིང་ཐོབ་ཚུལ་སྐོར།

གཉིས་པ། མཉམ་མེད་ཙོང་ཁ་བ་ཆེན་པོ་བྱོན་ཚུལ་དང་དགེ་ལུགས་པའི་སྲོལ་ཇི་ལྟར་གཏོད་པའི་སྐོར།

གསུམ་པ། རྗེ་ཙོང་ཁ་བའི་རིང་ལུགས་འཛིན་་པ་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པ་རྒྱས་པར་སྤེལ་བའི་སྐོར།

བཞི་བ། ༧གོང་ས་ལྔ་བ་ཆེན་པོས་ཞྭ་སེར་བསྟན་པའི་རིང་ལུགས་དར་ཞིང་རྒྱས་པར་སྤེལ་བའི་ཐུན་མོང་མ་ཡིན་པའི་མཛད་རྗེས་སྐོར།

ལྔ་བ། རི་བོ་དགེ་ལྡན་པའི་གྲུབ་མཐའི་རྣམ་བཞག་སྐོར།

ཞར་བྱུང་རེའུ་མིག་ཁག

དང་པོ། དམུ་ཁྲི་བཙན་པོའི་སྐུ་དུས་ཀྱི་བོན་གྱི་འདུ་གནས་ཆེན་པོ་སོ་བདུན་གྱི་རེའུ་མིག

གཉིས་པ། བོད་ཀྱི་དགོན་གནས་གཙོ་བོ་ཁག་གི་ལོ་ཁམས་རེའུ་མིག

གསུམ་པ། ད་ཡོད་བོན་དགོན་ཁག་གི་རེའུ་མིག

བཞི་བ། གྲུབ་མཐའ་ཁག་གི་སྲོལ་གཏོད་པ་དང་སློབ་བརྒྱུད་འཛིན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ལོ་ཚིགས་རེའུ་མིག

ཆོས་འབྱུང་འདིའི་དཔྱད་གཞིའི་ཡིག་རིགས་གཙོ་བོ་ཁག

དང་པོ། བོད་ཡིག་གི་དཔྱད་གཞིའི་ཡིག་རིགས་གཙོ་བོ་ཁག

གཉིས་པ། རྒྱ་ཡིག་གི་དཔྱད་གཞིའི་ཡིག་རིགས་གཙོ་བོ་ཁག

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-28

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།